中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས།
དུས་ཚོད།2020-09-25 16:31:56     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱ་བ་བཀོད་སྒྲིག་བྱས་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 9བའི་ཚེས 23ཉིན་གྱི་སྔ་དྲོ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུའི་རྒྱུན་ཨུ་ཁང་གི་གྲོས་ཚོགས་བསྡུས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་འཐུས་མིའི་བཞུགས་མོལ་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་། དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན།  ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས 《དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར》དང 《“ཐོག་མའི་ཕུགས་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པའི”བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱེད་པའི་བརྡ་ཐོ།  《ཀྲུང་གུང་ཀན་སུའུ་ཞིང་ཆེན་ཏང་ཨུས<ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག>ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》གྱི་དགོངས་དོན་གཙོ་བོ་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ། ཡིད་ཆེས་དང་མཐུན་སྒྲིལ། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ་དང་།  དམངས་གཉེར་དཔལ་འབྱོར་མི་སྣས“གཡོ་འགུལ་སྤུ་ཙམ་མི་བྱེད་པ་གཉིས”ལ་ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་རྒྱུར་ཁྲིད་སྟོན་བྱས་ཏེ། དམངས་གཉེར་ཁེ་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་བོ་ཕྱོགས་ཡོངས་ནས་གཏོད་དགོས།  《ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་ཁྲིམས་སྲོལ་ཡིག》དང《ཀྲུང་གུང་ཀན་སུའུ་ཞིང་ཆེན་ཏ་ཨུས<ཀྲུང་གོའི་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག>ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་དུས་ཡུན་རིང་བོའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  “འདུ་ཤེས་བཞི”དྲག་ཏུ་གཏོང་བ་དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་ཏང་གིས་སྲིད་ཁྲིམས་བྱ་བར་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་དགོས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཞི་མཐུན་གཏན་འཇགས་སྲུང་སྐྱོང་བྱ་ཆེད་འགན་ལེན་ནུས་ལྡན་བྱ་དགོས་ལ།  ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས་ལ།  འགོ་ཁྲིད་ཚན་ཆུང་གི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། ནུས་པ། སྒྲིག་ཁྲིམས་བཅས་འཛུགས་སྐྲུན་ལ་ཤུགས་སྣོན་དང་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་དགོས།  ཚན་ཆུང་གི་སྤྱི་ཡོངས་ཀྱི་ནུས་པ་ཇེ་ཆེར་གཏོང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།  འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ་བཅས་བྱ་དགོས། སྤྱོད་ཚུལ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་དུ་གཏོང་བ།  འགོ་ཁྲིད་ཚན་ཆུང་དག་གི་འཛུགས་སྐྱོང་གི་སྤུས་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག་རིག་པའི་དཔལ་ཡོན།  ཞི་མཐུན།  མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་འཛུགས་སྐྲུན་བྱ་ཆེད། སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་སུ་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
    ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ལིན་ཡུན་དང་བཀྲ་ཤིས་འཚོ། ཧོ་མོའུ་པའོ། དབྱང་ཞུང་། དབྱང་ཅུན། ཧྲི་ཀྲན་ལིའང་། ལུའེ་ཀྲེ་ཅུན། ལིའུ་ཡུང་ཀོ། མ་ཡིའུ་ཞིན་བཅས་གྲོས་ཚོགས་སུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།