中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་དེ་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་བསམ་བློའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱ་དགོས།
དུས་ཚོད།2020-11-18 15:08:37     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
རང་རེའི་ཚགས་པར་གྱི་དཔྱད་གཏམ་པས།
    ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་གསར་བ་འཕྱུར་བ་དང་བསྟུན་ནས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་དུ་རྟོག་ཞིབ་བྱས་ནས་གསར་འགྱུར་འཐབ་ཕྱོགས་ཀྱི་ཁྲོད་དུ་དཀའ་སྤྱད་འབད་བརྩོན་གྱིས་བྱ་བ་སྒྲུབ་པའི་གསར་འགྱུར་བྱ་བྱེད་མཁན་ལ་བལྟས་པ་མ་ཟད་ཞུགས་མོལ་ཚོགས་འདུ་ཚོགས་ནས། རང་ཁུལ་གྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱ་རྒྱུའི་ཐད་མཛུབ་ཁྲིད་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་དང་གསར་འགྱུར་གླེང་ཕྱོགས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་བཅས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་སྔར་ལས་གཏིང་ཟབ་བྱ་དགོས་པའི་བླང་བྱ་བཏོན། ཡུས་ཁྲིན་ཧུའེ་ཡིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་དང“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”མཇུག་སྒྲིལ་བ། “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བ་དང་བཅོ་ལྔ་བ”འགོ་ཚུགས་པའི་ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་བར་ལངས་ནས། ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་གནས་བབ་དང་ལས་འགན་ལ་ངོས་ཟིན་གསལ་བོ་དང་། འོད་སྟོང་ལྡན་པའི་སྲོལ་རྒྱུན་དང་སྲོལ་གསར་སྤྱོད་བཟང་དར་སྤེལ་བཅས་བྱས་ཏེ། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་དེ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བས། ཁུལ་ཡོངས་ཀྱི་གསར་འགྱུར་བྱ་བྱེད་མཁན་གྱི་ཡིད་ཆེས་དང་ཆོད་སེམས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་། གསར་འགྱུར་འཐབ་ཕྱོགས་དང་གསར་འགྱུར་བྱ་བྱེད་མཁན་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་མོ་བྱེད་པ་དང་དུས་བབ་གསར་བའི་འོག་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བ་སྔར་བས་ལེགས་པོ་བསྒྲུབ་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཞེས་བསྟན།
    ཉེ་བའི་ལོ་ཤས་རིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། དུས་རབས་གསར་བའི་ཏང་གི་བོད་སྐྱོང་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ནུས་ཤུགས་ཡོད་རྒུས་བརྟན་པོའི་ངང་འཕར་བ་དང་། བཅོས་སྒྱུར་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག་དང་དམངས་འཚོར་ཕན་པ། ཉེན་ཁ་འགོག་པ། གཏན་འཇགས་འགན་ལེན་སོགས་ཀྱི་བྱ་བ་སོ་སོ་ལེགས་པོར་བསྒྲུབས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་དང་དམངས་ཕྱུག་ཁུལ་དར་གྱི་རྣམ་པ་གསར་བ་གཏོད་པའི་རྒྱང་སྐྱོད་ལམ་བུའི་ཁྲོད་འོད་སྟོང་འཕྲོ་བའི་གྲུབ་འབྲས་ཐོབ་ཡོད།
    ང་ཚོས་བློ་མཐུན་ཡུས་ཁྲིན་ཧུའེ་ཡིས་གསར་འགོད་པའི་དུས་ཆེན་གྱི་ཚོགས་འདུ་དང་ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་དུ་རྟོག་ཞིབ་བྱས་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ནན་མོ་བྱས་ནས། བབ་བསྟུན་ཇུས་འགོད་དང་བབ་བསྟུན་གྱིས་བྱ་བ་བསྒྲུབས་ཏེ། ཀན་ལྷོའི་རྣམ་པར་འགྱུར་ལྡོག་གསར་བ་འབྱུང་བའི་འཕེལ་རྒྱས་ཀྱི་རྣམ་པར་རྐང་བཙུགས་ནས། རང་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་བྱེད་པ་དང་། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་བར་བསྐྱོད་རྒྱུ་ལག་ལེན་བྱེད་པ། བདེན་སྲུང་གསར་གཏོད་མཐའ་འཁྱོངས་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་འགན་འཁྲི་འཁུར་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པ་བྱ་དགོས།
    གསར་འགྱུར་དྲིལ་བསྒྲགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་ངེས་པར་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱ་དགོས། ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་ཏང་གི་བྱ་བའི་ཁྱོན་ཡོངས་དང་ཁུལ་ཡོངས་ཀྱི་བྱ་བའི་ཁྱོན་ཡོངས་ལ་དམིགས་པ་མཐའ་འཁྱོངས་བྱས་ནས་གསར་འགྱུར་དྲིལ་བསྒྲགས་བྱ་བ་ཇུས་འགོད་བྱ་དགོས་པ་དང་། མིག་སྔའི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་གཏིང་ཟབ་བྱེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དེར་དམ་པོར་དམིགས་དགོས་ཤིང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཏེ་གསར་འགྱུར་དྲིལ་བསྒྲགས་བྱ་བ་སྤེལ་དགོས། དབུལ་མཐར་མཁྲེགས་གཏོར་དང་ཕྱོགས་ཡོངས་འབྱོར་འབྲིང་། ཁོར་ཡུག་གསར་བརྗེ། ཁོངས་ཡོངས་སུ་གད་སྙིགས་མེད་པའི་སྒྲིག་བཅོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་བྱ་བར་དམིགས་ནས་དུས་མཚམས་རང་བཞིན་གྱི་དྲིལ་བསྒྲགས་བྱ་བའི་གཙོ་གནད་ཇུས་འགོད་བྱ་དགོས། ཚགས་པར་དང་རླུང་འཕྲིན་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་རང་ངོས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གལ་ཆེན་རྩ་འཛུགས་ཞིབ་ཚགས་བྱས་ཏེ། གསར་འགྱུར་གྱི་རིན་ཐང་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རབས་རིན་ཐང་དང་མཉམ་འདྲེས་ཐུབ་པ་བྱས་ནས་གསར་འགྱུར་སྨྱན་སྦྱོར་དང་གསར་འགྱུར་གླེང་ཕྱོགས་ཀྱི་དྲང་ནུས་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན། ཞི་མཐུན་བཅས་ལ་སྐུལ་འདེད་གཏོང་བའི་ནུས་ཤུགས་ཤིག་ཏུ་འགྱུར་བར་བྱ་དགོས།
    གསར་འགྱུར་དྲིལ་བསྒྲགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་ངེས་པར་དུ་བློ་སྟོབས་ཆེན་པོས་གསར་གཏོད་དང་འགན་འཁྲི་འཁུར་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་ཞིག་བརྒྱུད་བཞིན་འདུག་ཅེས་བསྟན་ཡོད། ཚན་རྩལ་གསར་བརྗེ་དང་ཐོན་ལས་གསར་བརྗེ་བྱེད་ཐེངས་རེས་འཛམ་གླིང་ལ་འཕོ་འགྱུར་བྱུང་བ་ཇེ་མགྱོགས་སུ་བཏང་བ་དང་། དྲ་བ་དང་གྲངས་ཀའི་ཆ་འཕྲིན་ལག་རྩལ་གསར་སྒྱུར་བསྟུད་མར་བྱས་ལ། སྨྱན་སྦྱོར་ཆགས་སྟངས་དང་གླེང་ཕྱོགས་ལ་འགྱུར་ལྡོག་གཏིང་ཟབ་བྱུང་། ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་ཀྱིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་དམ་པོར་འབྲངས་ནས་འབད་འབུངས་ཡར་བརྩོན་དང་བཅོས་སྒྱུར་གསར་གཏོད་བྱ་དགོས། གསར་འགྱུར་དྲིལ་བསྒྲགས་ཀྱི་ནང་དོན་ནི་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས་ཚགས་པར་དང་བརྙན་འཕྲིན་སོགས་སུ་བློ་ཞིབ་མོའི་སྒོ་ནས་ནུས་ཤུགས་ཡོད་རྒུས་པར་ངོས་དང་ལེ་ཚན་གྲགས་ཅན་གཏོད་དེ། རྩོམ་ཡིག་ལེགས་པོ་སྔར་ལས་མང་བོ་སྤེལ་ནས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་སྒོ་ནས་ཀན་ལྷོའི་གཏམ་རྒྱུད་ལེགས་པོར་བཤད་དགོས། ཚགས་པར་དང་བརྙན་འཕྲིན་སོགས་སྲོལ་རྒྱུན་སྨྱན་སྦྱོར་གླེང་ཕྱོགས་ཀྱི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པའི་དུས་མཚུངས་སུ་དེང་སྐབས་ཀྱི་དྲ་བ་དང་ཁ་པར་སོགས་སྨྱན་སྦྱོར་གསར་བའི་དྲིལ་བསྒྲགས་ཀྱི་ལེགས་ཆ་བེད་སྤྱད་ནས་གསར་འགྱུར་གྱི་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆ་མཚོན་ཐུབ་པ་བྱ་དགོས།
    གསར་འགྱུར་དྲིལ་བསྒྲགས་ཀྱི་བྱ་བ་ལེགས་པོ་བསྒྲུབ་པར་ངེས་པར་དུ་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ་མཐའ་འཁྱོངས་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྨྱན་སྦྱོར་གྱི་འགྲན་རྩོད་ནི་གཙོ་བོ་ཤེས་ལྡན་མི་སྣའི་འགྲན་རྩོད་ཡིན་ལ། སྨྱན་སྦྱོར་གྱི་ལེགས་ཆ་ནི་གཙོ་བོ་ཤེས་ལྡན་མི་སྣའི་ལེགས་ཆ་ཡིན་ཞེས་བསྟན་ཡོད། ཆབ་སྲིད་ཀྱི་བསམ་བློ་བརྟན་པོ་དང་བྱེད་སྒོ་ལ་བྱང་ཆུབ་པ། སྤྱོད་ཚུལ་ལེགས་པ། ཏང་དང་མི་དམངས་བློས་འཁེལ་བའི་གསར་འགྱུར་དྲིལ་བསྒྲགས་མཁན་གྱི་དཔུང་ཁག་གང་མགྱོགས་སྒོས་གསོ་སྐྱོང་བྱས་ཏེ། གསར་འགྱུར་བྱ་བྱེད་མཁན་གྱི་ཆབ་སྲིད་ཀྱི་ཤེས་ཚོར་རྣོན་པོའི་རང་བཞིན་དང་དབྱེ་འབྱེད་བྱེད་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་ལངས་གནས་དང་བྱེད་སྒོའི་ཆུ་ཚད་མཐོ་རུ་གཏོང་དགོས། ཆབ་སྲིད་ཐོག་ཉམས་སད་ཐེག་ཐུབ་པ་དང་། བྱང་ཚད་མཐོ་བ། ཚིག་སྦྱོར་ལེགས་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་དཔྱད་གཏམ་མཁན་དང་འགྲེལ་བཤད་པ། གཙོ་སྐྱོང་བ་བཅས་གསོ་སྐྱོང་བྱ་དགོས་པ་དང་། གསར་འགྱུར་ཤེས་ལྡན་མི་སྣའི་གསོ་སྦྱོང་སློབ་སྦྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་དགོས།
    ང་ཚོས་མཛེས་སྡུག་གི་དཔལ་འབར་ཞིང་གསོན་ཤུགས་རབ་ཏུ་རྒྱས་པའི་ཀན་ལྷོ་དང་དུས་བབ་གསར་བའི་མདུན་དུ་ཁུལ་ཡོངས་ཀྱི་གསར་འགྱུར་འཐབ་ཕྱོགས་དང་གསར་འགྱུར་བྱ་བྱེད་མཁན་རྣམས་ལ་མདུན་ལམ་ཆེན་པོ་དང་བྱེད་ནུས་ཆེན་པོ་ཡོད་པར་ངོས་འཛིན་གང་ལེགས་བྱ་དགོས། ང་ཚོས་བློ་མཐུན་ཡུས་ཁྲིན་ཧུའེ་ཡིས་རང་ཁུལ་གྱི་གསར་འགོད་པའི་དུས་ཆེན་ཐེངས 21པ་དང་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་དྲིལ་བསྒྲགས་སྤེལ་གཏོང་ཁྲོད་ཀྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ་དང་ཀན་ལྷོ་ཉིན་རེའི་ཚགས་པར་ཁང་དུ་རྟོག་ཞིབ་བྱེད་སྐབས་ཀྱི་གཏམ་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་དོན་འཁྱོལ་ན་བྱས་ཏེ། དུས་རབས་ཀྱི་འགྲན་རྩོད་ཁྲོད་མདུན་གྲལ་དུ་བསྐྱོད་དགོས་པ་དང་། བཅོས་སྒྱུར་གསར་གཏོད་ཁྲོད་དཀའ་སྤྱད་འབད་བརྩོན་གྱིས་མདུན་སྐྱོད་བྱས་ནས་གསར་འགྱུར་གླེང་ཕྱོགས་ཀྱི་རྣམ་པ་གསར་བ་ཞིག་མངོན་པར་བྱ་དགོས་ཤིང་། གཙོ་རྒྱུན་སྨྱན་སྦྱོར་གྱི་མ་འོངས་པར་རྒྱལ་ཁ་ལེན་ཐུབ་པ་བྱས་ནས་མཐུན་སྒྲིལ་དང་ཕྱུག་འགྱུར། ཤེས་རིག ཞི་མཐུན། མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱ་ཆེད་བསམ་པའི་སྟོབས་ཤུགས་དང་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱ་དགོས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།