中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད“རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་ལ་རྡུང་རྡེག”འགོ་ཁྲིད་ཚན་ཆུང་གིས་ཚོགས་འདུ་ཐེངས་བཅོ་ལྔ་བའི(རྒྱ་སྐྱེད)གྲོས་ཚོགས་བསྡུས་པ།
དུས་ཚོད།2020-07-31 16:51:25     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད“རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་རྡུང་རྡེག་གཏོང་བའི”འགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅོ་ལྔ་བའི(རྒྱ་སྐྱེད)གྲོས་ཚོགས་བསྡུས་ནས་འབྲེལ་ཡོད་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།  ཁུལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི“རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་ལ་རྡུང་རྡེག”བྱེད་པའི་ཆེད་དོན་སྐོར་གཟིགས་དག་ཐེར་དང་གཙོ་གནད་བྱ་བ་སླར་ཡང་བཀོད་སྒྲིག་དང་ལྟ་སྐུལ་བྱས།
    ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་དང་གཙོ་གནད་བྱ་བའི་ལས་འགན་ལ་སྐུལ་འདེད་གཏོང་བའི་བརྙན་ལམ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།  སྡེ་ཚན་ཁག་དང་ལས་རིགས་ཁག་གི་ཟང་ཟིང་གནས་ཚུལ་བཅོས་སྒྲིག་གི“གདུགས་འདྲུ་བའི”བྱ་བའི་གནས་ཚུལ་དང་ནག་སེལ་གཤེད་བཅོམ་གྱི“རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་ལ་རྡུང་རྡེག”གི་གྱོད་གཞི་ཞིབ་གཅོད་བྱས་ཚུལ་གྱི་སྙན་ཞུར་ཉན།
    གྲོས་ཚོགས་ཐོག་བསྟན་དོན། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་ལས་རིགས་དང་སྡེ་ཚན་ཁག་གིས་རང་འགུལ་ངང་འགན་འཁྲི་བསྒྲུབས་ནས། ནག་ཚོགས་སྤྱོད་ངན་སྟོབས་ཤུགས་ཀྱི་རྒྱབ་ལོགས་ཀྱི“འབྲེལ་བའི་དྲ་བ”དང“འགེབས་སྲུང་བྱེད་མཁན”ཐེར་འདོན་དང་ཞིབ་བཤེར་ནན་མོ་བྱས་ཏེ་སྐོར་གཟིགས་དག་ཐེར་གྱི་ལྡོག་འདྲེན་གནད་དོན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས། “རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་ལ་རྡུང་རྡེག”ལ་ཕན་འབྲས་ངེས་ཅན་ཐོབ་མོད། འོན་ཀྱང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་བླང་བྱ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཞིག་ཡོད། ལྷག་པར་དུ་ཞིང་ཆེན་ཏང་ཨུའི“རུལ་སུངས་ལ་ཉེས་ཆད་གཅོད་པ་དང་སྲུང་གདུགས་ལ་རྡུང་རྡེག”བྱེད་པའི་ཆེད་དོན་སྐོར་ཞིབ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུའི་བརྡ་ཁྱབ་ལ་བལྟས་ན། ད་དུང་སྣང་ཆུང་བྱེད་མི་རུང་བའི་གནད་དོན་ཁ་ཤས་གནས་ཡོད། ང་ཚོས་ངེས་པར་དུ་གནད་དོན་དང་ཧེ་བག་ལ་མཐོང་ཆེན་བྱ་དགོས། “རུལ་སུངས་ལ་ཆད་པ་གཅོད་པ་དང་སྲུང་གདུགས་ལ་རྡུང་རྡེག”བྱེད་པའི་གཙོ་གནད་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་ནས། ཞབས་འདེགས་དང་འགན་ལེན་མཇུག་བསྡུ་ལོའི་འཐབ་རྩོད་ཆེད་དོན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།
    གྲོས་ཚོགས་ཐོག་བསྟན་དོན། ཁུལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་རྩད་གཅོད་དང་མཇུག་བསྡུའི་འགག་རྩའི་དུས་སུ་སླེབས་ཡོད་པས། ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས། འགན་ཁུར་བློ་མཐུན་གཙོ་བོས་འགན་འཁྲི་ཨང་དང་བོ་ལག་བསྟར་ཡག་པོ་བྱ་དགོས་ལ། ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་གྱོད་གཞི་སྒྲུབ་གཉེར་བྱ་རྒྱུར་ལྟ་སྐུལ་བྱས་ནས་ཐད་ཀར་སྒྲུབ་འགན་འཁུར་དགོས། “རུལ་སུངས་ལ་ཆད་པ་གཅོད་པའི”འགོ་ཁྲིད་ཚན་ཆུང་དང་དེའི་གཞུང་ལས་ཁང་གིས་གནད་དོན་གྱི་ཁུངས་སྣེར་དམ་པོར་དམིགས་པ། དམ་པོར་བཟུང་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་དགོས།  ཚོགས་འདུའི་བླང་བྱར་ལྟ་སྐུལ། དག་ཐེར་ཡོ་བསྲང་གི་གཙོ་གནད་འབུར་ཐོན། ལེགས་ཆའི་དམག་ཤུགས་གཅིག་སྡུད་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས་ཏེ་ཟླ 7པའི་ཟླ་མཇུག་སྔོན་དུ། དུས་བཅད་ལ་ཐོན་པའི་ཁུངས་སྣེ་ཚང་མར་ཞིབ་བཤེར་ཐག་གཅོད་བྱེད་ཚད 100%ཟིན་དགོས།
    ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུའི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི“རུལ་སུངས་ལ་ཆད་གཅོད་དང་སྲུང་གདུགས་ལ་རྡུང་རྡེག”བྱེད་པའི་འགོ་ཁྲིད་ཚན་ཆུང་སོ་སོའི་ཁོངས་མི་དང་། ཁུལ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཀྱི་ལས་རིགས་ཀྱི་ཟང་ཟིང་ལས་རིགས་ཀྱི་སྣང་ཚུལ་བཅོས་སྒྲིག་གི“སྲུང་གདུགས་མེད་པར་བཟོ་བའི”བྱ་སྤྱོད་སྤེལ་བའི་ལས་རིགས་ཁག་གི་སྡེ་ཚན་གྱི་འགན་ཁུར་བ་ཚོགས་འདུར་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།