中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྨ་ཆུ་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྔར་ལས་སྲ་བརྟན་དུ་གཏོང་བཞིན་ཡོད་པ།
དུས་ཚོད།2020-04-29 11:08:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 \
ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བ་དང་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་མཇུག་བསྡུ་བ། ལོ་བརྒྱའི་དམིགས་འབེན་དང་པོ་མངོན་འགྱུར་བྱུང་བའི་ལོ་ཡིན་པས། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་བཀོད་སྒྲིག་དང་འཆར་འགོད་གཅིག་གྱུར་བྱས་ཏེ། བྱ་བའི་གཙོ་གནད་འབུར་ཐོན་དང་སྲིད་ཇུས་དངོས་འབེབ་ལ་ནོར་འཕྱུག་མི་འབྱུང་བ་དང་། དབུལ་ཐར་མཁྲེགས་གཏོར་མཇུག་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། ཉེ་བའི་རིང་གི་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཆེད་དམིགས་སྐོར་ཞིབ་ཚོགས་པའི་བསམ་འཆར་དག་ཐེར་ལེགས་བཅོས་གཞིར་བཟུང་ནས་ཆད་པ་ཁ་སྐོང་དང་ནོར་བ་དག་བཅོས། ལྟོ་རྒྱབ་གཉིས་ལ་སེམས་ཁུར་མི་དགོས་པའི་སྒོ་ནས་མང་ཚོགས་དབུལ་ཐར་གྱི་ལམ་དུ་གོམ་པ་བརྟན་པོ་སྤོས་བ་དང་། ལག་རྩལ་གསོ་སྐྱོང་སྦྱོང་བརྡར་ནན་མོ་བྱས་ཏེ། ལས་ཞུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་རྒྱུན་མཐུད་ཐད་སྔར་ལས་ཤུགས་བསྣན།
\
     ཉེ་ལམ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་རྩ་འཛུགས་པུའུ་ཡི་ཏང་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གྲོས་ཚོགས་ཀྱི་དགོངས་དོན་ལྟར། རྨ་ཆུ་རྫོང་གི་རྫོང་ཤང་ལས་བྱེད་པས་ཏང་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གཅིག་བསྡུས་གསོ་སྦྱོང་འཛིན་གྲྭ་བསྡུས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་འགོ་ཁྲིད་དང་གཞི་རིམ་ཤང་གྲོང་ཏང་སྲིད་སྡེ་ཁག་གི་འགན་འཛིན་པ། སྡེ་བའི་ལས་བྱེད་པ། སྡེ་སྡོད་ཧྲུའུ་ཅི་དང་པོ་སོགས་མི༤༠༠ལྷག་གསོ་སྦྱོང་ལ་ཞུགས་ཤིང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་འཆད་ཁྲིད་གཞི་རིམ་དུ་སྐྱེལ་བའི་ཐབས་ལམ་ཐད་ཁུལ་ཨུའི་རྩ་འཛུགས་པུའུ་ཡི་མཛུབ་ཁྲིད་འོག ཁུལ་ཨུའི་ཏང་གི་སློབ་གྲྭའི་གཞུང་ལུགས་ལག་ལེན་ལ་བྱང་ཆ་ལྡན་པའི་ཆེད་ལས་དགེ་རྒན་གསུམ་གྱིས་རྫོང་ཨུའི་གཅིག་བསྡུས་གསོ་སྦྱོང་ཡུལ་དངོས་ཐད་ཀར་དུ་རྨ་ཆུ་རྫོང་གི་གཞི་རིམ་ཤང་གྲོང་སོ་སོར་ལོང་ཀྲིན་ཏེན་དྲ་ལམ་འཆད་ཁྲིད་དོ་དམ་མ་ལག་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀན་སུའུ་རུ་གཟིགས་ཞིབ་སྐབས་ཀྱི་གསུངས་བཤད་གལ་ཆེན་དང་ཕྱོགས་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ། དབུལ་ཐར་མཁྲེགས་གཏོར་གྱི་འབྲེལ་ཡོད་སྲིད་ཇུས་གསལ་བཤད། གཞི་རིམ་ཏང་སྐྱོང་དམ་འཛིན་གྱིས་དབུལ་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཐབས་ཤེས་སོགས་ཆེད་དོན་གཅིག་བསྡུས་ཀྱིས་འཆད་ཁྲིད་བྱས།
    གཞན་ཡང་རྨ་ཆུ་རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་ཨུའི་ཏང་གི་སློབ་གྲྭ། རྫོང་དབུལ་སྐྱོར་གཞུང་ལས་ཁང་སོགས་ཀྱིས་ཤང་གྲོང་གསུམ་གྱི་ཏང་ཨུའི་ཧྲུའི་ཅི་གཞོན་པ་དང་རྩ་འཛུགས་པ། ཏང་དོན་བྱ་བྱེད་པ། དབུལ་ཐར་ཁག་བགོས་འགན་ལེན་པ། སྡེ་བའི་འགན་ལེན་ལས་བྱེད་པ། དབུལ་སྐྱོར་མི་སྣ་སོགས་མི༡༠༠ལྷག་ལ་གཞི་རིམ་ལས་བྱེད་པས་ཏང་སྐྱོང་དམ་འཛིན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་གཅིག་བསྡུས་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས་དབུལ་ཐར་སྲིད་ཇུས་དང་དམངས་དོན་ལེགས་བཅོས། དམངས་ཕན་སྲིད་ཇུས། གནད་དོན་དག་ཐེར་སོགས་ཀྱི་ཐབས་ཤེས་མཛུབ་སྟོན་བྱས་པ་དང་། རེ་རེ་བཞིན་ཁ་གསལ་གྱིས་འཆད་ཁྲིད་བྱས་པས་དབུལ་ཐར་མཁྲེགས་གཏོར་བྱ་བར་སྔར་ལས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཐོབ་ཡོད།།
(མཚོ་བྱུང་ལྷ་མོས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།