中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།ལིན་ཞ་ཁུལ་ཏང་སྲིད་རྟོག་ཞིབ་ཚོགས་པ་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་ལྟ་སྦྱོང་བྱས་པ།
དུས་ཚོད།2020-07-24 16:06:46     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།

ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་སྐུལ་འདེད་ཀྱིས་ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་གཉེར་བྱེད་པ།
ལིན་ཞ་ཁུལ་ཏང་སྲིད་རྟོག་ཞིབ་ཚོགས་པ་རང་ཁུལ་དུ་ཡོང་ནས་རྟོག་ཞིབ་ལྟ་སྦྱོང་བྱས་པ།
ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན། ཨན་ཅིན་ལུང་། ཞུས་ཆང་སོགས་ཀྱིས་འགྲོ་རོགས་བྱས།

      ཟླ 7པའི་ཚེས 17ཉིན་ནས་ཚེས 19ཉིན་བར་ལིན་ཞ་ཁུལ་ཨུའི་ཧྲུའུ་ཅི་ཀུའོ་ཧོ་ལི་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་མ་མིང་ཅེ་ཡིས་ལིན་ཞ་ཁུལ་ཏང་སྲིད་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ། རང་ཁུལ་གྱི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་དང་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཅོས་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་དང་ལྟ་སྦྱོང་བྱས།
     ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཨན་ཅིན་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཆང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་འཚོ་དེ་མིན་ཁུལ་ཚན་ཁག་ཆེན་མོ་བཞིའི་ས་གནས་རིམ་པ་གཞོན་པ་ཡན་གྱི་ལས་ཁུངས་སུ་སྡོད་པའི་འགོ་ཁྲིད་པས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།
     རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པས་སྔ་རྗེས་སུ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ། ཐེ་བོ། ཅོ་ནེ། ལིན་ཐན། གཙོས་སོགས་རྫོང་དང་གྲོང་ཁྱེར་ལ་རྒྱུས་ལོན་དང་ལྟ་སྦྱོང་བྱས། ཡུལ་སྐོར་ཚད་ཤིང་སྡེ་བ་འཛུགས་སྐྲུན་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག དམངས་ཕྱུག་ཐོན་ལས་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་བྱས།
     དུང་ཕྲུག་རྩྭ་ཐང་གི་སྦྲ་གུར་གླིང་དུ། ཡུས་ཁྲིན་ཧུའེ་ཡིས་ལིན་ཞ་ཁུལ་ཏང་སྲིད་རྟོག་ཞིབ་ཚོགས་པ་འཁོར་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་འབྲེལ་རང་ཁུལ་གྱི་གཙོ་གནད་བྱ་བ་སྒྲུབ་ཚུལ་ངོ་སྤྲོད་བྱས་པ་དང་། ཁོས་ཉེ་བའི་ལོ་འགར་ཀན་ལྷོས་ཡུལ་སྐོར་ཆེས་ཆེ་བའི་ཐོན་ལས་སུ་བརྩིས་ནས་ཞིང་སྡེ་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་སྒྲོམ་གཞིར་བརྩིས་པ་དང་། ཡུལ་སྲོལ་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་བྲོ་བར་བརྩིས་པ། ཁོར་ཡུག་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་ཡིད་དབང་འཕྲོག་ཤུགས་སུ་བརྩིས་པ། རིག་གནས་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་ནང་དོན་དུ་བརྩིས་པ། ཉམས་ལེན་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་དགོས་མཁོ་རུ་བརྩིས་པ། ཟས་དང་སྡོད་གནས་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་ཡིད་དབང་འཕྲོག་ཤུགས་སུ་བརྩིས་པ། ཚོང་ར་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་སྟོབས་ཤུགས་སུ་བརྩིས་པ། ཞབས་ཞུ་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་དོན་གཉེར་བྱ་ཡུལ་དུ་བརྩིས་པ་དང་ཇུས་འགོད་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་མཛེས་ལྗོངས་སུ་བརྩིས་པ། ཡུལ་ཁམས་ནི་ཡུལ་སྐོར་གྱི་ཆེས་ཆེ་བའི་ཤོང་ཚད་བཅས་སུ་བརྩིས་ཏེ་རྒྱུག་ཐིག་དབྱིབས་ཅན་གྱི་བཀོད་པ་དང་རང་གཤིས་ཅན་དུ་འཚར་ལོངས། ཚོགས་སྒྲིག་རྣམ་པའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། རྨང་གཞིའི་སྒྲིག་བཀོད་ལེགས་པ་དང་ཕྱི་ཕྱོགས་ལ་ཤུགས་རྐྱེན་ཆེ་བ། རང་བྱུང་ཡུལ་ལྗོངས་མཛེས་པ། དམངས་སྲོལ་གོམས་འདྲིས་ཆེ་བ། ལོ་རྒྱུས་ཀྱི་ནང་དོན་ཟབ་པ། ལས་བྱེད་པའི་བྱང་ཚད་མཐོ་བ། མང་ཚོགས་ཀྱི་ཧུར་སེམས་བཟང་བ་བཅས་ཀྱི་ས་གནས་སུ་ཇུས་འགོད་དང་བཀོད་སྒྲིག་བྱས། “གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་གྲངས་འབོར་གྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་གི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད་ལ། ཀན་ལྷོའི་གཤིས་ཀ་དང་ཉམས་འགྱུར། གཟུགས་བརྙན་བཅས་འཕེལ་རྒྱས་གསར་བ་བྱུང་ཡོད་ཅེས་བཤད།
     ཀུའོ་ཧོ་ལིས་ད་ཐེངས་མཛེས་སྡུག་ལྡན་པའི་ཀན་ལྷོའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་སློབ་སྦྱོང་བྱེད་པར་ཡོང་བས། ཀན་ལྷོའི་དཔལ་འབྱོར་དང་སྤྱི་ཚོགས་རིག་གནས། མི་རིགས་ཆོས་ལུགས་མཐུན་སྒྲིལ་སོགས་ཕྱོགས་གང་ཅིའི་ཐད་ལ་འགྱུར་ལྡོག་གཏིང་ཟབ་ཅིག་བྱེད་བཞིན་ཡོད་པ་ང་ཚོས་མཐོང་བྱུང་། ཉིན་གསུམ་རིང་རྟོག་ཞིབ་བྱས་པ་བརྒྱུད་ཀན་ལྷོ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དཀའ་སྡུག་ལ་མི་སྐྲག་པར་དབྱང་དབུགས་དཀོན་ཡང་སྙིང་སྟོབས་ལྡན་པའི་ངར་ཤུགས་དང་མི་སེར་གྱི་སེམས་གཏིང་གི་སྤྲོ་སྣང་ཚོར་ཐུབ། ལིན་ཞ་ཡི་རིམ་པ་སོ་སོའི་ལས་བྱེད་པས་ཐེངས་འདིའི་ལྟ་སྦྱོང་གོ་སྐབས་སུ་འཛིན་དགོས་ལ། གནོན་ཤུགས་སྒུལ་ཤུགས་སུ་བསྒྱུར་ཏེ་ཧུར་ཐག་སྒོས་ཀན་ལྷོར་ཞིབ་འཇུག་དང་ཀན་ལྷོར་དབྱེ་ཞིབ། ཀན་ལྷོར་སློབ་སྦྱོང་བཅས་བྱ་དགོས། དུས་ཚོད་ཐུང་ཤོས་ནང་ཀན་ལྷོར་ཡོང་བའི་མཐོང་ཐོས་རྣམས་བྱ་བའི་བསམ་ཕྱོགས་གསར་བར་བསྒྱུར་བ་དང་བྱ་སྤྱོད་མཛེས་ཤོས་སུ་བསྒྱུར་དགོས། སྤུས་ཚད་མཐོ་བའི་སྒོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་མོ་ལེགས་པར་བརྒྱབ་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་དགོས། ལིན་ཞ་ཡི་མང་ཚོགས་ཀན་ལྷོའི་མང་ཚོགས་དང་འདྲ་བར་དགའ་སྤྲོ་དང་བདེ་སྐྱིད་བཅས་ཀྱི་འཛུམ་མདངས་ལྡན་དུ་འཇུག་དགོས་ཞེས་བསྟན།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།