中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་བཅའ་སྡོད་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས་པ།
དུས་ཚོད།2020-07-31 16:39:34     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 27ཉིན་ལ། བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་དུས་སུ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བརྩེ་སེམས་ཟབ་མོ་ཁྱེར་ནས། སྔ་གཞུག་ཏུ་ཀན་ལྷོའི་ཡན་ལག་དམག་ཁུལ་དང་ཀན་ལྷོའི་མེ་ཟོན་རོགས་སྐྱོབ་ཡན་ལག་རུ་ཁག  དྲག་ཆས་ཀན་ལྷོའི་ཡན་ལག་རུ་ཁག  ཞབས་འདེགས་རོགས་སྐྱོབ་ལུའེ 76པའི་རང་ཚུགས་སྐྱ་དམག་དམག་སྒར་གཉིས་པ་བཅས་སུ་སོང་ནས་བཅའ་སྡོད་དམག་དཔུང་གི་དཔོན་དམག་ལ་འཚམས་འདྲི་བྱས་པ་དང་འབྲེལ། དཔོན་དམག་ལ་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་བླ་ན་མེད་པའི་གུས་འདུད་ཞུས།
   ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི་དབྱང་ཅུན་དང་ཁུལ་ཨུའི་རྒྱུན་ཨུའམ་ཀན་ལྷོའི་ཡན་ལག་དམག་ཁུལ་གྱི་དམག་སྤྱི་ཧྲི་ཡོན་ཧྥུན། ཁུལ་དཔོན་གཞོན་པ་ཝང་ཅན་ཅུན་བཅས་འཚམས་འདྲི་བྱེད་པར་ཞུགས།
    ཡུས་ཁྲིན་ཧུའེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་ལེན་བྱས་ཏེ། དུས་རབས་གསར་བར་ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་བྱ་བ་ལེགས་པར་བསྒྲུབ་དགོས་པ་དང་། བཅའ་སྡོད་དམག་དཔུང་གིས་སླད་ཕྱིན་གྱི་བྱ་བའི་ཁྲོད་དུ་འགན་འཁྲི་ནན་མོ་འཁུར་བ་དང་བཀོད་འདོམས་ལ་ཉན་པ། མུ་མཐུད་དུ་དམག་དཔུང་འཛུགས་སྐྱོང་བྱེད་པར་ཤུགས་བསྣན་ཏེ་ལས་འགན་ཁག་ལེགས་གྲུབ་འབྱུང་བར་འབད་བརྩོན་བྱེད་པ་དང་། ས་གནས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་གིས་སྐུལ་འདེད་གཏོང་བ་དང་། དེ་དང་དུས་མཚུངས་སུ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་བཞིན་བཅའ་སྡོད་དམག་དཔུང་གི་འཛུགས་སྐྲུན་ལ་མཐོང་ཆེན་དང་ཐུགས་ཁུར་བྱས་ཏེ། དཀའ་ངལ་དངོས་ཐག་གཅོད་པར་རོགས་རམ་བྱེད་པ་དང་། སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་ཀྱིས་རྒྱལ་སྲུང་ལ་རྒྱབ་སྐྱོར་དང་དམག་དཔུང་ལ་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱེད་པ། ཧུར་ཐག་གིས་དམག་དཔུང་དང་འབྲེལ་གཏུག་འབྲེལ་མཐུད་བྱས་ཏེ་དམག་དཔུང་གི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་བྱེད་པ་དང་། དུས་རབས་གསར་བའི་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་དགོས་ཞེས་ནན་གྱིས་བསྟན།
    དམག་དཔུང་གི་དཔོན་དམག་གིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་དུས་ཡུན་རིང་བོའི་ནང་དམག་དཔུང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པའི་དུས་མཚུངས་སུ། དམག་དཔུང་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བ། དམག་དམངས་ཁྱིམ་ཚང་གཅིག་ལྟར་འཆམ་ཞིང་མཐུན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ནས། དམག་དམངས་བར་གྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། ཕན་ཚུན་བཀུར་བའི་ལེའུ་གསར་བ་མུ་མཐུད་བརྩམ་ངེས་ཡིན་ཞེས་བསྟན།།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།