中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།འབྱོར་འབྲིང་ལམ་དུ་རྗེས་སུ་མི་ལུས་པ།
དུས་ཚོད།2020-07-24 16:04:39     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      “སྔོན་ཆད་རི་མགོ་རུ་འཚོ་བ་རོལ་རྒྱུ་ནི་སྡུག་བསྔལ་ཆེན་པོ་ཞིག་ཡིན་ལ་འཐུང་ཆུ་དཀོན་པ་དང་ཆུ་ལོག་དང་ཞོད་སྐྱོན་མང་བ། འབྲུ་རིགས་ཉུང་བ། སྡོད་ཁང་རྡོལ་བ་སོགས་ཀྱི་གནས་ཚུལ་ཚབས་ཆེ་ཤོས་ཀྱི་སྐབས་སུ་ཐ་ན་ཕྱི་ལ་སོང་ནས་ཟས་སློང་དགོས་ཞེས” གཞོན་དུས་ཀྱི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། ཞིན་ཀྲོང་སྡེ་བའི་ལོ 70ཅན་གྱི་ཧན་ཧུའེ་རྨིན་གྱིས་ཕྱིར་དྲན་བྱེད་བཞིན་བཤད།
       ཞིན་ཀྲོང་སྡེ་བའི་ཞའོ་ལིན་སྡེ་ཁུལ་ནི་ལིན་ཐན་རྫོང་གཡང་ས་གྲོང་རྡལ་མི་དམངས་སྲིད་གཞུང་གི་བྱང་ཤར་རྒྱུད་དུ་ཡོད་ལ། མཉམ་ལས་ཁང་ཡོངས་ལ་ཁྱིམ་ཚང 71དང་མི 402ཡོད། མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་ནི་གསོ་སྤེལ་ལས་རིགས་དང་འདེབས་འཛུགས་ལས་རིགས། ངལ་ནུས་ཕྱིར་གཏོང་བཅས་གཙོ་བོར་བཟུང་ཡོད། རྒྱུ་མཚན་ནི་སྔོན་གྱི་སྡོད་གནས་གཙོ་བོ་ནི་རི་མཐོའི་ས་ཁུལ་ཡིན་པས་གནམ་གཤིས་ཀྱི་ཆ་རྐྱེན་ཅུང་ཞན་པ་དང་། རང་བྱུང་ཁོར་ཡུག་ཞན་ལ་སྐྱེ་ཁམས་ཞན་པ། ཆུ་ལོག་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་ནས་ཞིང་ཕྱུགས་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ། འགྲིམ་འགྲུལ་སྟབས་བདེ་མེད་པས་མཉམ་ལས་ཁང་ཡོངས་ཀྱི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་བས་སྨན་པར་བསྟེན་དཀའ་བ་དང་སློབ་གྲྭར་འགྲོ་མི་བདེ་ལ་དཔལ་འབྱོར་ཡོང་འབབ་ཧ་ཅང་དམའ། མཉམ་ལས་ཁང་དེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་ཆེད། གྲོང་རྡལ་སྲིད་གཞུང་གིས་བརྩོན་ལེན་བྱས་པ་དང་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མཉམ་ལས་ཁང་དེ་ཡུལ་གཞན་དུ་གནས་སྤོར་རྒྱུ་གཏན་འབེབས་བྱས། 2018ལོར་ཞའོ་ལིན་སྡེ་ཁུལ་སྔོན་གྱི་གནས་ཡུལ་ནས་ཞིན་ཀྲོང་སྡེ་བའི་ཞིང་གྲོང་སྡེ་ཁུལ་གྱི་འོག་ཏུ་སྤོར་བ་དང་གཡང་ས་གྲོང་རྡལ་སྲིད་གཞུང་དང་བར་ཐག་སྤྱི་ལེ 1.5ཡོད་ལ་གནས་སྤོས་ཁུལ་དང་བར་ཐག་སྤྱི་ལེ 3ཡོད།
      “ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་རྒྱལ་ཁའི་ངང་ཚོགས་རྗེས་ང་ཚོའི་འཚོ་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཏང་དང་རྒྱལ་ཁབ་ཀྱིས་དངོས་གནས་ང་ཚོའི་མང་ཚོགས་ལ་སེམས་ཁུར་བྱས་ནས་ང་ཚོའི་སྡོད་གནས་ཀྱི་ཁོར་ཡུག་ཞན་པ་མཐོང་བས། ང་ཚོའི་སྡེ་བའི་མི་རྣམས་རི་མགོ་ནས་གནས་སྤོར། ད་ལྟ་ཐོག་ཁང་ཆུང་ངུར་འདུག་ཐུབ་པ་དང་ཆུ་ཚས་ལུས་པོ་འཁྲུ་ཐུབ། ད་ལྟ་ང་ཚོས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་ལ་བསམ་བློ་བཏང་ནས་ཏང་གི་བཀའ་དྲིན་དང་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་རང་ཁྱིམ་གྱི་འཚོ་བ་སྔར་བས་ཇེ་ལེགས་སུ་གཏོང་དགོས་ལ་འབྱོར་འབྲིང་ལམ་དུ་རྗེས་སུ་མི་ལུས།”ཞེས་འཚོ་བ་གསར་བའི་སྐོར་གླེང་སྐབས་ཧན་ཧུའེ་རྨིན་ལ་སེམས་འགུལ་ཆེན་པོ་ཐེབས། “ངས་ལོ་འདི་གཉིས་ནང་ཏང་ཀུན་མུའུ 12ཙམ་འདེབས་འཛུགས་བྱས་པ་དང་ལོ་རེའི་ཡོང་སྒོ་སྒོར་ཁྲི 3ཙམ་ཡོད།” ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས་ཧན་ཧུའེ་མིན་དགའ་ལྷང་ལྷང་ངང་གད་མོ་ཤོར།
      ཉེ་བའི་ལོ་འདི་དག་གི་རིང་ལ། གཡང་ས་གྲོང་རྡལ་གྱིས་ཐོན་ལས་མཉམ་ལས་ཁང་དང་རོགས་རེས་ཁང་འཛུགས་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་དབུལ་སྐྱོར་གནས་སྤོ་དང་སྐྱེ་ཁམས་འཛུགས་སྐྲུན། ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་ཟུང་འབྲེལ་བྱས་ལ། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་དང་ཁྱད་ལྡན་ཅན་གྱི་གསོ་སྤེལ། ཡུལ་སྐོར་ཞིང་ཁྱིམ་སྤྲོ་སྐྱིད་གླིང་སོགས་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་བཏང་། གནས་སྤོར་མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་སུ་བཏང་བ་བརྒྱུད་དེ། “སྤོར་ཐུབ་པ་དང་བརྟན་པོ་སྡོད་ཐུབ་པ། འཕེལ་རྒྱས་གཏོང་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་དུ་བསླེབས་ནས“ལོ་གཅིག་ལ་འཛུགས་སྐྲུན་འགན་ལེན་བྱེད་དགོས་ལ། ལོ་གཉིས་ལ་གནས་སྤོ། ལོ་གསུམ་ལ་དབུལ་ཐར་བྱེད་པའི”དབུལ་སྐྱོར་གནས་སྤོར་བྱ་བའི་ལས་འགན་ལེགས་གྲུབ་ཡོང་བར་ཁག་ཐེག་བྱས།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།