中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ཚོགས་པ།
དུས་ཚོད།2020-05-15 16:24:53     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 13ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པའི་ཁུལ་སྒྲིག་ཨུའི་ཨུ་ཡོན 22ཡོད་པ་དང་མི 191ཟུར་ཞུགས་བྱས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུའི་ལྟ་སྐུལ་ཞིབ་བཤེར་ཁང་གཉིས་པའི་ཀྲུའུ་རེན་གཞོན་པ་ཅིང་གོ་ཁྲིན་གྱིས་གྲོས་ཚོགས་ལ་མཛུབ་སྟོན་བྱས།
    ཁུལ་གྱི་འགོ་ཁྲིད་པ་ཨན་ཅིན་ལུང་དང་ཀྲའོ་ལིན་ཡུན། བཀྲ་ཤིས་འཚོ། ཧོ་མོའུ་པའོ་སོགས་གྲོས་ཚོགས་སུ་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཨུའི་ཧྲུའུ་ཅིའམ་ཁུལ་ལྟ་ཞིབ་ཨུའི་ཀྲུའུ་རེན་ཚབ་མ་མ་ཡིའུ་ཞིན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་སྙན་ཞུ་ཕུལ།
    མ་ཡིའུ་ཞིན་གྱིས་ཁུལ་སྒྲིག་ཨུའི་རྒྱུན་ཨུ་ཁང་གི་ཚབ་བྱས་ནསཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་འགན་འཁྲི་ནན་གྱིས་བསྒྲུབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོར་རྒྱལ་ཁ་ལེན་པར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོསཞེས་པའི་བྱ་བའི་སྙན་ཞུ་ཕུལ།
    ཡུས་ཁྲིན་ཧུའེ་ཡིས་ཆབ་སྲིད་ལྟ་སྐུལ་ལ་ཤུགས་བསྣན་ནས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་དང་ཁོར་ཡུག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོང་། ནག་སེལ་གཤེད་བཅོམ་སོགས་ཀྱི་གཙོ་གནད་བྱ་བར་དམ་པོར་དམིགས་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་དང་དབུལ་ཐར་མཁྲེགས་གཏོར་ལ་སྲུང་སྐྱོབ་བྱེད་པ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་དམ་པོར་དམིགས་ནས། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་ནན་མོ་བྱེད་པ་དང་། ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་གི་དམངས་ཕན་སྲིད་ཇུས་སོ་སོ་དོན་ཐོག་ཏུ་འཁྱོལ་བ་བྱ་དགོས། བཅོས་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟ་སྐུལ་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས། སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་སྲོལ་བཅོས་སྒྱུར་གྱི་ལས་འགན་ལ་སྐུལ་འདེད་དང་དོན་འཁྱོལ་བྱེད་པ་དང་། ལྟ་སྐུལ་གྱི་གཟབ་ནན་རང་བཞིན་དང་མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་བཏང་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཐད་སྤྱོད་པ་འགན་སྲུང་བྱ་དགོས་ཞེས་བསྟན།
    མ་ཡིའུ་ཞིན་གྱིས《སྙན་ཞུ》རུ་ད་ལོ་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བས“ཆབ་སྲིད་ཀྱི་ལྟ་སྐུལ་གནད་ཁེལ་ལག་བསྟར་དང‘སྲུང་སྐྱོང་གཉིས’ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། དབང་ཆར་ལྟ་སྐུལ་ནུས་ལྡན་བྱས་ནས་དབང་ཆ་ཡང་དག་སྤྱོད་ཐུབ་པར་འགན་ལེན་བྱེད་པ། འབུར་ཐོན་གྱི་གནད་དོན་གཅིག་བསྡུས་སྒྲིག་བཅོས་བྱས་ཏེ་མང་ཚོགས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། སྤྱོད་ཚུལ་བཅོས་སྒྱུར་བྱེད་ཤུགགས་ཇེ་མགྱོགས་སུ་གཏོང་བ་དང་བྱ་བ་སྒྲུབ་པའི་ཁོར་ཡུག་བཟང་བོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ། སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་པ”བཅས་ཕྱོགས་བདུན་གྱི་ཐད་ནས་སྐུལ་འདེད་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུའི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ། བདེ་སྐྱིད་དང་མཛེས་སྡུག་གི་ཀན་ལྷོ་འཛུགས་སྐྲུན་བྱེད་པ་བཅས་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱ་དགོས་ཞེས་བསྟན།
    གྲོས་ཚོགས་སུ་ཞུགས་མཁན་ལ་ད་དུང་ཁུལ་ཚན་ཁག་ཆེན་པོ་བཞིའི་ས་གནས་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་པ་དང་། ཁུལ་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གི་འགོ་གཙོ། ཁུལ་ལྟ་ཞིབ་ཨུའི་ཨུ་ཡོན། རྫོང་སོ་སོ་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི། རྫོང་སོ་སོའི་རྫོང་དཔོན་དང་གྲོང་ཁྱེར་གྱི་ཧྲི་ཀྲང་། ཁུལ་སྒྲིག་ཨུའི་ཨུ་ཡོན་མ་ཡིན་པའི་རྫོང་སོ་སོ་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བཅས་ཡོད།
    ཁུལ་ལྟ་ཞིབ་ཨུའི་ཆེད་བསྐོས་ལྟ་ཞིབ་པ་གྲོས་ཚོགས་སུ་ཟུར་ཞུགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།