中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས།
དུས་ཚོད།2020-05-20 11:03:22     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 5བའི་ཚེས 13ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོ། ནག་སེལ་གཤེད་བཅོམ་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་དང་རང་སྐྱོང་། ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ། རིག་སྟོབས་ཀྱིས་སྐྱོང་བ་བཅས“སྐྱོང་བ་ལྔ”མཉམ་འདྲེས་རྒྱུན་འཁྱོངས་བྱས་ཏེ། “དྲ་བ་དྲུག”ཚགས་དམ་པོ་དང“ལྟེ་གནས་ཆེན་པོ་གསུམ”འཛུགས་སྐྲུན། “དམ་འཛིན་གཉིས”ལེགས་པར་སྤྱོད་པ། “འདེགས་སྐྱོར་གཅིག”སྟོབས་ཆེར་བཏང་ནས་གྲོང་ཁྱེར། མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཚོད་ལྟ་བྱ་བའི་བྱེད་ཐབས་དག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་ཤུགས་ཆེན་སྒོས་སྐུལ་འདེད། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ་དང་ཞིབ་བཤེར་གཏིང་ཟབ་བྱེད་པ། རྩ་བ་ནས་སློག་པ། བཅོས་སྐྱོང་ནུས་ལྡན་བཅས་ཀྱི་ཐད་ལ་ཤུགས་བསྣན་ཏེ་ཁུངས་སྣེ་གཙང་བཤེར་དང་ཉེས་ཅན་བྲོས་བྱོལ་གཙང་སེལ། གྱོད་གཞི་གཙང་བཤེར། གདུགས་དྲ་གཙང་སེལ། ཡོང་ཁུངས་མི་གཙང་བའི་རྒྱུ་ནོར་མཐིལ་རྟོལ། ལས་རིགས་འབྱུང་ཁུངས་བཅས“གཙང་བཤེར་དྲུག”གི་བྱ་སྤྱོད་སྤེལ་བ། དུས་ཚོད་ཀྱི་མཚམས་ཚིགས་གསལ་བོ་བྱེད་པ་དང་ལས་འགན་གསལ་ཐོ་བཟོ་བ། ལས་འགན་ལས་ཡུན་ལྡོག་སྒྲིག་བཅས་བྱ་དགོས་ཤིང་། བྱ་བའི་འགན་འཁྲི་དོན་འཁྱོལ་དང་བྱ་བ་རེ་རེ་བཞིན་དོན་འཁྱོལ་དམ་འཛིན། བྱ་བ་རེ་རེ་བཞིན་ཞིབ་ཕྲ་དམ་འཛིན། དམིགས་ཡུལ་མ་འགྲུབ་བར་དུ་མཚམས་མི་འཇོག་ལ། རྒྱལ་ཁ་མ་ཐོབ་ན་གཏན་ནས་མཚམས་འཇོག་མི་རུང་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་ཀྱིས་ད་དུང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྒྲིག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་རྣམ་པས《ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྒྲིག་བཅོས་གཞུང་སྒྲུབ་ཁང་གི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྒྲིག་བཅོས་ལས་འགན་གསལ་ཐོ་པར་འགྲེམ་བྱེད་པའི་སྐོར་གྱི་བརྡ་ཐོ》སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱ་བ་བཀོད་སྒྲིག་བྱས། གྲོས་ཚོགས་ཀྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བའི་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་དམ་འཛིན་བྱས་ཏེ། ལངས་ཕྱོགས་བརྟན་ཤོས་དང་བྱ་སྤྱོད་མྱུར་ཤོས། འཕྲལ་ཐག་ཆོད་པའི་བྱེད་ཐབས་བཅས་ལ་བརྟེན་ནས་སྒྲིག་བཅོས་ལེགས་བཅོས་དམ་འཛིན་བཟང་བོ་བྱ་དགོས་ལ། སྒྲིག་བཅོས་ཡོ་བསྲང་ལ་སྐུལ་འདེད་གཏོང་བའི་བླང་བྱ་ཚང་མར་མཐིལ་རྟོགས་དང་སྒྲིག་བཅོས་ཡོ་བསྲང་བྱ་བར་ཕན་འབྲས་ཐོན་པ་བྱ་དགོས། སྒྲིག་བཅོས་ཡོ་བསྲང་གི་བླང་བྱ་གསལ་ཐོ་ཅན་དང་བྱེད་ཐབས་ཅན། ལས་གཞི་ཅན། བྱེ་བྲག་ཅན་བཅས་སུ་འགྱུར་བ་བྱ་དགོས། སྒྲིག་བཅོས་ཡོ་བསྲང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་པ་དང་འགན་འཁྲི་རྩད་གཅོད་ནན་མོ་དང་ཏན་ཏིག་ངང་དམ་འཛིན་བྱ་དགོས། འགན་འཁྲི་ཁྱོན་ཡོངས་ལ་ཁྱབ་པ་དང་དོ་དམ་ཐད་སྟོང་ཆ་མེད་པར་བྱས་ནས་བྱ་བ་རེ་རེ་བཞིན་དོན་འཁྱོལ་ཐུབ་པ་དང་བྱ་བ་ཚང་མར་ལན་ཡོད་པ་བྱ་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་སུ་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས།
    ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། དབྱང་ཞུང་། དབྱང་ཅུན། ཝང་ཧྲང་ཞུའེ། ལུའི་ཀྲེ་ཅུན། ལིའུ་ཡུང་ཀོ་བཅས་གྲོས་ཚོགས་སུ་ཞུགས། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ་དང་། ཁུལ་དཔོན་གཞོན་པ་རིན་ཆེན་དོན་གྲུབ་དང་ཝང་ཅན་ཅུན་འབྲེལ་ཡོད་གྲོས་དོན་གྲོས་བསྡུར་བྱེད་པར་ཟུར་ཞུགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།