* ཉེ་ཆར། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བུད་མེད་ཀྱི་ཨུ་ཡོན་ལྷན་ཚོགས་ཀྱིས་བུད་མེད་ལས་བཟོ་བ་ཡོངས་རྩ་འཛུགས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་བྱས། གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་ཐུབ་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཏུ་འགྱུར་བའི་ལམ་བུ་གསར་བར་བསྐྱོད་པའི་བར་སྐབས་སུ་འཚོགས་པའི་ཁྱོན་ཡོངས་ཀྱི་རང་བཞིན་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གལ་འགངས་ཆེ་བའི་གྲོས་ཚོགས་ཤིག་ཡིན་པ་བསྟན།།
* ལོ་སྔོན་མ་ནས་བཟུང་། འབྲུག་ཆུ་རྫོང་གིས་སྤྱོད་ཚུལ་ལེགས་སྐྱོང་བྱེད་པ་ལག་བསྟར་བྱེད་པའི་ལོ་དེའི་གླགས་དང་བསྟུན་ནས། “རྟོག་ཞིབ་བཞི་དང་སྒྲིག་བཅོས་བཞིའི”ཆེད་དོན་ལས་འགུལ་ལག་ཐབས་སུ་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་དང་སྒྲིག་སྲོལ་འཐུས་ཚང་། བྱ་ཐབས་དོན་འཁྱོལ་སོགས་ནན་གྱིས་སྒྲུབ་པ་གནད་སར་བཟུང་སྟེ། དངོས་སུ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་གྲུབ་འབྲས་མངོན་གསལ་ཐོན།།
* ཞིང་ཆེན་དང་ཁུལ། སྡེ་བའི(སྡོད་ཁུལ) “ཨུ་གཉིས”བརྗེ་སྤོར་དུས་སྐབས་ཀྱི་བྱ་བ་འགོ་བཙུགས་པ་ནས་བཟུང་། རྨ་ཆུ་རྫོང་གིས“གཅིག་བཞིའི”འགན་འཁྲིའི་མ་ལག་གཟབ་ནན་སྒོས་ལག་བསྟར་བྱས་པ་དང་རྟོག་བཤེར་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བརྗེ་སྤོར་དུས་སྐབས་ཀྱི་བྱ་བའི་གོ་རིམ་ནན་གྱིས་སྒྲུབ་པ། ཞིབ་ཕྲའི་གོ་རིམ་ཚད་ལྡན་དུ་བསྒྱུར་བ་བཅས་བྱས་ཏེ། སྡེ་བའི (སྡོད་ཁུལ) “ཨུ་གཉིས”བརྗེ་སྤོར་དུས་སྐབས་ཀྱི་འདེམས་བསྐོའི་བྱ་བ་ཚགས་དམ་པོས་སྤེལ།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|