中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན་གྱིས་ལིན་ཐན་རྫོང་འགོ་ནང་ཐང་ལྗོངས་ཁུལ་ཆེན་མོ་དང་དབུལ་སྐྱོར་འཁོར་ཁང་གི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ།
དུས་ཚོད།2020-10-14 10:43:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ10བའི་ཚེས9ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་དུ་སོང་ནས། འགོ་ནང་ཐང་ལྗོངས་ཁུལ་ཆེན་མོ་དང་དབུལ་སྐྱོར་འཁོར་ཁང་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་གྲོས་ཚོགས་བསྡུས།
   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་མོའུ་པའོ་དང་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཞུའེ་ཧྥུན། དེ་མིན་ལིན་ཐན་རྫོང་ཏང་ཨུ་དང་སྲིད་གཞུང་། ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འབྲེལ་ཡོད་འགན་ཁུར་བས་ཞིབ་འཇུག་བྱེད་པར་འགྲོ་རོགས་བྱས།
   ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན་གྱིས་རྟོག་ཞིབ་བྱེད་སྐབས་སུ། རྒྱང་རིང་ལ་གཞི་བཙུགས་ཏེ་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ནས་སྲང་ལམ་དང་རི་ཆུའི་མཛེས་ལྗོངས་གཞི་གཅིག་ཏུ་འདྲེས་སུ་བཅུག་སྟེ། གཅིག་གིས་གཅིག་ལ་རམ་འདེགས་བྱས་ནས། ཡུལ་སྐོར་བར་ལུས་སེམས་བདེ་མོའི་ངང་ཞིང་གྲོང་དུ་བསྐྱོད་དེ་རང་ཡུལ་གྱི་རིག་གནས་ཉམས་སུ་མྱོང་བ་དང་། ཞིང་ཁྱིམ་གྱི་འཚོ་བ་ཉམས་ལེན་བྱེད་པ། རང་བྱུང་སྐྱེ་ཁམས་རོལ་མྱོང་ཐུབ་པ་བྱ་དགོས་ཞེས་བསྟན་པ་དང་། དུས་མཚུངས་སུ། མཛེས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་མང་ཚོགས་ཀྱི་འདོད་བློ་ལ་བརྩི་འཇོག་གང་ལེགས་དང་། ནུས་ཤུགས་ཡོད་རྒུས་མང་ཚོགས་ཀྱི་བྱ་བ་ལེགས་པར་བསྒྲུབ་སྟེ། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་མཛེས་ལྗོངས་ཁུལ་ཆེན་མོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཁྲོད་དུ་ཞུགས་པའི་རྣམ་པ་བཟང་བོ་ཞིག་ཆགས་སུ་འཇུག་དགོས་པའི་བླང་བྱ་བཏོན།
   ཡུས་ཁྲིན་ཧུའེ་ཡིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཕྱོགས་སོ་སོའི་སྟོབས་ཤུགས་སྐུལ་སློང་བྱས་ནས་མཛེས་ལྗོངས་ཁུལ་ཆེན་མོའི་འཛུགས་སྐྲུན་ནང་ཞུགས་སུ་བཅུག་སྟེ་མཛེས་ལྗོངས་ཁུལ་ཆེན་མོ་རྣམ་པ་གསར་བར་བསྒྱུར་བ་དང་། སྡེ་བའི་མདུན་རྒྱབ་ཀྱི་རྣམ་པར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་འབྱུང་བར་བྱེད་པ། སྲིད་གཞུང་གིས་མ་དངུལ་འཇོག་པའི་ལས་གཞི་འདེགས་སྐྱོར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་གཞན་ཞིག་ནས་ཡུལ་སྐོར་ཀུང་སི་ལས་སྟེགས་སུ་བྱས་ཏེ་དམངས་ཁྲོད་ཀྱི་མ་རྩ་བསྡུ་ལེན་བྱེད་པ་དང་། སྤྱི་ཚོགས་ཀྱི་བེད་མེད་ཐར་ཐོར་གྱི་མ་དངུལ་སྐུལ་སློང་བྱས་ནས་ཚོང་ར་ཅན་གྱི་གཉེར་སྐྱོང་དོ་དམ་མངོན་འགྱུར་བྱ་དགོས། རྫོང་གིས་ཁྲིད་སྟོན་ཧུར་ཐག་བྱས་ནས་མཛེས་ལྗོངས་ཁུལ་རང་འགུལ་ངང་ཞུགས་པ་དང་། “གཅིག་བཅུ་བརྒྱ་སྟོང་ཁྲི་ལས་གྲྭའི”འཛུགས་སྐྲུན་དང་ཟུང་འབྲེལ་དམ་པོ་བྱས་ནས་ཞིང་བའི་སྤྲོ་སེམས་སྐུལ་སློང་གང་ལེགས་བྱས་ཏེ། ཡུལ་སྐོར་ཐོན་ལས་ཀྱི“འཕེལ་རྒྱས་ཆེན་པོར”བརྟེན་ནས་མི་རིགས་སོ་སོའི་མང་ཚོགས“མགྱོགས་མྱུར་གྱིས་ཕྱུག་པོ་ཆགས་རྒྱུར”སྐུལ་ཁྲིད་བྱ་དགོས་པའི་བླང་བྱ་བཏོན།
   ཀྲའོ་ལིན་ཡུན་གྱིས་སྡེ་ཁག་སོ་སོས་རང་གི་ནུས་པའི་གཏན་གནས་དང་ལས་གཞིའི་བླང་བྱ་ལྟར། ནན་ཏན་དང་ནུས་ལྡན་གྱི་སྒོ་ནས་བྱ་བ་སྤེལ་བ་དང་། མཛེས་ལྗོངས་ཁུལ་འཛུགས་སྐྲུན་གྱི་ལས་གཞི་སོ་སོ་དང་མཐུན་སྦྱོར་གཞོགས་འདེགས་བྱས་པར་ཕན་འབྲས་བཟང་བོ་ཐོན། དུས་མཚུངས་སུ་བྱ་བའི་བརྒྱུད་རིམ་ཁྲོད་དུ་དཀའ་ངལ་དང་གནད་དོན་མདུན་དུ་ལྷགས་ཚེ། ཡིད་ཆེས་བརྟན་པོ་དང་བྱ་བའི་སྤྱོད་ཚུལ་ནན་ཏན་བྱས་ནས། མཆོང་བསྐྱོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མངོན་འགྱུར་བྱ་དགོས་ལ། སྲོལ་རྙིང་མཁྲེགས་བཟུང་བྱས་པའི་དབང་གིས་བྱ་བ་གཞན་དབང་གི་གནས་སུ་འགྱུར་བར་ཡང་སྔོན་འགོག་བྱ་དགོས། གོམ་སྟབས་རྗེས་མར་གཅིག་གྱུར་འཆར་འགོད་ཀྱི་མཐུན་སྦྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། ལྷག་པར་དུ་ལས་གཞི་འཛུགས་སྐྲུན་ཐད་གཅོག་འཕྲི་བྱེད་མི་རུང་བར། བྱ་བ་རེ་རེ་དང་ལས་གཞི་རེ་རེ་ཚང་མ་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ཁྲོད་མེད་དུ་མི་རུང་བའི་ལྷུ་ཚིགས་གལ་ཆེན་ཡིན་པས། མྱུར་ཚད་དོན་གཉེར་བྱ་དགོས་པ་མ་ཟད་སྤུས་ཚད་ལ་དེ་བས་ཀྱང་དོ་སྣང་བྱ་དགོས་ལ། ལས་རྣམ་ངེས་པར་དུ་དུས་རབས་ཀྱི་འགྱུར་ལྡོག་དང་རིག་གནས་ཀྱི་བླང་བྱ་དང་བསྟུན་ཏེ། འགོ་ནང་ཐང་འདི་མཛེས་ལྗོངས་ཁུལ་རྩེ་གྲ་ཞིག་ཏུ་འགྱུར་བར་བྱས་ནས་ཁོངས་ཡོངས་ཡུལ་སྐོར་གྱི་སྤུས་རྟགས་ཤིག་ཏུ་འགྱུར་བ་བྱ་དགོས་ཞེས་ནན་གྱིས་བསྟན།། 
རྩོམ་སྒྲིག་པ། བསོད་ནམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།