中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།འབྲུག་ཆུའི་དར་ཤིང་ལོ་མ་ཇ་ལོར་གྱུར་ཅིང་ཕྱུག་འགྱུར་གྱི་ཐོན་ལས་སྤེལ་བ།
དུས་ཚོད།2020-07-24 16:03:14     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      “ཇ་ལྗང་ལྟ་བུའི་ཕྱིའི་རྣམ་པ་ཡོད་ལ། དྭངས་ཤིང་གཙང་བའི་བྲོ་བ་ལྡན་པ། ཇ་ལྗང་གི་འཚོ་བཅུད་རིན་ཐང་ལས་མཐོ།” འབྲུག་ཆུའི་ཧྭ་རུའེ་ཞིང་ནགས་ཕྱུགས་ཕྱོགས་བསྡུས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ནང་ནས་དར་ཤིང་ལོ་མའི་ཇ་ཞིམ་པོ་ཕོར་གང་འཐུང་ན་བྲོ་བ་ཞིམ་པོ་འདུག ཇ་བཟོའི་འཁོར་ཁང་ནང་ན་བཟོ་བ་ཚོ་གོ་རིམ་ལྡན་པའི་སྒོ་ནས་ལས་ལ་བྲེལ་བཞིན་ཡོད། དར་ཤིང་གི་ལོ་མ་གསར་བ་ལས་རིམ་མང་བོ་བརྒྱུད་མཐར་དྭངས་ཤིང་གཙང་བའི་ཇ་ཞིག་ཏུ་གྱུར།
      “ཁེ་ལས་དེ་འདྲ་ཡོད་པས་ང་ཚོས་གཞི་ནས་ཁྱིམ་དུ་ཞོར་ལས་ལས་ནས་ཡོང་སྒོ་བཙལ་ཐུབ”ཅེས་ཧན་ཅུས་ཆིན་གྱིས་གསར་འགོད་པར་བཤད། མོས་ཀུང་སིའི་ནང་ནས་ལས་ཀ་ལས་ན་ཉིན་རེར་ཡོང་སྒོ་སྒོར 80ལྷག་ཙམ་ཡོད་པ་དང་ལོ་གཅིག་ནང་ཡོང་སྒོ་སྒོར་ཁྲི 3ཙམ་ཡོད་ཅེས་བཤད།
      “ཇ་བཟང་ཐོན་ལས་ནི་ལེགས་ཆ་ཆེ་ཤོས་ལྡན་པའི་ཞིང་ཕན་དམངས་ཕྱུག་གི་དམངས་འཚོའི་ཐོན་ལས་ཤིག་ཡིན་ལ། གནད་ཁེལ་དབུལ་སྐྱོར་དང་ཞིང་སྡེ་དར་རྒྱས་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་བཞིན་ཡོད”ཅེས་ཧྭ་རུའེ་ཞིང་ནགས་ཕྱུགས་ཕྱོགས་བསྡུས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མཉམ་འབྲེལ་ཏང་ཀྲི་པུའུ་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་ཀྲང་ཅན་ཧྭ་ཡིས་ངོ་སྤྲོད་བྱས། འབྲུག་ཆུར་དར་ཤིང་སྡོང་བོ་འཛུགས་པའི་ལོ་རྒྱུས་སྲོལ་རྒྱུན་ཡོད་མོད་འོན་ཀྱང་འཚོ་བཅུད་ཀྱི་རིན་ཐང་ཆེན་པོ་ལྡན་པའི་དར་ཤིང་ལོ་མའི་ཇ་ལོ་དེ 2014ལོ་ནས་འགོ་བཙུགས། ལོ་དྲུག་གི་རིང་ཇ་པེ་ཅིན་དང་ཐེན་ཅིན། ཁྲིན་ཏུའུ། ལན་ཀྲོའུ་སོགས་གྲོང་ཁྱེར་ཆེ་གྲས་སུ་སྤེལ་ཞིང་། འབྲུག་ཆུའི་ཇའི་སྤུས་རྟགས་སུ་གྱུར་ཡོད། ཞིང་བ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་སྐྱེ་ཁམས་ཐོན་ལས་ཤིག་ཏུ་ཡང་གྱུར་ཡོད།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།