中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་གྲོས་གཞི་ཞིབ་བཤེར་དང་ཐོ་འགོད་བྱས་ཚུལ་སྐོར་གྱི་སྙན་ཞུའི་གྲོས་ཆོད།
དུས་ཚོད།2021-02-18 13:26:38     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(2021 ལོའི་ཟླ 2པའི་ཚེས 3ཉིན་ལ་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་གྲོས་འཆམ་བྱུང་།)
     སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་བའི་ཁྲོད། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རྐང་བཙུགས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་བཞིན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་ཡོད། དེ་བཞིན་དུ“མི་དམངས་བླ་ན་མེད་པའི”འདུ་ཤེས་ཀྱི་རིན་ཐང་འཚོལ་སྙེག་བྱེད་པ་བློ་རྩ་བརྟན་པོས་ལག་བསྟར་བྱས་ལ། “དམངས་འཚོར་དོན་ཆེན་སྒྲུབ་པའི”འགན་འཁྲི་འཁུར་སེམས་གང་ལེགས་མངོན་པ་བྱས་ནས“དམངས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི”གསོན་ཉམས་དོད་པའི་ལག་ལེན་ནང་རང་རྟོགས་སྒོས་ཞུགས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྲིད་ཞུགས་སྲིད་གླེང་གི་སྤྲོ་སེམས་ཆེན་པོས་རང་འགན་གཙང་སྒྲུབ་ཀྱིས་གྲོས་གཞིའི་རྣམ་པའི་ཐོག་ནས་བློ་གྲོས་ཟབ་མོ་འདོན་པ་དང་། དངོས་སྒྲུབ་ཀྱི་ཐབས་ཇུས་འདོན་པ། དམངས་ཕན་དོན་གཉེར་བཅས་ཀྱི་བྱ་ཐབས་སྤྱད་དེ་ཀན་ལྷོའི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྲིད་གྲོས་ཀྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
    2021ལོའི་ཟླ 2པའི་ཚེས 2ཉིན་གྱི་ཆུ་ཚོད 12ཐུག་བར་དུ། བསྡོམས་པས་གྲོས་གཞི 169 འབྱོར་ཡོད་ལ། གྲོས་གཞིའི་ནང་ཞུགས་མཁན་གྱི་ཨུ་ཡོན་མི་ཐེངས 482ཡོད། གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིསགྲོས་གཞི་ཞིབ་བཤེར་ཐོ་འགོད་ཀྱི་བསམ་འཆརགྱི་འབྲེལ་ཡོད་གཏན་འབེབས་ལྟར། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ། ས་གནས་ཀྱི་ལས་དོན་གལ་ཆེན་དང་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་བྱེད་པའི་གནད་དོན་ཕྱོགས་སྟོན་དུ་བཟུང་ནས་གྲོས་གཞིའི་སྤུས་ཚད་ལ་དོ་སྣང་བྱས་པ་དང་། གྲོས་གཞིའི་རྒྱང་ལྟའི་རང་བཞིན་དང་། ཚན་རིག་གི་རང་བཞིན། དམིགས་སའི་རང་བཞིན་བཅས་མངོན་གསལ་དོད་པོས་འབུར་དུ་ཐོན་པར་བྱས་ཤིང་། གྲོས་གཞི་སྒྲུབ་པའི་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ་གཏན་འབེབས་བྱས་པའི་ལས་རིམ་ལྟར་གྲོས་མོལ་དང་ཞིབ་བཤེར་ནན་མོ་བྱས་ནས་གྲོས་གཞི 167ཐོ་འགོད་བྱས་པ་དང་གྲོས་གཞི་མཉམ་བསྲེས 2ཡོད། ཐོ་འགོད་བྱས་པའི་གྲོས་གཞིའི་ཁྲོད་དུ། དཔལ་འབྱོར་འཛུགས་སྐྲུན་སྐོར་གྱི་གྲོས་གཞི 39ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 23.3%ཟིན་ཡོད། ཞིང་ཕྱུགས་ལས་དང་རོང་འབྲོག་སྡེའི་སྐོར་གྱི་གྲོས་གཞི 13ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 7.9%ཟིན་ཡོད། ཁོར་ཡུག་ཐོན་ཁུངས་སྐོར་གྱི་གྲོས་གཞི 25ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 15%ཟིན་ཡོད། ཚན་རིག་ལག་རྩལ་དང་སློབ་གསོ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཀྱི་སྐོར་གྱི་གྲོས་གཞི 39ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 23.3%ཟིན་ཡོད། ངལ་རྩོལ་མི་དོན་དང་སྤྱི་ཚོགས་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་སྐོར་གྱི་གྲོས་གཞི 39ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 23.3%ཟིན་ཡོད། ཆོས་ལུགས་དང་དེ་མིན་རིགས་གཞན་དག་སྐོར་གྱི་གྲོས་གཞི 12ཡོད་པ་དེས་སྤྱིའི་ཐོ་འགོད་གྲོས་གཞིའི 7.2%ཟིན་ཡོད།
    སྤྱི་ཡོངས་ནས་བལྟས་ན། ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་གཞི་དག་ནང་དོན་ཕུན་སུམ་ཚོགས་པ་དང་བརྗོད་བྱ་གསལ་བོ་ཡིན་ཞིང་། གྲོས་གཞི་མང་ཆེ་བ་ནི་གྲོས་གཞི་འདོན་མཁན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པ་དང་། བསམ་བློ་གཏིང་ཟབ་བཏང་བ། ཚན་རིག་དང་མཐུན་པར་རིགས་པས་ཁུངས་སྐྱེལ་བྱས་པ། བློ་ཞིབ་མོས་བྲིས་པ་བཅས་བྱས་ནས་གྲུབ་པ་ཏག་ཏག་རེད། གྲོས་གཞི་འདོན་མཁན་གྱིས་རང་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ་དང 2035ལོའི་རྒྱང་རིང་གི་དམིགས་འབེན་ལ་དམིགས་ནས། བློ་ཞིབ་མོས་གདམས་གསེས་བྱས་ཤིང་། དངོས་གཉེར་ཇུས་འདོན་བྱས་ཡོད་དེ། ནང་དོན་གཙོ་བོ་ནི“གནོད་མེད་ལྔའི”ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ཤུགས་སྣོན་པ་སོགས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྟེ་བའི་ལས་འགན་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་དམངས་འཚོའི་གནད་དོན་དག་ཡིན་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་དམངས་དོན་དུ་འགན་ནུས་སྒྲུབ་པ་དང་། དམངས་དོན་དུ་འགན་འཁྲི་འཁུར་ཕོད་པའི་བློ་རྒྱ་དང་འགན་འཁྲིའི་འདུ་ཤེས་བཅས་མཚོན་ཡོད།
    ཚོགས་ཆེན་གྲོལ་རྗེས། གྲོས་གཞི་བསྒྲུབ་རྒྱུར་སྤྲོད་པའི་གྲོས་ཚོགས་དུས་ཐོག་ཏུ་ཚོགས་ནས་གྲོས་གཞི་ཐོ་འགོད་བྱས་པའི་གྲོས་གཞི་རྣམས་འབྲེལ་ཡོད་སྒྲུབ་འགན་འཁུར་མཁན་སྡེ་ཚན་ལ་བསྐྱལ་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དུ་འཇུག་རྒྱུ་ཡིན་པ། ཐེངས་འདིའི་ཚོགས་ཆེན་གྱི་གྲོས་གཞི་འདོན་མཚམས་འཇོག་པའི་དུས་ཚོད་ཀྱི་རྗེས་སུ་འབྱོར་བའི་གྲོས་གཞི་རྣམས་གྲོས་གཞི་ཨུ་ཡོན་ལྷན་ཁང་གིས་རྒྱུན་ལྡན་གྱི་གྲོས་གཞིར་བརྩིས་ནས་གཏན་འབེབས་ཀྱི་གོ་རིམ་ལྟར་ཞིབ་བཤེར་བྱས་ནས་གྲོས་གཞི་བསྒྲུབ་རྒྱུར་སྤྲོད་རྒྱུ་རེད།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།