中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྨ་ཆུ་རྫོང་གིས“ཅན་བཞིས”ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བར་སྐུལ་འདེད་བཏང་བ།
དུས་ཚོད།2020-10-15 11:35:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ད་ལོ་ནས་བཟུང་རྨ་ཆུ་རྫོང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་བྱ་བའི་སྲོལ་ཡིག་ལག་ལེན་ནན་ཏན་བསྟར་ཞིང་། “དམ་འཛིན་བཞི་དང་བཅོས་སྒྲིག་གཉིས”ཀྱི་བྱ་བ་གཞི་འཛིན་ས་བྱས་ཏེ་ཏང་ཡོན་ལ་སློབ་གསོ་བྱེད་སྟངས་དང་འཕེལ་རྒྱས་གོ་རིམ། དོ་དམ་ལམ་ལུགས་སོགས་ཀྱི་ཐད་ནུས་ཤུགས་གང་ཡོད་བཏོན་ཏེ། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་སྟངས་ཚད་ལྡན་ཅན། ཆ་འཕྲིན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་བར་སྐུལ་འདེད་ཤུགས་ཆེན་བཏང་།
    སློབ་གསོ་བྱེད་སྟངས་གསར་གཏོད་བྱས་ཏེ་སློབ་སྦྱོང་རྒྱུན་ལྡན་ཅན་དུ་འགྱུར་བར་བྱས། རྨ་ཆུ་རྫོང་གི 2020ལོའི་གཞི་རིམ་ཏང་ཡོན་ལས་བྱེད་པའི་གསབ་སྦྱོང་འཆར་གཞི་དངརྨ་ཆུ་རྫོང་གི 2020ལོ་ནས 2022ལོའི་བར་གྱི་གཞི་རིམ་ཏང་ཡོན་ལས་བྱེད་པའི་གསབ་སྦྱོང་གི་ལོ་གསུམ་གྱི་བྱ་བའི་འཆར་འགོད་བཟོས་ནས་འགྲེམས་སྤེལ་བྱས། “རྫོང་ཨུའི་རྩ་འཛུགས་པུའུ་དང་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་། ཤང་དང་གྲོང་རྡལ་ཏང་ཨུ”སོགས་གཅིག་བསྡུས་ཀྱི་བྱ་ཐབས་སྤྱད་དེ་རྨ་ཆུ་རྫོང་འབྲོག་སྡེའི་ཏང་ཡོན་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་ཐོན་ཁུངས་ཀྱི་མཛོད་བཙུགས་ཤིང་། གོ་བདེ་ཤེས་སླ་དང་རི་མོ་དང་ཡི་གེ་མཉམ་འདུས། ཁྱད་ཆོས་དམིགས་བསལ་ལྡན་པ་བཅས་ཀྱི་བོད་རྒྱ་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་བརྙན་ལམ་སློབ་ཚན་དང་སྒྲ་ལམ་རླུང་འཕྲིན་མང་པོ་བཟོས་ནས། “ཀན་སུའུ་ཡི་ཏང་འཛུགས་སྐྱོང”དང་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་སློབ་སྦྱོང་སོགས་ཆ་འཕྲིན་ཅན་གྱི་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ། བརྙན་ལམ་སློབ་ཁང་དང་དྲ་རྒྱའི་གསབ་སྦྱོང་འཛིན་གྲྭ་བཙུགས་ནས“སློབ་ཚན+གཞི་ས”དང་། “དྲ་རྒྱའི་གསབ་སྦྱོང+གཅིག་སྡུད་གསབ་སྦྱོང”སོགས་ཀྱི་རྣམ་པ་ཁྱབ་གདལ་བཏང་ཞིང་། རྒྱ་ཆེའི་ཏང་ཡོན་གྱི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པའི་འདུ་ཤེས་མཐོ་རུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ཞིང་། སློབ་སྦྱོང་དང་བསམ་གཞིགས། ལག་ལེན། ཤེས་སྤྱོད་ཟུང་འབྲེལ་བཅས་དོན་འཁྱོལ་ཐུབ་པ་བྱས།
    ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་ནས་དོ་དམ་ཆ་འཕྲིན་ཅན་དུ་བསྒྱུར་བ། རྨ་ཆུ་རྫོང་གིས་སྡེ་བ་རིམ་པའི་རྩ་འཛུགས་ཚད་ལྡན་དུ་བཏང་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་བརྒྱུད་རིམ་གཏན་འབེབས་དང་འགྲེམ་སྤེལ་བྱས། འབྲོག་པའི་ཏང་ཡོན་ལ་ཆ་འཕྲིན་ཅན་གྱི་སློབ་སྦྱོང་སློབ་གསོའི་སྟེགས་བུ་འཁོར་སྐྱོད་བྱས་ཤིང་། ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་འཕྲིན་ཕྲན་ཚོགས་པའི་ནུས་པ་འདོན་སྤེལ་དང་། བོད་རྒྱ་སྐད་གཉིས་ཀྱི་སྒྲ་ཟློས་དང་རྨ་ཆུའི་ཏང་འཛུགས་སྐྱོང་གི་ཉིན་མོ་ཡོངས་བསྒྲགས་བྱས་པ་བརྒྱུད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་གསར་ཤོས། ཏང་གི་སྲིད་ཇུས་ཀྱི་རིག་པའི་གཞུང་ལུགས་དང་ཏང་འཛུགས་སྐྱོང་གི་ལས་སྒོའི་ཤེས་བྱ་དུས་ཐོག་ཏུ་འོས་སྦྱོར་བྱས་ཏེ། ཏང་ཡོན་གྱིས་རང་བརྟེན་སློབ་སྦྱོང་དང་རང་རྟོགས་ངང་ཚོགས་འདུར་ཞུགས་རྒྱུར་ཁྲིད་སྟོན་བྱས། མིག་སྔའི་བར། རྫོང་ཡོངས་ཀྱི་ཏང་ཡོན 3576གིས“ཀན་སུའུ་ཏང་འཛུགས་སྐྱོང”གི་ཆ་འཕྲིན་ཅན་ལས་སྟེགས་སུ་ཐོ་འགོད་བྱས་པ་དང་ཏང་ཀྲི་པུའུ 179རྒྱུན་ལྡན་ངང་འཁོར་སྐྱོད་བྱེད་ཀྱིན་ཡོད། རིམ་རྩིས་བྱས་ན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་དོ་དམ་པ་གཅིག་སྡུད་དང་ས་གནས་ས་ཐོག་ཏུ་གསབ་སྦྱོང་ཐེངས 6བྱས་པ་རེད། བྱ་བའི་བབ་ཚིགས་སུ་བརྡ་ཁྱབ་ཐེངས 2བཏང་ནས་བྱ་བ་རྗེས་ལུས་ཡིན་པའི་ཤང་གྲོང་ཏང་ཨུའི་ཧྲུའུ་ཅི 3ལ་ཁ་ཏ་སློབ་གསོའི་དྲན་སྐུལ་བྱས་པ་རེད།
    ཏང་ཡོན་གྱི་འཇུག་སྒོའི་འགག་སྒོ་ནན་པོ་སྲུང་ནས་གོ་རིམ་ཚད་ལྡན་ཅན་ཡོང་བ་མངོན་འགྱུར་བྱས་ཡོད། ཏང་ཡོན་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཧྲིལ་བོ་དོན་ཐོག་འགོད་པའི་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། ཏང་ཡོན་གྱི་ཡིག་ཚགས་དོ་དམ་བྱ་བར་སྔར་བས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའགྲེམ་སྤེལ་དང་། རྨ་ཆུ་རྫོང་གི་ཏང་ཡོན་གྱི་ཡིག་ཚགས་དོ་དམ་བྱ་ཐབས (ཚོད་ལྟའི་ལག་བསྟར)གཏན་འབེབས་བྱས་ཤིང་། ཏང (བཟོ)ཨུ 20ལ་ཏང་ཡོན་གྱི་ཡིག་ཚགས་ཆེད་སྤྱོད་སྒམ 101དང་ཏང་ཡོན་གྱི་ཡིག་ཚགས་སྒམ 3535བཅས་བཀོད་སྒྲིག་བྱས། སྤྱི་བདེ་དང་འཆར་ལྡན་བུ་བཙའ། སྒྲིག་བཤེར། བཟོ་ཚོང་། འཕྲིན་བཅར། འཐབ་ཕྱོགས་གཅིག་གྱུར་སོགས་སྡེ་ཁག 6གིས་མཉམ་དུ་ཧུར་ཐག་བྱས་ནས་སྡེ་ཁག་གི་མཉམ་བཤེར་བྱ་བ་སྤེལ་ཞིང་། ཏང་ཡོན་འཕེལ་རྒྱས་གཏོང་བར་ཕྱོགས་བསྡུས་ཀྱིས་བརྟག་དཔྱད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་ལ་བློ་དཀར་སེམས་དཀར་དང་དད་སེམས་བརྟན་པ། དུས་རྒྱུན་གྱི་སྤྱོད་ཚུལ་ལེགས་པ། བསམ་བློའི་རྣམ་འགྱུར་བཟང་བ་བཅས་ཡིན་པའི་ན་གཞོན་མང་ཚོགས་ལས་བྱེད་པ་དུས་ཐོག་ཏུ་ཏང་གི་རྩ་འཛུགས་ནང་བསྡུ་ལེན་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཡོད།
    ཏང་ཡོན་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ནས་ཐག་གཅོད་རྒྱུན་ལྡན་ཅན་དུ་འགྱུར་བ་བྱས། “སློབ་གསོ་དོ་དམ་གཙོ་བོར་འཛིན་པ་དང་ཐག་གཅོད་རམ་འདེགས་སུ་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། རྨ་ཆུ་རྫོང་གི་ཏང་ཡོན་གྱི་ཆོས་དད་གནད་དོན་གྱི་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱ་བའི་ཇུས་གཞིདངརྨ་ཆུ་རྫོང་གི་ཏང་ཡོན་གྱི་ཆོས་དད་ཐག་གཅོད་དང་འགན་འཁྲི་རྩད་གཅོད་གཏན་འབེབསབཟོས་ནས་ཏང་ཡོན་དཔུང་ཁག་གི་རྒྱུན་ལྡན་སློབ་གསོ་དོ་དམ་དང་ཚད་ལོན་མེད་པའི་ཏང་ཡོན་ཐག་གཅོད་བྱ་བར་ཤུགས་སྣོན་བྱས། ཏང་ཡོན་མི་རེ་རེར་ཟུར་བཙུགས་རྩིས་ཐོ་བཟོས་ནས། རྒྱུན་དུ་མི་རེ་རེར་བསམ་བློ་བརྗེ་རེས་དང་སློབ་གསོ་དོ་དམ་བྱས་ཏེ། ཆོས་ལུགས་རྨོངས་དད་བྱེད་སྒོར་ཞུགས་མཁན་འབྲོག་པ་ཏང་ཡོན་ལ་འགུལ་རྣམ་དོ་དམ་ལག་བསྟར་བྱས། “གཅིག་གསུམ”གྱི་བྱ་ཐབས་ལྟར་མི 737ལ་སློབ་གསོ་བཏང་བ་དང་མི 3ཏང་ནས་ཕྱིར་འཐེན་བྱས་ཏེ། སྒྲིག་འགལ་ཁྲིམས་འགལ་གྱི་ཏང་ཡོན་ལ་ངོ་བོ་གཏན་ཁེལ་དང་གྲངས་ཚད་གཏན་ཁེལ་ཟུང་འབྲེལ་བྱ་ཐབས་སྤྱད་དེ། ཏང་ཀྲི་པུའུ་ཡི་ཏང་ཡོན་མང་ཆེ་བའི་བསམ་འཆར་དང་གྲོས་འགོ་ཡང་དག་པ་གཅིག་བསྡུས་བྱས་ཏེ། ཚད་མི་ལོན་པའི་ཏང་ཡོན་ལ་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱིས་དབྱེ་མཚམས་གསལ་པོར་ཕྱེ་ཞིང་། ཏང་གི་སྒྲིག་ཁྲིམས་དང་ཁྲིམས་སྲོལ་ལྟར་དུས་ཐོག་ཏུ་ཐག་གཅོད་ནན་པོ་བྱས་པ་དང་། འཕེལ་རྒྱས་ལ་མཐོང་ཆེན་དང་ཐག་གཅོད་ལ་སྣང་ཆུང་། རྩ་འཛུགས་ཀྱིས་ཐག་གཅོད་བྱེད་ཚུལ་ལྷུག་ཐལ་ཤོར་བ་དང་ནུས་མེད་དུ་གྱུར་པའི་སྣང་ཚུལ་སྔོན་འགོག་བྱས་ནས་ཏང་ཡོན་དཔུང་ཁག་གི་དྭངས་གཙང་རང་བཞིན་འགན་ལེན་ཏན་ཏིག་བྱས་ཡོད།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།