中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོས་གྲོང་ཁྱེར་གྱིགཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་དང་ཁོངས་ཡོངས་ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་གྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས་པ།
དུས་ཚོད།2020-07-31 16:33:56     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 26ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གཙོས་གྲོང་ཁྱེར་རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མའི་སྡེ་བར་སོང་ནས། “གཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་དང་ཁོངས་ཡོངས་ཡུལ་སྐོར་ཆེད་ལས་སྡེ་བ་འཛུགས་སྐྲུན་གྱི་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས། ཁོས་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ནས་ཁོངས་ཡོངས་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་། དམངས་ཕྱུག་ཐོན་ལས་སྐྱེད་སྲིང་བྱས་ནས་ལས་རྣམ་ལ་མི་མངོན་པའི་ནུས་པ་དེ་བས་ལྡན་པ་དང་ཞིང་སྡེའི་རྣམ་པ་དེ་བས་ལེགས་པ། འཚོ་བའི་སྤུས་ཀ་དེ་བས་བཟང་བོ་ཡོང་བར་འབད་པ་བྱ་དགོས་ཞེན་ནན་གྱིས་བསྟན།
    རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མའི་སྡེ་བ་ནི་གཙོས་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཤིང་། གྲོང་ཁྱེར་གྱི་ལྟེ་བ་དང་བར་ཐག་སྤྱི་ལེ 4ཙམ་ཡོད་པ་དང་བྱང་དུ་རྒྱལ་ལམ 213ཡོད་པས། ས་བབ་ལེགས་ཤིང་སྐྱེ་ཁམས་ཁོར་ཡུག་མཛེས་པ། སྡེ་བའི་ནང་བོད་རིགས་དང་རྒྱ་རིགས། ཧུའེ་རིགས་བཅས་ཀྱི་མང་ཚོགས་མཉམ་དུ་འཚོ་སྡོད་དང་ཞི་འཆམ་མཉམ་གནས་བྱས་ནས་ད་ལྟ་ཚང་མ་དབུལ་ཐར་བྱུང་ཡོད། ཡུས་ཁྲིན་ཧུའེ་ཡིས་སྡེ་བའི་ནང་དུ་སྐྲུན་བཞིན་པའི་ཉི་འོད་རིག་ནུས་དྲོད་ཁང་དང་བོད་ཁྱིམ་སྐྱེ་ཁམས་སྒོ་ར་ལ་ལྟ་ཞིབ་བྱས་རྗེས། རྒྱ་ར་འགབ་མ་སྡེ་བས་སྡེ་འདབས་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ད་ཡོད་ཀྱི་ཐོན་ཁུངས་བེད་སྤྱོད་ལེགས་པོ་བྱེད་པ་དང་། ཐོན་ལས་ཀྱི་དམིགས་འབེན་ཁ་གསལ་བཟོ་བ། ཡུལ་སྐོར་དང་སྐྱེ་ཁམས། ཞབས་ཞུ་སོགས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ནུས་པ་འབྲེལ་མཐུད་གཞན་སྒྱུར་བྱེད་པར་སྐུལ་ཁྲིད་བྱེད་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་ཞིང་བའི་ཡོང་འབབ་འཕར་བར་རོགས་རམ་བྱེད་པ་གཞི་འཛིན་ས་བྱས་ནས། ཧུར་ཐག་གིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེའི་ཡུལ་སྐོར་གྱི་མི་མངོན་པའི་ནུས་པ་ཆེ་རུ་བཏང་ནས་ཞིང་སྡེའི་ཡུལ་སྐོར་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བ་དང་། ཐུན་མོང་དཔལ་འབྱོར་རྒྱུན་མི་ཆད་པར་སྟོབས་ཆེར་འགྲོ་བ། མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་བཅས་བྱ་དགོས་ཞེས་བསྟན།
    ཡུས་ཁྲིན་ཧུའེ་ཡིས་ཞིང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ནས། “ཁོར་ཡུག་གསར་བརྗེ”ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཧུར་ཐག་གིས་མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། སྡེ་བའི་རྣམ་པ་རྒྱུན་ཆད་མེད་པར་རིམ་སྤར་བྱ་དགོས་པ་དངགཅིག་བཅུ་བརྒྱ་སྟོང་ཁྲིའི”ལས་གྲྭ་གཞི་འཛིན་ས་བྱས་ཏེ། ཁུལ་ཡོངས་ཀྱི་དཔེ་སྟོན་དང་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསླེབས་པའི”དམིགས་འབེན་ལ་དམ་པོར་དམིགས་ནས་ཁྱིམ་ཚང་གི་ཕྱིའི་བཀོད་པ་དང་ནང་གི་ཙག་ཙིག་ཡང་དང་བསྐྱར་དུ་མཛེས་བཟོ་དང་རིམ་སྤར་བྱེད་པ་དང་། དུས་མཚུངས་སུ་མཐའ་འཁོར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་རིག་གནས་ཀྱི་གཞི་རྒྱུ་མངོན་པ། ཞབས་ཞུའི་ནུས་པ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཐེག་ནུས་མཐོར་འདེགས་སུ་གཏོང་བར་ཤུགས་བསྣན་ནས། བཟའ་བཏུང་དང་དམངས་ཀྱི་སྡོད་ཁང་། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་སྡེའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྦྲེལ་ཐག་སྐྱེད་སྲིང་བྱེད་པ་དང་། ཞིང་སྡེའི་ཡུལ་སྐོར་རིམ་སྤར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡུལ་སྐོར་ཐོན་ལས་དེ་དམངས་ཕྱུག་འབབ་འཕར་གྱི་སྒུལ་ཤུགས་གསར་བ་དང་། ཞིང་སྡེ་དར་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་དངོས་སུ་འགྱུར་བ་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལིའུ་ཡུང་ཀོ་ཡིས་ཞིབ་བཤེར་བྱེད་པར་འགྲོ་རོགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།