༄༅།། སྲིད་གཞུང་གི་བྱ་བའི་སྙན་ཞུ། - རང་ཁུལ་གསར་འགྱུར། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྲིད་གཞུང་གི་བྱ་བའི་སྙན་ཞུ།
དུས་ཚོད།2021-02-20 11:01:29     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
2021ལོའི་ཟླ 2པའི་ཚེས 1ཉིན་ལ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན། ཀྲའོ་ལིན་ཡུན།
    འཐུས་མི་རྣམ་པ།
    ད་ལྟ་ངས་འདི་ནས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས། ཚོགས་ཆེན་ལ་བྱ་བའི་སྙན་ཞུ་འབུལ་རྒྱུ་ཡིན་པས། ཚང་མས་ཞིབ་བཤེར་གྲོས་མོལ་བྱེད་རྒྱུ་དང་། སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམས་ཀྱིས་བསམ་འཆར་འདོན་རོགས་ཞུ།
    “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”བྱ་བར་ཕྱིར་མིག་བལྟ་བ།
    “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ”ནི་རང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཤིང་། ཁྱོན་ཡོངས་ནས་འབྱོར་འབྲིང་ལ་རྒྱལ་ཁ་བླངས་པ་དང་། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་རྒྱལ་ཁ་བླངས་པའི་ལོ་ངོ་ལྔ་ཡིན། ལོ་ལྔའི་རིང་ལ། དཔལ་འབྱོར་ཉམས་རྒུད་ཀྱི་གནོན་ཤུགས་ཇེ་ཆེར་སོང་བ་དང་། དཀའ་ངལ་སྣ་ཚོགས་གཅིག་འཕྲོད་གཅིག་བྱུང་ཞིང་། རང་བྱུང་གི་གནོད་འཚེ་ཡང་ནས་བསྐྱར་དུ་བྱུང་བའི་རྙོག་འཛིང་གི་གནས་བབ་གདོང་གིས་བསུས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག ཁུལ་དམངས་ཆེན་དང་དེའི་རྒྱུན་ཨུ་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་བྱ་བའི་ལྟ་སྐུལ། ཁུལ་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་འོག ཁུལ་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཡིས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་། སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་གསུང་བཤད་དང་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་ནན་མོ་བྱས་ལ། ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ་མ་ཟད། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་དང་བཀོད་འདོམས་ལྟར། “འཐབ་ཇུས་ཆེན་མོ་ལྔ”མུ་མཐུད་དུ་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས“སྐྱེ་ཁམས་ཆེན་མོ་ལྔ”འཛུགས་སྐྲུན་བྱས་པ། རྒྱུན་སྲོལ་ཐོད་བརྒལ་གྱིས་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ། གཞན་གྱི་སྔོན་ལ་རླབས་ཆེན་གྱི་ལས་དོན་གསར་གཏོད་བྱེད་པ། གཞན་གྱི་སྔོན་ལ་གོ་སྐབས་དམ་འཛིན་གྱིས་འབད་པ་ལྷུར་ལེན་བྱས་པར་བརྟེན། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པར”འཆར་གཞི་བཀོད་པའི་དམིགས་འབེན་དང་ལས་འགན་ཚང་མ་ཡོངས་སུ་ལེགས་གྲུབ་བྱས་པས། རང་སྐྱོང་ཁུལ་གྱི་འཕེལ་རྒྱས་གོ་རིམ་ཁྲོད་དུ། གྲོང་ཁྱེར་དང་གྲོང་གསེབ་ལ་འགྱུར་ལྡོག་ཆེས་ཆེ་བ་དང་། ཡར་རྒྱས་ཀྱི་རྒྱུ་སྤུས་ཆེས་བཟང་བ། རྨང་གཞིའི་སྒྲིག་ཆས་འཕེལ་རྒྱས་ཆེས་མགྱོགས་པ། མང་ཚོགས་ལ་ཁེ་ཕན་རག་པ་ཆེས་མང་བའི་དུས་སྐབས་ཤིག་བསྐྲུན་ནས། ཀན་ལྷོའི་འཕེལ་རྒྱས་འདི་ཉིད་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་བསླེབས་སུ་བཅུག་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་བསྣན་ཏེ་འཕར་སྣོན་བརྟན་འཇགས་དང་རྨང་གཞི་སྲ་བརྟན་བཏང་བས་ཕྱོགས་བསྡུས་སྟོབས་ཤུགས་དུས་རིམ་གསར་བ་ཞིག་ཏུ་སླེབས་ཡོད། ཐོག་མའི་ཞིབ་རྩིས་ལྟར་ན“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”མཇུག་ཏུ། ཁུལ་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་ཐོན་རིན་སྤྱི་འབོར་སྒོར་དུང་ཕྱུར 219.06ལ་ཐོན་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སྒོར་དུང་ཕྱུར 60.61འཕར་ཡོད་ཅིང་། ལོ་རེར་ཆ་སྙོམས་ཀྱིས 4.4 འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་བསྡོམས་པས་སྒོར་དུང་ཕྱུར 855.29འགྲུབ་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”སྐབས་དང་བསྡུར་ན 17.65 འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་ཚད་སྒོར་དུང་ཕྱུར 12.95ལ་བསླེབས་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སྒོར་དུང་ཕྱུར 2.22འཕར་ཡོད། སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར 44.86ལ་བསླེབས་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སྒོར་དུང་ཕྱུར 3.28འཕར་ཡོད་ལ། ལོ་རེར་ཆ་སྙོམས 1.5 འཕར་ཡོད། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་ཡོང་སྒོ་སྒོར་དུང་ཕྱུར 10.47ལ་བསླེབས་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སྒོར་དུང་ཕྱུར 1.3འཕར་ཡོད་ལ། ལོ་རེར་ཆ་སྙོམས 2.71 འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སྒོར 27656དང་སྒོར 9129ལ་བསླེབས་པས། “ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སོ་སོར་སྒོར 8000དང་སྒོར 3201འཕར་ཡོད་ལ། ལོ་རེར་ཆ་སྙོམས 7.1 དང 9 འཕར་ཡོད། དངུལ་རྩ་ལས་ཁུངས་སུ་དངུལ་གསོག་པ་དང་དངུལ་བསྐྱིས་པ་སོ་སོ་སྒོར་དུང་ཕྱུར 388.19དང་སྒོར་དུང་ཕྱུར 258.79ལ་བསླེབས་པས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སོ་སོ་སྒོར་དུང་ཕྱུར 92.07དང་སྒོར་དུང་ཕྱུར 53.43འཕར་ཡོད་ལ། ལོ་རེར་ཆ་སྙོམས་ཀྱིས 5.56 དང 4.73 འཕར་ཡོད། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་སྟོན་གྲངས་མུ་མཐུད་དུ 103ནང་དུ་ཚོད་འཛིན་བྱས་ཡོད་ལ། མཁར་གྲོང་གི་ལས་ཤོར་ཚད་ནམ་ཡང 4 ནང་ཚོད་འཛིན་བྱས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་དབུལ་ཐར་མཁྲེགས་གཏོར་ལ་ཤུགས་བསྣན་ཏེ་དྲག་འཛིང་བརྒྱབ་ཅིང་བཙན་རྫོང་གཏོར་བས་དབུལ་ཕོངས་མཐའ་གཅིག་ཏུ་རྩ་མེད་བཏང་ཡོད། དབུལ་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར 87.75བཏང་ཡོད་ལ། “ཁུལ་གཉིས་དང་རྫོང་གཅིག”གི་ཇུས་གཞིའི་མ་དངུལ་སྒོར་དུང་ཕྱུར 75.96བཏང་ཡོད། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”ལ་དམིགས་ཏེ། རོང་འབྲོག་སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ལས་དབུལ་སྐྱོར། གནས་སྤོས་དབུལ་སྐྱོར་སོགས་ཀྱི་ལས་གཞི་རབས་དང་རིམ་པ་ཞིག་ལག་བསྟར་བྱས་ཡོད། འོས་འགན་སློབ་གསོའི་དུས་རིམ་ཡོངས་སུ“གཉིས་གཅོག་གཅིག་གསབ”མངོན་གྱུར་བྱུང་ཞིང་། ཁ་བརྡ་བྱས་ནས་སློབ་ཤོར་བ་ཕྱིར་བཅུག་པའི་སློབ་མ 5624ཡོད། སྡེ་བ་རིམ་པའི་སྨན་ཁང་ཚད་ལྡན 560བཙུགས་ཡོད་ལ། དབུལ་ཕོངས་མི་སྣའི་སྨན་བཅོས་འགན་ལེན་ནང་ཞུགས་དང་རོགས་སྐྱོར་ཡོངས་སུ་ཁེབས་པ་མངོན་གྱུར་བྱས་ནས། “འགན་སྲུང་གསུམ”གྱི་ནུས་པ་མུ་མཐུད་ཇེ་མཐོར་བཏང་ཡོད། རོང་འབྲོག་སྡེ་བའི་ཁང་བ་ཉེན་ཁ་ཅན 9602ཞིག་གསོ་བྱས་ནས་ཉེན་ཁང་ཚང་མ་མེད་པར་བཏང་ཡོད། ཡུལ་གཞན་གནས་སྤོས་དབུལ་སྐྱོར་གྱི་བྱ་བ་རྒྱལ་ཡོངས་ཀྱི“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”དམིགས་དཔེ་བྱེད་སའི་ཁོངས་སུ་ཚུད་ནས། ཁྱིམ་ཚང 7381གི་མི 34575གནས་སྤོས་བྱས་ཡོད། འཐུང་ཆུ་བདེ་འཇགས་ཀྱི་བཟོ་སྐྲུན 1097ལག་བསྟར་བྱས་ཤིང་། ཞིང་ཕྱུགས་སྡེ་བའི་འཐུང་ཆུ་ཡོངས་རྫོགས་བདེ་འཇགས་ཀྱི་ཚད་ལ་ཐོན་ཡོད། དབུལ་སྐྱོར་ཐོན་ལས་ཀྱི་མ་ལག་སྔར་ལས་འཐུས་ཚང་བཏང་ནས། “ཁྱད་ལྡན་ཐོན་ལས་ཆེན་མོ་བརྒྱད”ཀྱི་མེ་ཏོག་གང་སར་བཞད་ཡོད། ཁོངས་ཡོངས་སུ་ཡུལ་སྐོར་གསོ་སྐྱོང་རྟེན་གཞི་སོགས་དབུལ་སྐྱོར་འཁོར་ཁང 190བསྐྲུན་ནས། དབུལ་ཕོངས་མང་ཚོགས 2502ཀྱིས་ཐག་ཉེ་ནས་ལས་ཞུགས་ཐུབ་པ་བྱས་ཡོད། སྤྱི་ཕན་རྣམ་པའི་ལས་གནས 5533བཙུགས་ཡོད་ཅིང་། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་པ་མི 10907རང་སའི་སྐྱེ་ཁམས་ནགས་སྲུང་བ་དང་རྩྭ་སྲུང་བར་བདམས་ཡོད། དབུལ་ཕོངས་ངལ་རྩོལ་བ་མི་ཐེངས་ཁྲི 8.14གསོ་སྦྱོང་བྱས་ཡོད། གནས་ཁེལ་རོགས་སྐྱོར་དང་ནུབ་བྱང་མཉམ་སྒྲུབ། ཁ་གཏད་རོགས་སྐྱོར་བཅས་ཀྱི་ནུས་ཤུགས་ཇེ་ཆེར་བཏང་ནས། མ་དངུལ་སྒོར་དུང་ཕྱུར 19.08དངོས་འབེབས་བྱས་ཡོད། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་པ་མི་ཁྲི 17.12ཡོད་པ་ཚང་མ་དབུལ་ཐར་བྱས་ཡོད་ལ། དབུལ་ཕོངས་སྡེ་བ 309ཡོད་པ་ཡོངས་སུ་དབུལ་ཐར་བྱས་ནས། ཁུལ་ཡོངས་ཀྱིས་ལོ་གཅིག་སྔ་བསྣུར་བྱས་ཏེ་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པ་མངོན་གྱུར་བྱས་ཡོད། སྤུས་ཚད་མཐོན་པོས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་རྩ་བ་ནས་བླངས་པས། ལོ་ངོ་བརྒྱ་སྟོང་ནས་རྦད་དེ་དབུལ་ཕོངས་གནད་དོན་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་བྱས།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་ལྗང་མདོག་ལག་ལེན་ལ་ཤུགས་བསྣན་ཏེ་བྱེད་སྟངས་གསར་བ་སྤྱད་ཅིང་ལམ་བུ་གསར་བར་སྙེག་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རིམ་སྤར་བྱས་ཡོད། རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་སྔོན་ཐོན་དཔེ་སྟོན་ཁུལ་འཛུགས་པའི་དམིགས་འབེན་ལ་ཆེད་དུ་དམིགས་ཤིང་། གསར་གཏོད་ཀྱིས་འཕེལ་རྒྱས་སྐུལ་བའི་འཐབ་ཇུས་རྒྱུན་འཁྱོངས་བྱས་ནས། ཁུལ་ཨུའི་འཆར་གཞི་ཞིབ་མོ་དང་སྐུལ་འདེད་ཆེན་མོའི་འོག ཁུལ་ཡོངས་ཀྱི་རིགས་སོ་སོའི་རྩ་འཛུགས་དང་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་སེམས་པ་གཅིག་མཐུན་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་སྒོ་ནས། གསར་གཏོད་རང་བཞིན་དང་རྒྱུན་སྲོལ་བརྒལ་ནས་ཁོངས་ཡོངས་སུ་ཡུལ་སྐོར་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པར་སྐུལ་འདེད་བཏང་ཞིང་། ཤ་ཟད་རུས་ཐུག་གི་བརྩོན་པ་སྐྱེད་དེ་ཁུལ་ཡོངས་སུ“ཁོར་ཡུག་གསར་བཅོས”ཀྱི་མཐོ་རླབས་ཤིག་བསླངས་པར། ཁྱོན་ཡོངས་རང་བཞིན་གྱི“ཁོར་ཡུག་གསར་བརྗེ”རྒྱ་ཆེན་པོ་སྐུལ་སྤེལ་བྱས་ཤིང་། རི་ཆུ་སྔོན་མོ་དང་སྤང་ལྗོངས་ཡངས་མོ་སྤྱི་ལེ་གྲུ་བཞི་མ་ཁྲི 4.5རུ“ཁོངས་ཡོངས་སུ་གད་སྙིགས་མེད་པའི”དམིགས་འབེན་མངོན་འགྱུར་བྱས་པར། ཆབ་སྲིད་ཀྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས། དབུལ་སྐྱོར་གྱི་ཕན་འབྲས་ཆེན་མོ་ཐོན་ཡོད་ལ། རྨང་གཞི་བརྟན་པོ་བཏང་། ལས་རྣམ་གསར་བ་བཏོད། དཔལ་ཡོན་སྤྱི་ཚོགས་བསྐྲུན། སྣང་བརྙན་ཡག་པོ་བཞག ཐོན་སྐྱེད་འཚོ་སྟངས་སྒྱུར་བར་བརྟེན། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་སྤོབས་སེམས་སྔར་བྱུང་མ་མྱོང་བའི་ཇེ་མཐོར་སོང་ཡོད། ཞིང་ཆེན་ཡོངས་ཀྱིས་དཔེ་སྟོན་བྱེད་ཅིང་རྒྱལ་ཡོངས་སུ་སྣེ་ཁྲིད་པའི“ཁོངས་ཡོངས་སུ་གད་སྙིགས་མེད་པའི”དཔེ་སྟོན་ཁུལ་འཛུགས་སྐྲུན་ལེགས་གྲུབ་བྱུང་བས། ཀན་ལྷོའི་མཚན་སྙན་རྒྱལ་ཡོངས་སུ་ཁྱབ་ཡོད། བློ་རྒྱ་ཆེན་པོས་ཞིང་ཕྱུགས་སྡེ་བའི་འཕེལ་རྒྱས་གཏོང་སྟངས་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར 156བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 1603བསྐྲུན་ཡོད་ལ། ཀླུ་ཆུའི་ཀ་ཤུལ་དང་ལིན་ཐན་འགོ་ནང་ཐང་གི་ཁྲི་ཀོའུ། ཅོ་ནེའི་སྤོ་ཡུལ་དང་ལུས་གསེར། གཙོས་ཀྱི་སྔོ་དཀར། བསང་ཆུའི་རྔ་རྒོད་དང་ཤུག་ལུང་ཉིན་པ།  འབྲུག་ཆུའི་ཐུའུ་ཆའོ་ཙི་དང་མགོ་གཙང་སྐྱིད་པོ་ནང་། ཐེ་བོའི་མགོ་རྗེ། རྨ་ཆུའི་པོ་ཏི་སོགས་དཔེ་མཚོན་སྡེ་བ་རབས་དང་རིམ་པ་ཞིག་བསྐྲུན་ནས། ཞིང་ཕྱུགས་སྡེ་བའི་རྣམ་པ་གནམ་ས་བླ་འོག་ཏུ་བསྒྱུར་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱས་པ་འདི་བོད་འབྲེལ་གྱི་ཁུལ་དང་རྫོང་དུ་ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད་པས། རྒྱལ་ཁབ་ཀྱིས་ཀྱང་ཀན་སུའུ་ཞིང་ཆེན་གྱི་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ 40འཁོར་བའི་ཚུན་གྱི་ལེགས་གྲུབ་བྱུང་བའི་དཔེ་མཚོན་གཅིག་པུར་བརྩིས་ནས་རྒྱལ་ཡོངས་སུ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། སྐྱེ་ཁམས་དཔལ་ཡོན་ལ་གཟར་འགག་གི་གླེང་སྟེགས་མུ་རུ་བསྐྱངས་ནས་སྐབས་བཅུ་གཅིག་བསྒྲུབས་ཤིང་། ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དཔྱད་འཇོག་དང་རྨ་ཆུ་དཔེ་སྟོན་རྫོང་གི་བུ་ལོན་རེའུ་མིག་སྒྲིག་འཛུགས་བྱས་ཡོད། ཆིན་ཧྭ་སློབ་ཆེན་སྤྱི་ཚོགས་རིག་གནས་སློབ་གླིང་ལ་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་ནས་ཐེངས་དང་བོརཀན་ལྷོ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་སློབ་གསོའི་ཀློག་དེབདཔེ་སྒྲིག་བྱས་པ་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་དྲིལ་བསྒྲགས“ཕྱོགས་བརྒྱད”ལ་ཁྱབ་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས། དམངས་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཇེ་མཐོར་བཏང་ཡོད། ཀན་ལྷོ་རྨ་ཆུའི་ཆུ་ཁུངས་གཙོ་བོ་མཁོ་སྤྲོད་བྱེད་སའི་སྐྱེ་ཁམས་ནུས་ཁུངས་ཁུལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ་སོགས་སྐྱེ་ཁམས་ཀྱི་ལས་གཞི་རབས་དང་རིམ་པ་ཞིག་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ཐེ་བོ་རྫོང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་གི་མིང་བཏགས་ཐོབ་ཡོད་ལ། ཅོ་ནེ་རྫོང“ཀྲུང་གོའི་ཆེས་མཛེས་པའི་རྫོང་མཁར”གྱི་མིང་ཐོར་ཚུད་ཅིང་། གཙོས་གྲོང་ཁྱེར་ལ“རྒྱལ་ཁབ་ཀྱི་གཙང་སྦྲ་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཡོད། བྲག་སྒམ་ནང་གིས་ཞིང་ཕྱུགས་ནགས་གསུམ་མཉམ་གཉེར་བྱེད་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་ནམ་པའི་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་ལ་ངོས་འཛིན་བྱས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་མཐའ་ཚད་སྲུང་ཞིང་བླང་བྱ་ནན་མོ་བཏོན་པས་ཁོར་ཡུག་གི་རྒྱུ་སྤུས་ཇེ་བཟང་བཏང་ཡོད། “ནམ་མཁའ་སྔོ་ཞིང་། ཆུ་མོ་དྭངས་པ། ས་གཤིས་གཙང་བའི”འབག་བཙོག་འགོག་བཅོས་ཀྱི་དམག་འཐབ་ཆེན་མོ་གསུམ་སྐུལ་འདེད་ཟབ་མོ་བྱས་པ་དང་། རླུང་ཁམས་ཆེན་མོའི་འབག་བཙོག་སྔོན་འགོག་གི“ཞིབ་ཐོ་དགུ”ཁྱོན་ཡོངས་ནས་དངོས་འབེབས་བྱས་པར་བརྟེན། གཙོས་གྲོང་ཁྱེར་གྱི་མཁའ་དབུགས་ཀྱི་རྒྱུ་སྤུས་བཟང་བའི་ཉིན་གྲངས་སྡུར་ཚད 98.8 ལ་བསླེབས་ནས། “ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན 13.9 ཇེ་མཐོར་སོང་ཡོད། ཁུལ་ཡོངས་ཀྱི་མངའ་ཁོངས་ཀྱི་ས་སྟེང་ཆུའི་དཔྱད་ཞིབ་དང་། ས་འོག་ཆུའི་ལྟ་ཞིབ་ཚད་ལེན། གཅིག་བསྡུས་འཐུང་ཆུའི་ཆུ་ཁུངས་ཀྱི་རྒྱུ་སྤུས་བཟང་ཚད་བཅས 100 ལ་བསླེབས་ཡོད། ས་རྒྱུ་འབག་བཙོག་གི་གནས་ཚུལ་ལ་བརྟག་དཔྱད་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་བྱས་ཏེ། འབག་བཙོག་ཏུ་གྱུར་བའི་རྨོ་ཞིང་བདེ་འཇགས་ཀྱིས་བཀོལ་བ་དང་ལྟ་རྟོག་ཚོད་འཛིན་གཟབ་ནན་བྱས་པས། ས་རྒྱུ་ཁོར་ཡུག་གི་རྒྱུ་སྤུས་མུ་མཐུད་བརྟན་འཇགས་བྱུང་ཡོད། རྫོང་གྲོང་བརྒྱད་ཀྱི་འཛེར་སྒྲ་འགོག་ཚད 100 ལ་བསླེབས་ཡོད། གཞི་རྒྱ་ཆེན་པོས་རྒྱལ་དབང་ས་ཁོངས་ལྗང་སྒྱུར་གྱི་ལས་གཞི་ལག་བསྟར་བྱས་ཏེ་བསྡོམས་པས་འོས་འགན་གྱིས་སྡོང་ཕྲུག་ཁྲི 1514.2བཙུགས་ཡོད་པས། ལྗང་སྒྱུར་རྒྱ་ཁྱོན་ས་མུའུ་ཁྲི 70འཕར་ཡོད། རྩྭ་ཐང་མུའུ་ཁྲི 660ལ་ཕྱོགས་བསྡུས་བཅོས་སྐྱོང་དང་། མུའུ་ཁྲི 2938.84ཡི་རྩྭ་ཕྱུགས་དོ་སྙོམས་བྱས་ཡོད་ལ། ལུག་བརྩི་གཞི་བྱས་པའི་ཚད་བརྒལ་སྒོ་ཕྱུགས་ཁྲི 131.48ཇེ་ཉུང་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར 26.73བཏང་ནས། གཙང་ཆུ་བདག་སྐྱོང་དང་ས་ཆུ་སྲུང་འཛིན། ས་གཤིས་གནོད་འཚེ་སྔོན་འགོག་སོགས་སྐྱེ་ཁམས་བདག་སྐྱོང་གི་ལས་གཞི 430ལག་བསྟར་བྱས་ཡོད། རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་ཆེས་ནན་མོ་རྒྱུན་འཁྱོངས་དང་། རྨོ་ཞིང“ཞིང་ས་མིན་པར”གཏོང་བའི་སྤྱོད་ཚུལ་སྣ་ཚོགས་འགག་རྒོལ་བྱས། སྤྱིལ་ཁང་ཆེན་མོའི་གནད་དོན་དང་ཁྲིམས་འགལ་གཞིས་བྲང་ལ་ཆེད་དུ་གཙང་བཤེར་བདག་སྐྱོང་བྱེད་པ་ནན་གྱིས་སྤེལ་ནས། རྨོ་ཞིང་སྤྱི་ཆིངས 313.9ལ་ཁ་གསབ་སྙོམས་སྒྲིག་དངོས་འབེབས་དང་རྨོ་ཞིང་སྤྱི་ཆིངས་ཁྲི 14.25སྲུང་འཛིན་བྱས་པ་མ་ཟད། ས་ཞིང་སྤྱི་ཆིངས་ཁྲི 9.16བརྟན་སྲུང་བྱས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་བཀོལ་རྒྱུའི་ས་ཆ་འཕྲི་སྣོན་ཚད་གཞི་སྦྲེལ་བའི་ལས་གཞི་མུའུ 3793ལག་ལེན་བྱས་པར་ཉོ་འཚོང་གི་མ་དངུལ་སྒོར་དུང་ཕྱུར 11.38ལ་བསླེབས་ཡོད། ས་གཤིས་གནོད་འཚེ་འགོག་བཅོས་ཀྱི“རྫོང་ལ་བཅུ་ཡོད་པ”ཡི་འཛུགས་སྐྲུན་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་ཅིང་། ལྗང་མདོག་གི་གཏེར་རི་དང་གྲངས་འཛིན་གྱི་གཏེར་རི་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད་ལ། ཆུ་བདག་དང་མཚེའུ་བདག་གི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་མ་ཟད། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ཁོར་སྲུང་ལྟ་ཞིབ་ལས་བཏོན་པའི་གནད་དོན 21པོ་ཚང་མ་དུས་ལྟར་དག་ཐེར་བྱས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་ལས་གཞི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གནད་འགག་བརྟོལ་ཅིང་ཞན་ཆ་གསབ་པས་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་ཚང་བཏང་ཡོད། བསང་ཆུ་གནམ་གྲུ་ཐང་གིས་བདེ་འཇགས་ངང་ལས་གཉེར་བྱེད་བཞིན་ཡོད་པས། འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་བསྡོམས་པས་མི་ཐེངས་ཁྲི 50ལ་བསླེབས་ཡོད། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་སྔོན་འགྲོའི་བྱ་བ་མགྱོགས་པོར་བཏང་ཞིང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ལས་ཀན་ལྷོའི་ཚན་པའི་འཛུགས་སྐྲུན་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་བཏང་ཡོད། ཅོ་ནེ་ནས་གཙོས་དང་། བང་གུར་ཐང་ནས་བསང་ཆུའི་མྱུར་ལམ་སྐྲུན་འགོ་བརྩམས་ཡོད་ལ། བསང་ཆུ་ནས་རེབ་གོང་དང་། ཀླུ་ཆུ་ནས་སོག་རྫོང་སོགས་རིམ་པ་གཉིས་པའི་གཞུང་ལམ་མང་བོ་ཞིག་གྲུབ་ནས་ཤར་གཏོང་བྱས་ནས། “མཁའ་ལྕགས་ལམ་གསུམ”གཞི་གཅིག་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་གྱིས་གྲུབ་ཏུ་བཅུག་ཡོད། རོང་འབྲོག་སྡེ་བའི་གཞུང་ལམ་སྤྱི་ལེ 5576བསྒྱུར་སྐྲུན་བྱས་ཡོད་ཅིང་། ཆ་རྐྱེན་འཛོམས་པའི་སྒྲིག་གཞི་སྡེ་བའི་ལམ་ཚང་མར་ཨར་འདམ་བཏིང་ཡོད། གཙོས་གྲོང་ཁྱེར་གྱི་འགྲུལ་སྐྱེལ་ལྟེ་གནས་གྲུབ་ནས་ལས་གཉེར་བྱེད་བཞིན་ཡོད། རྨ་ཆུ་བཞུར་རྒྱུད་ཀྱི་ཆུ་ལོག་འགོག་པའི་ལས་གཞི་ཚང་མ་ཡོངས་སུ་གྲུབ་ཡོད། ཀླུ་ཆུ་ལིན་ཐན་དུ་འདྲེན་པ་སོགས་ཆུ་བེད་ལས་གྲྭ 132ཚང་མ་ལས་མཇུག་རྫོགས་ཡོད། མ་དངུལ་སྒོར་དུང་ཕྱུར 232བཏང་སྟེ། གྲོང་ཁུལ་མཛེས་སྒྱུར་མདངས་བཏོད་དང་། ཆུ་མཁོ་འདོན། དྲོད་རླངས་འདོན་སྤྲོད། གད་སྙིགས་དང་བཙོག་ཆུ་བདག་གཉེར་སོགས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་པའི་ལས་གཞིར་ཕུད་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་བའི་ཞབས་ཞུའི་ནུས་པ་འཐུས་ཚང་བཏང་ཡོད། ས་ཁང་ཐོན་ལས་ཀྱི་ཚོང་ར་བདེ་བླག་གིས་འཕེལ་རྒྱས་བཏང་ནས། གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི 94.27ལས་མཇུག་རྫོགས་ཡོད། རོང་འབྲོག་སྡེ་བའི་ཁྱིམ་ཚང་ལ་སྤྱོད་ཁང་ཁྲི 7.5གསར་སྐྲུན་ཞིག་གསོ་བྱས་པ་མ་ཟད། སྤྱོད་ཁང་ཞིག་གསོའི་ཉམས་མྱོང་རྒྱལ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར  13.11བཏང་ནས། ཞིང་དྲ་སྒྱུར་བཅོས་ཀྱི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། རང་བྱུང་སྡེ་བར་སྒུལ་ནུས་གློག་ཡོངས་སུ་ཁེབས་པ་མངོན་གྱུར་བྱས་ཡོད། བསང་ཆུ་རྫོང་གི་རིམ་པ 5.7ཡི་ས་འགུལ་གྱི་གནོད་ཐེབས་བསྐྱར་འཛུགས་གྲུབ་ནས། གནོད་ཐེབས་ཀྱི་རྨང་གཞིའི་སྒྲིག་བཀོད་ཚང་མ་སླར་གསོ་བྱས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་ཐོན་ལས་ཨང་དང་པོར་ཤུགས་བསྣན་ཏེ་ཐབས་ཤེས་སྒྱུར་བ་དང་སྒྲིག་གཞི་སྙོམས་སྒྲིག་བྱས་པས་ཁྱད་ལྡན་ཐོན་ལས་དར་རྒྱས་བཏང་ཡོད། དེང་རབས་ཀྱི་ཞིང་ཕྱུགས་ལས་རིགས་དང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ཐོན་ལས་ཨང་དང་པོའི་གོ་གནས་སྔར་བས་སྲ་བརྟན་བཏང་ནས། ཐོན་ལས་ལ་སྒྱུར་བ་གཏོང་བའི་གོམ་པ་བརྟན་པོ་སྤོས་ཡོད། སྒོ་ཕྱུགས་གསོ་སྤེལ་ཁུལ(ར་བ)347གསར་འཛུགས་བྱས་ཤིང་། སྒོ་ཕྱུགས་གསོ་སའི་སྤྱིལ་བུ་ཁྲི 1.4ཞིག་གསོ་རྒྱ་སྐྱེད་བཏང་བ་མ་ཟད། ཆེད་ལས་གསོ་སྤེལ་ཁྱིམ་ཚང་ཁྲི 3.5འཕེལ་རྒྱས་བཏང་ནས། སྒོ་ཕྱུགས་སྣ་ཚོགས་ཁྲི 351.23ཕྱུགས་རར་གསོས་ཡོད། སྒོ་ཕྱུགས་འཕར་ཚད་དང་བཤའ་རར་འདེད་ཚད། ཚོང་ཟོག་ཏུ་འགྱུར་ཚད་སོ་སོ 44.09%དང 63.73   58.77%ལ་བསླེབས་ཡོད། ཤ་དང་འོ་མའི་ཐོན་ཚད་སོ་སོ་ཏུན་ཁྲི 9.74དང་ཏུན་ཁྲི 11.87ལ་བསླེབས་ཡོད། ཞིང་ལས་སྐྱེ་དངོས་དང་དཔལ་འབྱོར་ནགས་སིལ་སྣ་ཚོགས་མུའུ་ཁྲི 147.39བཏབ་ཡོད་ལ། འབྲུ་རིགས་ཀྱི་སྤྱིའི་ཐོན་ཚད་ཏུན་ཁྲི 10.86ཡིན། ཀྲུང་བོད་སྨན་རྩྭ་དང་མཐོ་སྒང་གི་དབྱར་ཚོད། བཟའ་བྱའི་ཤ་མོ་བཅས་ཀྱི་ཐོན་སྐྱེད་ཚད་སོ་སོར་ཏུན་ཁྲི 5.8དང་ཏུན་ཁྲི 2.92ཏུན 620བཅས་ལ་བསླེབས་པས། “ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན་སོ་སོ 48.7%དང 90.8%  210%འཕར་ཡོད། པའེ་ཚའོ་དང་ཞི་ཀྲིན་ཁའེ། མདོ་དབུས་ཁུངས་སོགས་སྣེ་ཁྲིད་ཁེ་ལས་གསོ་སྐྱོང་འཕེལ་རྒྱས་འབྱུང་བཞིན་ཡོད། རྫོང(གྲོང་ཁྱེར)བརྒྱད་དེ་རྒྱལ་ཁབ་རིམ་པའི་གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་ལ་བཙུགས་ཡོད་ཅིང་། ཞིང་ལས་རྒྱུ་རྫས་ཤང་གྲོང་དུ་བགོ་འགྲེམ་བྱེད་ས 191བཙུགས་ཡོད་པས། བསྡོམས་པས་གློག་འཚོང་གི་དྲ་ཐོག་ཚོང་ཚད་སྒོར་དུང་ཕྱུར 8.5ལ་བསླེབས་ཡོད། གཙོས་སྐྱེ་ཁམས་ཐོན་ལས་ཁུལ་རྒྱལ་ཁབ་ཞིང་ལས་ཚན་རྩལ་ཁུལ་དང་ཞིང་ཆེན་རིམ་པའི་གསར་སྤེལ་ཁུལ་དུ་གྱུར་ཡོད། ཀན་ལྷོར་ཀྲུང་གོའི་འོ་རྫས་བཟོ་ལས་མཐུན་ཚོགས་ཀྱིས“ཀྲུང་གོའི་འབྲི་འོ་ཡི་ཕ་ས”ཞེས་པའི་མཚན་སྙན་གནངས་ཤིང་། ལིའོ་ཡོན་དང་ཧྭ་ལིན། ཞོ་སྟོན་སོགས་འོ་རྫས་ཁེ་ལས་སྣེ་ཁྲིད་ཀྱིས་ཞིང་ཆེན་གྱི་སྔོན་གྲས་ལ་སོན་པའི་ཐོན་སྐྱེད་རྒྱུན་མཐུད་ལས་རིམ་འཁོར་སྟེགས་ཁག་ཅིག་བཙུགས་ཡོད། བསྡོམས་པས“རྫས་གསུམ་རྟགས་གཅིག”གི་ཞིང་ལས་ཐོན་རྫས 190ལ་བདེན་དཔང་ར་སྤྲོད་ཐོབ་ཡོད་ལ། “ཀན་ལྷོའི་འབྲི་གཡག”དང“ཀན་ལྷོའི་བོད་ལུག” “ཨ་མདོའི་འབྲོག་ར”སོགས་ཚོང་རྟགས 11“ཀན་སུའུ་ཡི་བྲོ་བ”ཞེས་པའི་ཚོང་རྟགས་གྲགས་ཅན་གྱི་གྲས་སུ་ཚུད་ཡོད། རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་མགྱོགས་སུ་བཏང་ཞིང་། “གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་བཟོ་སྐྲུན་ལག་བསྟར་བྱེད་འགོ་བརྩམས་ཏེ། “ལྗོངས་ཁུལ་ཆེན་མོ་བཅུ”དང“ཡུལ་སྐོར་ལྗོངས་རྒྱུའི་ལམ་ཐིག་ཡག་པོ་བདུན།” མཐོ་སྒང་གི་མེ་ཏོག་སྣ་བརྒྱའི་ཁྱམས་རིང་བཅས་མུ་མཐུད་འཛུགས་སྐྲུན་བྱས་ཡོད། ཡུལ་སྐོར་ལམ་དང་འགྲུལ་སྐྱེལ་ལྟེ་གནས། རླངས་འཁོར་འཇོག་ས། ལྗོངས་གཟིགས་སྟེགས་བུ་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་རབས་དང་རིམ་པ་ཞིག་ལས་ཡོད་ལ། ཡུལ་སྐོར་ཆེད་གཉེར་གྱི་སྡེ་བ 167དང་། ལྗོངས་གཟིགས་སྟེགས་བུ 82དང་ཡུལ་སྐོར་སྤྱོད་ཁང 286བསྐྲུན་ཡོད། ཀླུ་ཆུའི་ལྷ་མོ་དང་ཐེ་བོ་མགོ་རྗེ་སོགས A3རིམ་པ་ཡན་གྱི་ལྗོངས་ཁུལ 6གསར་འཛུགས་བྱས་ཡོད་ལ། རོང་འབྲོག་ཁྱིམ་ཚང་གི་སྤྲོ་སྐྱིད་ཁང 1449ལ་རོགས་སྐྱོར་བྱས་ཡོད། ཅོ་ནེ་སྤོ་ཡུལ་དང་ཀླུ་ཆུའི་ཀ་ཤུལ་སོགས་ཡུལ་སྐོར་སྡེ་བ 5རྒྱལ་ཡོངས་ཀྱི་ཡུལ་སྐོར་སྡེ་བ་གཙོ་བོའི་མིང་ཐོ་ཁྲོད་དུ་བཀོད་ཡོད། ཀན་ལྷོའི་ཡུལ་སྐོར་དབུལ་སྐྱོར་དབུལ་འཕྲི་བྱེད་སྟངས 2018—2020ལོའི་འཛམ་གླིང་ཡུལ་སྐོར་མནའ་འབྲེལ་གྱི་ཡུལ་སྐོར་དབུལ་འཕྲིའི་དཔེ་མཚོན་ཁྲོད་དུ་ཚུད་ཡོད། ཡུལ་སྐོར་བའི་མི་གྲངས་དང་ཕྱོགས་བསྡུས་ཡོང་སྒོ་བསྡོམས་པས་མི་ཐེངས་ཁྲི 6448.02དང་སྒོར་དུང་ཕྱུར 312.88ལ་བསླེབས་པས། ཆ་སྙོམས་ལོ་རེར་འཕར་ཚད་གྲངས་གནས་གཉིས་ཡན་ཟིན་ཡོད། “ཚོགས་འདུ་གཅིག་དང་དུས་ཆེན་གཅིག”འགོ་རྩོམ་པའི་མཛད་སྒོ་དང་། ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སོགས་བྱེད་སྒོ་ཆེན་མོ་ལེགས་གྲུབ་བྱུང་བས། “ཚོན་མདངས་རྣམ་པར་བཀྲ་བའི་ཀན་ལྷོ་ཤམ་བྷ་ལའི”ཡུལ་སྐོར་སྙན་གྲགས་ཀྱིས་རྒྱལ་སྤྱིའི་སྟེང་ལ་ཤུགས་རྐྱེན་ཐེབས་ཚད་དང་སྙན་གྲགས་རྒྱས་ཚད་སྔར་ལས་ཇེ་མཐོར་སོང་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཁོར་ཡུག་འཕེལ་རྒྱས་སྐུལ་སྤེལ་ཚོགས་པས“ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ཆེས་ལྡན་པའི་ཡུལ་སྐོར་བྱེད་ས་དང་ཡུལ་སྐོར་གནས་མཆོག”ཏུ་བདམས་ཟིན། 2019ལོར་ཡ་གླིང་ཡུལ་སྐོར་གྱི་བྱུ་རུ་དམར་པོ་རྟགས་མའི་དགའ་རྟགས་དང“ཆེས་དགའ་བསུ་ཐོབ་སའི་གནས་སྐོར་བྱེད་ས་བཅུ”ཡི་མཚན་སྙན་ཡང་ཐོབ་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་དམངས་འཚོ་ལེགས་བཅོས་ལ་ཤུགས་བསྣན་ཏེ་དཀའ་ངལ་སེལ་ཞིང་བདེ་སྐྱིད་བསྐྲུན་པས་མང་ཚོགས་ཀྱི་ཐོབ་སྣང་མུ་མཐུད་དུ་ཇེ་ཆེར་བཏང་ཡོད། རོང་འབྲོག་སྡེ་བའི་སློབ་གྲྭ་ཆུང་འབྲིང་དུ་དྲོ་སྐྱིད་བཟོ་སྐྲུན་དང་རིན་མེད་པར་སྦྲུམ་སྔོན་བདེ་ཐང་བརྟག་དཔྱད་བྱེད་པ། རྒན་རྒོན་ཚོའི་བློ་ཡུལ་ལས་འདས་པའི་གནོད་འཚེ་ཉེན་སྲུང་བྱེད་པ་སོགས་ཞིང་ཆེན་དང་ཁུལ་གྱི་དམངས་འཚོའི་དངོས་དོན 93སྒྲུབ་ཡོད། སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་སློབ་ཞུགས་ཚད་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད། མཐོ་འབྲིང་རིམ་པའི་སློབ་ཞུགས་ཚད་བཅས“ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན 26.82%དང 11.03% 15.03%བཅས་འཕར་ཡོད་པས། འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་སྙོམས་སྒྲིག་འཕེལ་རྒྱས་གཏོང་བའི་དམིགས་འབེན་དུས་ཚད་ཀྱི་སྔོན་ལ་མངོན་གྱུར་བྱུང་ཡོད། རྫོང་རིམ་པའི་སྣ་འཛོམས་སྨན་ཁང་ཚང་མ་རིམ་པ་དང་པོའི་ཚད་གཞི་གཉིས་པར་བསླེབས་ཡོད་ལ། ཤང་གྲོང་སྡེ་ཁུལ་ཚང་མར་སྨན་བཅོས་ཁང་ཁྱབ་ཏུ་བཅུག་ཡོད་པས། ནད་ཁྲིའི་གྲངས་ཀ་དང་། སྨན་ཞབས་པའི་མི་གྲངས། སྡོད་དམངས་ཀྱི་ཆ་སྙོམས་ཚེ་ཚད་བཅས་བརྟན་པོར་ཇེ་མཐོར་སོང་ཡོད། ཐེན་ཅིན་གྱིས་ཀན་ལྷོར་ཁ་གཏད་ནས་གསོ་རིག་དངོས་གཞི་སློབ་མ 445གསོ་སྐྱོང་བྱས་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཚན་རྩལ་འཆར་གཞིའི་ལས་གཞི 53ལག་བསྟར་བྱས་ནས། ཚན་རྩལ་གྲུབ་འབྲས 23བཀོལ་སྤྱོད་ཁྱབ་གདལ་བཏང་ཡོད། ཚན་རྩལ་གསར་འབྱེད་སྤེལ་རེས་ལྟེ་གནས་དང་། ཀྲུང་གོའི་འབྲི་འོ་ཞིབ་འཇུག་གླིང་། ཧྭ་ལིན་རབ་འབྱམས་ཕྱི་མའི་ཚན་རིག་ཞིབ་འཇུག་ལས་སྒྲུབ་ས་ཚིགས་སོགས་གསར་གཏོད་ཀྱི་སྟེགས་བུ 33སྐྲུན་ཡོད། གཟུགས་འདས་ཤུལ་བཞག་རིག་གནས 518དང་རིག་དངོས་སྡེ་ཚན 544རྒྱུད་འཛིན་དང་སྲུང་སྐྱོབ་བྱས་ཡོད། བསང་ཆུའི་ཏན་ཉི་སུའོ་ཝའི་མིར་ཞིབ་འཇུག་བྱེད་པ་དེ 2019ལོའི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་གསར་རྙེད་བཅུའི་ཁྲོད་དུ་བདམས་ཡོད། ལིན་ཐན་ཀ་རི་མཐིལ་གཞིས་ཆེན་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གཙོ་བོའི་གྲས་སུ་ཚུད་ཡོད། བླ་བྲང་དགོན་པ་དང་ཐོ་ཇུའི་མཁར་སོགས་རིག་དངོས་སྲུང་སྐྱོབ་ཀྱི་བཟོ་སྐྲུན་ཆེན་མོ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ཁུལ་དང་རྫོང་གི་ས་གནས་ལོ་རྒྱུས་རབས་གཉིས་པ་དཔེ་སྒྲིག་བྱས་ཚར་ནས། 《ཀན་ལྷོ་ཁུལ་གྱི་ལོ་རྒྱུས 《1991—2010》》པར་སྐྲུན་འགྲེམ་སྤེལ་བྱས་ཡོད། ཀན་ལྷོ་ཁུལ་གྱི་ནུས་མང་ལུས་རྩལ་སྦྱོང་རྡར་ལྟེ་གནས་ལེགས་གྲུབ་བྱུང་ཞིང་། རྫོང་དང་ཤང་། སྡེ་བར་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་སའི་ཁྱབ་ཚད 90%ཡན་ལ་བསླེབས་ཡོད། ཁུལ་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་ཐེངས་དང་པོ་བདེ་བླག་ངང་སྒྲུབ་ཡོད། གྲོང་ཁུལ་དུ་ལས་ཞུགས་པ་ཁྲི 2.54ཇེ་མང་སོང་ཡོད་ལ། མཁར་གྲོང་ངལ་ལས་པ་ཁྲི 61.83མངགས་གཏོང་བྱས་པར། ངལ་ལས་ཡོང་སྒོ་སྒོར་དུང་ཕྱུར 107.35ལ་བསླེབས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་ཕོངས་འཚོ་སྐྱོང་གི་འགན་སྲུང་གི་ཚད་གཞི་ལོ་རེར་ཇེ་མཐོར་སོང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆེས་མ་མཐའི་འཚོ་བའི་འགན་སྲུང་དང་དབུལ་ཕོངས་འཚོ་སྐྱོང་གི་འགན་སྲུང་ཐད་སྒོར་དུང་ཕྱུར 16.87བཏང་ཡོད། སྐབས་ཐོག་རོགས་སྐྱོབ་མི་ཐེངས་ཁྲི 28.3བྱས་ལ། རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར 3.41བཏང་ཡོད། དཀའ་ཁག་ཡོད་པའི་དབང་བོ་སྐྱོན་ཅན་མི 7710ལ་འཚོ་བའི་ཁ་གསབ་ལོངས་སྤྱོད་དུ་བཅུག་ཡོད་ལ། དབང་སྐྱོན་ཚབས་ཆེ་བའི་མི་ཁྲི 1ལ་བདག་སྐྱོང་གི་ཁ་གསབ་ལོངས་སྤྱོད་དུ་བཅུག་ཡོད། རྒན་གསོ་སྒྲིག་གཞི་དང་སྡེ་ཁུལ་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་རྫོང་མཁར་ཀུན་ལ་ཁྱབ་པར་བྱས་ཡོད་ཅིང་། ཤང་དང་གྲོང་རྡལ་དུ་ཁེབས་ཚད 65%ལ་བསླེབས་ཡོད། སྨན་བཅོས་འགན་སྲུང་གི་བྱ་བ་བདེ་བླག་གིས་ཡར་རྒྱས་འགྲོ་བཞིན་ཡོད་ལ། སྨན་བཅོས་འགན་སྲུང་གི་ཐེབས་རྩ་བདེ་བླག་གིས་འཁོར་རྒྱུགས་བྱེད་བཞིན་ཡོད། རྒྱལ་ཡོངས་ས་མིང་ཡོངས་བཤེར་ཐེངས་གཉིས་པ་བདེ་བླག་ངང་མཇུག་སྒྲིལ། ཁྱིམ་ཚང་ཁྲི 6.09ཡི་སྤྱིལ་ཁང་ཞིག་གསོ་བྱས་ཡོད། སྡོད་ཁང་དཀའ་ཁག་ཡོད་པའི་ཁྱིམ་ཚང་ཁྲི 1.05གིས་ཁང་བ་གླ་བའི་སྲིད་ཇུས་ལོངས་སུ་སྤྱད་པར་ཁ་གསབ་སྒོར་ཁྲི 3382ཕུད་ཡོད། བསྐྲུན་དང་སྐྲུན་བཞིན་པའི་འབྲུ་མཛོད་ཁང 6ཡོད་ལ། རིམ་པ་ཁག་གིས་ཉར་འཇོག་བྱས་པའི་འབྲུ་རིགས་ཏུན་ཁྲི 4.95ལ་བསླེབས་ཡོད། ཕྱིར་ལོག་དམག་མིའི་དམིགས་བསལ་ཁ་གསབ་དང་རོགས་སྐྱོར་གྱི་སྲིད་ཇུས་ཚང་མ་དངོས་འབེབས་བྱས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་སྒྱུར་བཅོས་སྒོ་འབྱེད་ལ་ཤུགས་བསྣན་ཏེ་མཉམ་ལས་སྐུལ་སྤེལ་དང་སྒུལ་ནུས་ཇེ་ཆེར་བཏང་བས་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན་ཡོད། སྲིད་གཞུང་གི་ལས་ཁུངས་སྒྱུར་བཅོས་རབས་གསར་བ་ལེགས་གྲུབ་བྱུང་ཡོད་ཅིང་། ལས་དོན་སྡེ་ཚན་གྱི་རིགས་བགོས་སྒྱུར་བཅོས་དང་གཞུང་འཁོར་གྱི་སྒྱུར་བཅོས་གོ་རིམ་ཡོད་པའི་ངང་སྐུལ་འདེད་བཏང་ཡོད། མུ་མཐུད་དུ“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་མོ་བྱས་ཤིང་། “དྲ་གཅིག་སྒོ་གཅིག་ཐེངས་གཅིག”མཉམ་འབྲེལ་ཞིབ་མཆན་དང་། མ་འབྱོར་བདག་སྤྲོད། མ་སླེབ་ལོངས་སྤྱོད་གང་ཐུབ་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་རིམ་གྱིས་ལག་བསྟར་བྱས་པར། སྲིད་འཛིན་ཞིབ་མཆན་གཤམ་སྤྲོད་ཀྱི་ལས་ཚན 130ཇེ་ཉུང་དང་མེད་པར་བཏང་བ་དང་། བདེན་དཔང་གི་ལས་ཚན 184མེད་པར་བཏང་བ་མ་ཟད། སྲིད་འཛིན་ལས་དོན་གྱིས་དངུལ་བསྡུ་བའི་རྣམ་གྲངས 41མེད་པར་བཏང་ཡོད། ཚོང་རའི་གཙོ་གཞི་ཁྲི 4.73ལ་བསླེབས་པས། “ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི”མཇུག་དང་བསྡུར་ན 63.6%འཕར་ཡོད། ཁེ་ལས་ཀྱི་ཟིན་ཐོར་འགོད་རྒྱུ་ཚང་མ་གློག་རྡུལ་ཅན་དུ་གྱུར་ཡོད། ཁུལ་རིམ་པའི་སྲིད་དོན་ཞབས་ཞུ་ལྟེ་གནས་ཚད་ལྡན་ཅན་དུ་བསྒྱུར་བ་ཡོངས་སུ་གྲུབ་ནས། ཞབས་ཞུ་ལས་དོན་ལྟེ་གནས་སུ་སྤོ་བ་དང་ལས་དོན་ཚང་མ་དྲ་ཐོག་ནས་སྒྲུབ་པ་མངོན་གྱུར་བྱས་ཡོད། སྤྱི་བའི་ཐོན་ཁུངས་གློག་རྡུལ་ཅན་གྱི་ཉོ་འཚོང་སྟེགས་བུ་ལེགས་གྲུབ་བྱུང་ནས། ལས་གཞི 6990ཉོ་འཚོང་བྱས་ཡོད། རྩྭ་ས་མུའུ་ཁྲི 3862.14འགན་ལེན་ཚད་ལྡན་བྱས་ཤིང་། རོང་འབྲོག་སྡེ་བའི་ཁྱིམ་ཚང་ཁྲི 9.87གི་ས་ཞིང་མུའུ་ཁྲི 148.6ལ་ས་དབང་ཐོ་ཡིག་བཀོད་པས། རོང་འབྲོག་སྡེའི་ཁྱིམ་ཚང་ཁྲི 2ལྷག་ལ“གསུམ་སྒྱུར”སྒྱུར་བཅོས་ཁྲོད་ཁེ་ཕན་རག་ཡོད། སྤྱི་ཚོགས་འགན་སྲུང་སྒྱུར་བཅོས་མུ་མཐུད་དུ་ཇེ་ཟབ་གཏོང་བཞིན་ཡོད། ནོར་ཁྲལ་དང་དངུལ་རྩ་སྒྱུར་བཅོས་ལ་ཡང་གྲུབ་འབྲས་མི་དམན་པ་བླངས་ཡོད། རྒྱལ་དབང་ནགས་རའི་སྒྱུར་བཅོས་ཡོངས་སུ་གྲུབ་ཡོད། ཕྱི་ཕྱོགས་སུ་འབྲེལ་འདྲིས་མཉམ་ལས་བྱེད་པའི་རྒྱ་སྐྱེད་དེ། ལན་ཀྲོའུ་སློབ་ཆེན་དང་མེང་ཚའོ་སྐྱེ་ཁམས། ཧྲང་ཧའེ་ཏུང་ཧྥང་ལུང་། ཐེན་ཅིན་སྤྲིན་རིམ་རྩིས་གཉེར། ཤར་རླུང་རླངས་འཁོར་སྡེ་ཚོགས་སོགས་ལ་འཐབ་ཇུས་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། སི་ཁྲོན་དང་ཡུན་ནན། བོད་ལྗོངས། མཚོ་སྔོན། ཀན་སུའུ་བཅས་ལྗོངས་ཞིང་ལྔའི་འབྲེལ་མཚམས་ཀྱི་ཁུལ་དཔོན་གྲོང་དཔོན་མཉམ་ཞུགས་གྲོས་ཚོགས་ལ་མུ་མཐུད་དུ་ཞུགས་ཤིང་། ཧྲང་ཧའེ་ཕུའུ་ཐའོ་དང་མཚོ་སྔོན་མགོ་ལོག ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ་སོགས་ལ་སོང་ནས། ས་ཁོངས་བརྗེ་རེས་མཉམ་ལས་མཉམ་འདྲེས་བྱ་རྒྱུ་ཇེ་ཟབ་ཏུ་བཏང་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཐད་གཏོགས་ཚོང་ཚོགས་ཀན་ལྷོར་སྐྱོད་པ་དང་དམངས་གཉེར་ཁེ་ལས་ཀན་ལྷོར་སྐྱོད་པའི་བྱེད་སྒོ་བདེ་བླག་གིས་སྒྲུབ་ཡོད། ལན་ཀྲོའུ་ཚོང་ཚོགས་དང་ཐེན་ཅིན་ཚོང་ཚོགས། ཞི་ཨན་ཚོང་ཚོགས་སོགས་ཀྱི་སྟེགས་བུ་སྤྱད་ནས། ཚོང་འགུག་དངུལ་འདྲེན་གྱི་ལས་གཞི 307ལ་མིང་རྟགས་བཀོད་པར་མ་དངུལ་སྒོར་དུང་ཕྱུར 111.6ལ་བསླེབས་ཡོད། ཕྱི་རྒྱལ་དུ་ཕྱིར་འཚོང་བྱེད་པའི་ཁེ་ལས 72ཟིན་ཐོར་བཀོད་ཡོད་ལ། རྒྱལ་ཁབ་ཕྱི་ནང་ལ་ཉོ་འཚོང་བྱས་པའི་མ་དངུལ་སྒོར་དུང་ཕྱུར 2.03ལ་བསླེབས་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་བརྟན་འཇགས་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་ཉེན་ཁ་སྔོན་འགོག་དང་བདག་སྐྱོང་དམ་འཛིན་བྱས་པས་སྤྱི་ཚོགས་སྤྱིའི་ཆ་ནས་བདེ་འཇགས་བྱུང་ཡོད། ལངས་ཕྱོགས་བརྟན་པོའི་སྒོ་ནས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཞིང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བརྟན་སྲུང་བྱས་པས། ཁུལ་ཡོངས་སུ་བརྟན་འཇགས་ལ་གནོད་པའི་དོན་རྐྱེན་ཚབས་ཆེན་ཅི་ཡང་བྱུང་མ་མྱོང་། “རང་བདག་གཉིས”ཀྱི་གཞི་རིམ་བདག་སྐྱོང་བྱེད་སྟངས་དང“དྲ་རྒྱ་ཅན+ཁྱིམ་བཅུ་མཉམ་འབྲེལ་འགོག་བཅོས”ཁྱབ་གདལ་དུ་བཏང་སྟེ། ཁྲིམས་ལྟར་རྐུ་འཕྲོག་རྫུན་འཆལ། རྒྱན་སྐུག་དུག་འཐེན་སོགས་ཁྲིམས་འགལ་ནག་ཉེས་ཀྱི་སྤྱོད་ཚུལ་ལ་ཆད་པ་ལྗིད་མོ་བཅད་ནས། བདེ་འཇགས་འཛུགས་སྐྲུན་དང་སྤྱི་ཚོགས་བདག་སྐྱོང་གི་ནུས་པ་ཇེ་མཐོར་བཏང་ཡོད། མི་དམངས་འདུམ་སྒྲིག་ཚོགས་པ 899བཙུགས་ཡོད་པས། རྩོད་གཞི་འདུམ་འགྲིག་བྱེད་ཚད 98%ལ་བསླེབས་ཡོད། “བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་ཐོབ་ཅིང་། སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་མ་ལག་འཛུགས་རྒྱུར་ལམ་ཙམ་བཏོད་ཡོད། ནག་སེལ་ངན་འཇོམས་ཀྱི་ཆེད་སྤྱོད་འཐབ་འཛིང་དྲག་པོ་བྱས་ནས། ནག་ཚོགས་ངན་ཤུགས་དང་འབྲེལ་བའི་གྱོད་གཞི 21ལ་ཁྲིམས་ལྟར་ཉེས་ཆད་ལྗིད་མོ་བཅད་ཡོད། དགོན་སྡེ་ལ་ཁྲིམས་ལྟར་བདག་སྐྱོང་བྱེད་པ་དང་། དམངས་གཙོས་བདག་སྐྱོང་བྱེད་པ། སྤྱི་ཚོགས་ཀྱིས་བདག་སྐྱོང་བྱེད་པ་སོགས་ཕུགས་ཡུན་རིང་བའི་སྒྲིག་གཞི་འཐུས་ཚང་དུ་བཏང་ཡོད། བྲེལ་བསྟུན་ཚད་ལེན་ཉེན་ཟོན་དང་ཉེན་ཁ་སྔོན་འགོག་གི་མ་ལག་རིམ་གྱིས་འཐུས་ཚང་བཏང་བས། ཟས་རིགས་བདེ་འཇགས་དང་གཞུང་ལམ་འགྲིམ་འགྲུལ་སོགས་ཁྱབ་ཁོངས་གཙོ་བོའི་བདེ་འཇགས་གནས་བབ་མུ་མཐུད་ཇེ་བཟང་དུ་གྱུར་ཡོད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་པ་ལེགས་གྲུབ་བྱུང་ཞིང་། ཀྲུང་ཧྭ་མི་རིགས་གཞི་གཅིག་འདུས་གྲུབ་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་བས། རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི“ཁ་བྲལ་མི་ཐུབ་པ་གསུམ”དང“ངོས་ལེན་ལྔའི”འདུ་ཤེས་ཇེ་ཆེར་སོང་བར་བརྟེན། སྤྱི་ཚོགས་རིང་ལུགས་ཀྱི་རྣམ་པ་གསར་བའི་མི་རིགས་ཀྱི་འབྲེལ་བ་མུ་མཐུད་དུ་ཇེ་བརྟན་དུ་གྱུར་ཡོད།
    ལོ་ལྔའི་རིང་ལ། ང་ཚོས་ནམ་ཡང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་སྤྱོད་ཚུལ་ལ་སྒྱུར་བཅོས་དང་ཁྲིམས་སྐྱོང་ལ་ཤུགས་བསྣན་པས་སྲིད་གཞུང་གི་ཕན་ནུས་ལས་ཆོད་ཇེ་མགྱོགས་སུ་བཏང་ཡོད། དམངས་ཆེན་འཐུས་མིའི་གྲོས་གཞི 851དང་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི 1015ཁྲིམས་ལྟར་སྒྲུབ་ཡོད། ཁུལ་དམངས་ཆེན་ལ་ཁེར་སྤྱོད་སྲོལ་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ 12རེ་ཞུ་བྱས་ཡོད་ལ། སྲིད་གཞུང་གི་སྒྲིག་སྲོལ 2གཏན་འབེབས་དང་། ཡིག་ཆ་ཚད་ལྡན 12དག་བཅོས་བྱས་ཡོད། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་ཁུར་གཙོ་བོ་ལག་ལེན་ནན་མོ་དང་། ཀྲུང་དབྱང་གི་གཏན་འབེབས་བརྒྱད་དང་། ཞིང་ཆེན་དང་ཁུལ་ཨུའི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ནས། སྒྲིག་ཁྲིམས་དང་ལུགས་སྲོལ་དུས་ནམ་ཡང་གཙོ་གནད་དུ་བཟུང་བ་ཡིན་ལ། སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཡོད། “སྦྱོང་གཉིས་བྱེད་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་སྐུལ་འདེད་བཏང་ཞིང་། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་བས། སྲིད་ལུགས་དང་སྤྱོད་ཚུལ་ཚང་མ་ཇེ་ཡག་ཏུ་གྱུར་ཡོད་ལ། སྲིད་འཛིན་གྱི་ཕན་འབྲས་ཀྱང་ལོ་རེར་ཇེ་བཟང་དུ་སོང་ཡོད། “འཚོ་བ་དམ་ཚགས་རོལ་བའི”འདུ་ཤེས་ཇེ་དྲག་བཏང་ནས། གྲོན་ཆུང་བསྲི་ཚགས་ཀྱི་སྤྱོད་ཚུལ་དམ་འཛིན་བྱས་ཡོད་ལ། “གཞུང་གསུམ་གྲོན་དངུལ”ཡང་རྒྱ་ཆེན་པོས་ཇེ་ཉུང་བཏང་ཡོད། ཁྲིམས་ལྟར་སྲིད་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་དོན་ཆེན་མོར་སྲིད་འཛིན་ཇུས་ཐག་གཅོད་པའི་ལས་རིམ་ཚད་ལྡན་དུ་བཏང་ཞིང་། སྲིད་དོན་སྤྱི་བསྒྲགས་དང་ཆ་འཕྲིན་སྤྱི་བསྒྲགས། ལས་དོན་སྤྱི་བསྒྲགས་སོགས་ཀྱི་ལམ་ལུགས་འཐུས་ཚང་བཏང་ནས། སྲིད་འཛིན་གྱི་དབང་ཆ་ཡོད་རིགས་དཀར་ས་ནས་བཀོལ་རྒྱུར་ཁག་ཐེག་བྱས་ཡོད།
    རྒྱལ་སྲུང་སྐུལ་སློང་དང་དམངས་དམག་འཛུགས་སྐྲུན་ཐད་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་དུ་འབད་པ་བྱས་པར་བརྟེན། ཞིང་ཆེན་དམག་ཁུལ་གྱིས་བསྟུད་མར་ལོ་འགའ་ལ་སྔོན་ཐོན་དུ་བདམས་པ་མ་ཟད། “གཉིས་སྲུང”མཉམ་སྐྲུན་ལ་ཡང་གྲུབ་འབྲས་མི་དམན་པ་བླངས་ཡོད། མི་དམངས་མཁའ་ཟོན་དང་། བུད་མེད་དང་བྱིས་པ། དབང་བོ་སྐྱོན་ཅན། རྒྱ་གྲམ་དམར་བོ་སོགས་ཀྱི་ལས་དོན་བདེ་བླག་གིས་ཡར་རྒྱས་བྱུང་ཡོད་པ་མ་ཟད། ཞིབ་རྩིས་དང་བསྡོམས་རྩིས། བོད་ཀྱི་སྐད་ཡིག མཁོ་འཚོང་། ས་འགུལ། གནམ་གཤིས་སོགས་ཀྱི་བྱ་བར་ཡང་གྲུབ་འབྲས་གཟེངས་སུ་ཐོན་ཡོད།
    འཐུས་མི་རྣམ་པ། འདས་ཟིན་པའི 2020ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི”འཆར་བཀོད་མཇུག་བསྡུས་པའི་ལོ་ཡིན་ལ། རང་ཁུལ་གྱི་ལོ་རྒྱུས་སྟེང་སྔ་ན་མེད་པའི་དམིགས་བསལ་གྱི་ལོ་ཞིག་ཀྱང་ཡིན། གློ་བུར་དུ་བྱུང་བའི་ཏོག་དབྱིབས་གློ་ཚད་ཀྱི་ནད་ཡམས་དང་། འབྲུག་ཆུ་དང་ཐེ་བོའི 8.17འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ལ་གདོང་གཏད་དེ། ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག ང་ཚོས་སེམས་ཤུགས་གཅིག་སྒྲིལ་དང་འགན་འཁྲི་ལྷུར་ལེན་བྱས་ཤིང་། ཚན་རིག་དང་མཐུན་པར་ནད་ཡམས་སྔོན་འགོག་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཏང་བར། ཚད་ངེས་ཅན་གྱི་སྟེང་ནས་ནད་ཡམས་ཀྱི་ངན་རྐྱེན་ཇེ་ཆུང་དུ་བཏང་ཡོད་ལ། “གཏན་འཇགས་དྲུག”གི་བྱ་བ་གཟབ་ནན་གྱིས་སྒྲུབ་ཅིང་། “འགན་སྲུང་དྲུག”གི་ལས་འགན་ཁྱོན་ཡོངས་ནས་དངོས་འབེབས་དང་། “འགོག་རྒོལ་གྱི་འཐབ་འཛིང་ཆེན་མོ་གསུམ”ལ་རྒྱལ་ཁ་བླངས་ནས། ཡར་རྒྱས་ཀྱི་གོམ་པ་བརྟན་པ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་མཐུན་སྦྱོར་བྱེད་པ། དམངས་ལ་ཁེ་ཕན་སྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ། གཏན་འཇགས་སྲུང་སྐྱོང་བྱེད་པ་བཅས་མཉམ་དུ་ཡར་སྐུལ་བྱས་པས། སྔོན་ལས་ལྷག་པའི་གྲུབ་འབྲས་བླངས་ཡོད། 2020ལོར་ཁུལ་ཡོངས་ཀྱི་ས་གནས་ཐོན་སྐྱེད་ཀྱི་བསྡོམས་འབོར་སྔོན་དང་སྡུར་ན 1.6%འཕར་ཡོད་ལ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད 22.8%ཆག་ཡོད། རྒྱུན་ལྡན་གྱི་སྤྱི་བའི་སྔོན་རྩིས་ཀྱི་ཡོང་སྒོ་ལོ་སྔོན་མ་དང་གཅིག་འདྲ་ཡིན། སྤྱི་ཚོགས་འཛད་རྫས་སིལ་འཚོང་ཚད 5.6%ཆག་ཡོད་ལ། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་སྒོ 4%དང 8.2%འཕར་ཡོད། ལོ་གཅིག་གི་ནང་ལ། ང་ཚོས་གཙོ་བོ་གཤམ་གྱི་བྱ་བ་ཁག་དམ་འཛིན་བྱས་ཡོད་དེ།
    (གཅིག) ཏོག་གསར་གློ་ཚད་ནུས་ཤུགས་ཡོད་རྒུས་བཀག་ཡོད། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་ནད་ཡམས་སྔོན་འགོག་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དང་། “སྔ་བ་བཞི”དང“གཅིག་བསྡུ་བཞི།” “ཕྱི་ནས་ཡོང་བ་སྔོན་འགོག་དང་ནང་ནས་འགོས་ཁྱབ་སྔོན་འགོག”གི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱས་ཤིང་། མང་ཚོགས་ལ་རྒྱབ་རྟེན་དམ་པོ་བྱས་ཏེ། ལས་བྱེད་དང་ལས་བཟོ་བ་ཁྲི 4.47རྩ་འཛུགས་སྐུལ་སློང་དང་། སྨན་པ 5800ལས་གནས་དངོས་སུ་ཞུགས་པས། དུས་ཚོད་ཐུང་ཐུང་གི་ནང་ལ་ནད་ཡམས་ཁྱབ་འགྱེད་ཀྱི་མགོ་གནོན་ཐུབ་སོང་། ས་ཁུལ་དང་རིམ་པ་བགོ་བ་དང་རྒྱུན་ལྡན་དུ་སྔོན་འགོག་བྱེད་པའི་ཐབས་ལམ་ལ་སྔར་ལས་ཤུགས་བསྣན་ཞིང་། ཁེ་ལས་ཀྱི་དཀའ་ཁག་སྒྲོལ་བ་དང་ཁེ་ཚོང་བསྐྱར་འབྱེད་བྱེད་པའི་སྲིད་ཇུས་བཏོན། ནད་ཡམས་སྔོན་འགོག་ཕྱོགས་ལ་མ་དངུལ་སྒོར་དུང་ཕྱུར 2.08དང་། ནད་ཡམས་ཀྱི་བསྐྱི་དངུལ་སྒོར་དུང་ཕྱུར 2.15 ནད་ཡམས་འགོག་པའི་རྒྱལ་བུན་སྒོར་དུང་ཕྱུར 4.79དངོས་འབེབས་བྱས་ཡོད། ནུས་པ་ཡོད་ཅིང་གོ་རིམ་ཡོད་པ། ཕན་ནུས་ཐོན་པའི་སྒོ་ནས་དཔལ་འབྱོར་སྤྱི་ཚོགས་ཀྱི་སྒྲིག་གཞི་མྱུར་དུ་བསྐྱར་གསོ་བྱེད་པར་སྐུལ་འདེད་བྱས་ཡོད་པས། དཔལ་འབྱོར་གྱི་དམིགས་ཚད་ལྡོག་ཕྱོགས་ནས་དྲང་ཕྱོགས་སུ་འཕེལ་ཞིང་། ནད་ཡམས་སྔོན་འགོག་ལ་ཡང་དུས་རིམ་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད།
    (གཉིས)དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད། ནད་ཡམས་སྔོན་འགོག་དང་དབུལ་ཐར་མཁྲེགས་གཏོར་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་སྐུལ་འདེད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། “འགན་འཁུར་མི་འདོར་བ་བཞི”ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པའི་བླང་བྱ་ལྟར། “3+1”གདོང་མཆོང་གཙང་སེལ་གྱི་བྱ་འགུལ་དང“5+1”ཆེད་དོན་མཐོར་འདེགས་ཀྱི་བྱ་འགུལ་གཅིག་གྱུར་སྐུལ་འདེད་བྱས་ནས། ནད་ཡམས་སྔོན་འགོག་སྐབས་སུ་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བཟང་བོར་སྒྲུབ་པའི་བསམ་འཆར་སྐོར་ཞིག་བཏོན་པ་དང། ཐོན་ལས་འཕེལ་རྒྱས་ལ་མ་དངུལ་སྒོར་དུང་ཕྱུར 11.21དངོས་འབེབས་བྱས་ཡོད་ཅིང་། ཁྱིམ་ཚང་ལ་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར 4.9འབྱོར་ཡོད་ལ། རོང་འབྲོག་ཁྱིམ་ཚང་ཁྲི 2.6ལ་ཡོང་སྒོ་འཕར་སྣོན་བྱུང་ཡོད། རོགས་སྐྱོར་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར 4.38དངོས་འབེབས་བྱས་ནས། ལས་གཞི 221ལག་བསྟར་བྱས་ཡོད། དབུལ་ཕོངས་མི་གྲངས་ལྷག་མ་དང་དབུལ་ཕོངས་སྡེ་བར་བྱང་བུ་བཀལ་ནས་སྐུལ་སྒྲུབ་བྱེད་པའི་བྱ་བ་སྒྲུབ་ཡོད་ཅིང་། དབུལ་སྐྱོར་ཁྱབ་ཁོངས་སུ་ལྟ་སྐུལ་བྱས་ནས་བཏོན་པའི་གནད་དོན་ཚང་མ་དག་ཐེར་བྱས་ཚར་ཡོད། དབུལ་ཕོངས་པ་མི་ཁྲི 0.28ལྷག་ཡོད་པ་ཚང་མ་དབུལ་ཐར་བྱས་ཡོད་ལ། ཐེ་བོའི་ཚེ་བ་སྡེ་བ་དང་། འབྲུག་ཆུའི་རྩེ་སྡེ་དང་རི་སྔོན་སྡེ་བ་བཅས་བྱང་བུ་བཀལ་ནས་སྐུལ་སྒྲུབ་བྱས་པའི་སྡེ་བ 3པོ་ཡང་དབུལ་ཐར་བྱས་པས། དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་སུ་ལེགས་གྲུབ་བྱུང་སོང་། དབུལ་ཕོངས་འབྱུང་ཚད 0.5 ནས་ཐིག་ལེར་གྱུར་ཡོད། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་ཞིབ་བཤེར་ཁྲོད་དུ། ཚགས་བཟོས་བྱང་བཀོད་ཀྱི་ཁྱིམ་ཚང་དབུལ་ཕོངས་ཁྲི 3.97ཡོད་པ་ཚང་མའི་དབུལ་སྐྱོར་སྲིད་ཇུས་ལག་ལེན་དང་དབུལ་སྐྱོར་གྲུབ་འབྲས་བློར་འབབ་ཚད 100 ཡིན།
    (གསུམ)ཞིང་ལས་དར་རྒྱས་ཀྱི་གོམ་པ་ཇེ་བརྟན་བྱས་ཡོད། འདེབས་འཛུགས་ལས་རིགས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་ཚད་མགྱོགས་སུ་བཏང་བས། འབྲུ་འབྱོར་གཟན་གསུམ་གྱི་རྒྱུ་སྤུས་སྡུར་ཚད 53.8:37.6:8.6ཡིན་ཞིང་། མཐོ་སྒང་གི་དབྱར་ཚོད་དང་ཀི་ཀོ་ཤྭ་མོ་སོགས་ཀྱི་ཐོན་ལས་ཀྱི་གཞི་རྒྱ་དང་ཁེ་ཕན་གཉི་ག་ཇེ་མཐོར་སོང་ཡོད། ཚད་གཞི་མཐོ་བའི་རྨོ་ཞིང་མུའུ་ཁྲི 5.55འཛུགས་སྐྲུན་བྱས་ཡོད། ཞིང་ལས་སྐྱེ་དངོས་ཀྱི་འདེབས་འཛུགས་ལྗང་མདོག་ཅན་དུ་སྐུལ་འདེད་བཏང་ནས། ཅོ་ནེ་རྫོང་གིས་རྫས་འགྱུར་ཞིང་སྨན་གྱི་ལུད་རྫས་མི་རྒྱག་པ་མངོན་གྱུར་བྱུང་ཡོད་ལ། ཁུལ་ཡོངས་སུ་སྐྱེ་ལྡན་ལུད་རྫས་ཐོན་ཚད་ཏུན་ཁྲི 14ལ་བསླེབས་ཡོད། ཀན་ལྷོ་ཁུལ་གྱི་འབྲི་གཡག་དང་བོད་ལུག་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཁྲིམས་འཛུགས་ཀྱི་རིམ་པར་ཐོན་ཡོད། ཕྱུགས་ཁྱུ་དང་ཕྱུགས་རྒྱུད་རྒྱུད་སྤེལ་ཇེ་མགྱོགས་སུ་བཏང་ཞིང་། འབྲི་གཡག་དང་བོད་ལུག་གི་རྒྱུད་སྲུང་སྐྱོབ་དང་འདེམ་གསོ་གསོ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། སྐྱེ་ཁམས་ཕྱུགས་ར“ཅན་དྲུག”ཏུ་གཏོང་བའི་གོམ་སྟབས་ཀྱང་ཇེ་མགྱོགས་སུ་བཏང་ཡོད། ཞིང་ལས་ཐོན་རྫས་འཁེང་འགྱུར་བྱེད་པའི་སྒྲིག་ཆས་ལས་གཞི 95སྐྲུན་ཡོད། ཞིང་ཕྱུགས་ལས་ཀྱི་ཉེན་འགོག་ལ་ཁྱིམ་ཚང་ཁྲི 8.56ཞུགས་ཡོད། ཤང་དང་གྲོང་རྡལ 67གྱི་ཕྱུགས་ཟོག་སྨན་ཁང་ཞིག་གསོ་བྱས་ཡོད་པས། སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱེད་པའི་ནུས་པ་ཇེ་མཐོར་སོང་ཡོད།
    (བཞི)ཡུལ་སྐོར་རིམ་སྤར་ལ་སྐུལ་འདེད་བྱས་ཡོད། “གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་བཟོ་སྐྲུན་སྐུལ་འདེད་བྱས་པར་མ་དངུལ་སྒོར་དུང་ཕྱུར 4.59བཏང་ཡོད་ཅིང་། ཚད་གཞི་མཐོ་བའི་རིག་གནས་ཡུལ་སྐོར་གྱི་ཚད་ལོན་སྡེ་བ 17དང་། ཁོངས་ཡོངས་སུ་ཡུལ་སྐོར་བྱེད་སའི་ཆེད་གཉེར་སྡེ་བ 103། ཡུལ་སྐོར་གྱི་ནུས་པ་ལྡན་པའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 297 དམངས་སྲོལ་གྱི་ཞག་འདུག་བྱེད་ས་དང་རོང་ཁྱིམ་སྤྲོ་སྐྱིད་ཁང 3000ལྷག་འཛུགས་སྐྲུན་བྱས་ནས། རིག་གནས་ཡུལ་སྐོར་གྱི་ཐོན་ལས་རིམ་སྤར་མགྱོགས་སུ་བཏང་ཡོད། བྲག་སྒམ་ནང་དང་དབལ་བན་ཚང་གཉིསA4རིམ་པའི་ལྗོངས་ཁུལ་དུ་འཕར་ཞིང་། ཀན་ལྷོར“2020ལོའི་ཀྲུང་གོའི་ཆེས་སྐྱིད་པའི་དམངས་སྲོལ་ཁམས་གསེང་བྱེད་ས”ཞེས་པའི་མཚན་སྙན་ཐོབ་ཡོད་ལ། ལིན་ཐན་ཐག་འཐེན་ཆེན་མོ་སོགས་རྣམ་གྲངས་ལྔ་རྒྱལ་ཁབ་རིམ་པའི་དངོས་པོ་ཙམ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ལས་གཞི་སྐོར་ཐེངས་ལྔ་བའི་མིང་ཐོ་ཁྲོད་དུ་ཚུད་ཡོད། ཞིང་ཆེན་ཡོངས་ནས་སྔོན་ལ་ལྗོངས་ཁུལ་དུ་གླ་རིན་མི་ལེན་པར་སྒོ་འབྱེད་རྒྱུ་ལག་བསྟར་བྱས་པས། ཡུལ་སྐོར་གྱི་དཔལ་འབྱོར་ལྡོག་ཕྱོགས་ནས་དྲང་ཕྱོགས་སུ་འཕེལ་ནས། ཡུལ་སྐོར་བ་མི་ཐེངས་ཁྲི 1671སྣེ་ལེན་བྱས་ཤིང་། ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར 83ལ་བསླེབས་པས། སོ་སོ 16 དང 12 འཕར་ཡོད།
    (ལྔ)ལས་གཞི་འཛུགས་སྐྲུན་སྐུལ་འདེད་མགྱོགས་སུ་བཏང་ཡོད། མ་དངུལ་སྒོར་དུང་ཕྱུར 57བཏང་ནས། ཀན་ལྷོ་ཁུལ་དངོས་མང་བཤམས་སྟོན་ཁང(ཚན་རྩལ་ཁང)དང་། གཙོས་གྲོང་ཁྱེར་དམངས་ཡོངས་ལུས་རྩལ་སྦྱོང་རྡར་ལྟེ་གནས་སོགས་ལས་གཞི་ཆེན་མོ 35ལག་བསྟར་བྱས་ཡོད། རྨ་ཆུའི་གནམ་གྲུ་ཐང་སྐྲུན་སའི་ས་གནས་གཏན་ཁེལ་བྱས་ཡོད། ཧྥུན་ཏའེ་ནས་འདོད་དགུ་དགོན་དང་རྨ་ཆུ་ནས་རྨ་ཆེན་སོགས་ཀྱི་གཞུང་ལམ 7ཤར་གཏོང་བྱས་ཡོད། རྫོང་དང་ཤང་གི་བགྲོད་ལམ་ཞིག་གསོ་དང་། “ལྡོག་འགྲོ་མི་བདེ་བ”བསྐྱར་ལས། ཚེ་སྲོག་བདེ་འཇགས་སྲུང་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ནས། བགྲོད་ལམ་ཤར་སྐྱོད་ཀྱི་ནུས་པ་དང་མང་ཚོགས་ཕྱི་སྐྱོད་ལ་སྟབས་བདེ་སྐྲུན་པའི་ཆུ་ཚད་ཇེ་མཐོར་བཏང་ཡོད། ས་ཆུ་ཤོར་བ་ས་སྤྱི་ལེ་གྲུ་བཞི་མ 248.35དང་ཆུ་རགས་སྤྱི་ལེ 195.58བཅོས་སྐྱོང་བྱས་ཡོད། བཙོག་ཆུ་འདྲེན་སའི་སྦུ་གུ་སྤྱི་ལེ 15.67གསར་དུ་འཐེན་ཡོད་ལ། སྤྱིལ་བུ་ཁུལ་གྱི་ཁྱིམ་ཚང 3560ལ་ལས་གཞི་ལེགས་བཅོས་དང་། སྡེ་ཁུལ་རྙིང་བའི་ཁྱིམ་ཚང 1441གི་ཁང་བ་ཞིག་གསོ་བྱས་ཡོད།
    (དྲུག)གནོད་འཚེ་ཚབས་ཆེན་ལ་ཁ་གཏད་གཅོག་ཡོད། འབྲུག་ཆུ་དང་ཐེ་བོའི 8.17འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་བྱུང་མ་ཐག་ཏུ་རིམ་པ་གཉིས་པའི་ཉེན་འགོག་བྲེལ་བསྟུན་གྱི་འགོ་བརྩམས་ཏེ། ཁུལ་དང་རྫོང་། ཤང་དང་སྡེ་བ་བཅས་རིམ་པ་བཞི་བོ་མཉམ་འབྲེལ་བྱས་ཤིང་། ལས་བྱེད་མང་ཚོགས་ཁྲི་ལྷག་དང་རྒྱ་ཆེའི་དམངས་དམག་རྗེས་གྲབས་སྟོབས་ཤུགས་ཡུལ་དངོས་སུ་ཞུགས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་ཉིན་མཚན་དབྱེར་མེད་ཀྱིས་འབད་འཐབ་བྱས་ནས་ཆུ་ལོག་ཉེན་འགོག་ཁྲོད་མི་གཅིག་ཀྱང་ཤི་རྨས་མ་བྱུང་བའི་རྒྱལ་ཁ་བླངས་ཡོད། ཚན་རིག་དང་མཐུན་པར་གནོད་རྐྱེན་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་གཞི་བཀོད་དེ། ཉེན་སྐྱོབ་རྒུད་སྐྱོབ་དང་བསྐྱར་གསོ་བསྐྱར་འཛུགས་ལ་མ་དངུལ་སྒོར་དུང་ཕྱུར 4.7བརྩོན་ལེན་བྱས་ནས། རང་བྱུང་གི་གནོད་འཚེ་ཉེན་ཟོན་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྲུན་དང་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཀྱི་བྱ་བ་ཕྱོགས་ཡོངས་ནས་སྒྲུབ་པ་མ་ཟད། གནོད་ཐེབས་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ་གྱི་ཡུལ་མི་གནས་སྤོ་བའི་བྱ་བ་གོ་རིམ་ཡོད་པར་སྐུལ་འདེད་བཏང་ཡོད།
    འཐུས་མི་རྣམ་པ། འདས་པའི་ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་མང་ཚོགས་ཀྱིས་རང་འཁྲིའི་ལས་གནས་སུ་ཟུང་འབྲེལ་བྱས་ཏེ་ཧུར་ཐག་འབད་ཐག་གིས་བྱས་རྗེས་བཞག་ཡོད་ལ། རང་རང་སོ་སོའི་འཐབ་ས་ནས་ཐོག་མའི་ཕུགས་འདུན་བརྟན་སྲུང་དང་བསམ་པ་རྣམ་དག་གིས་བྱ་བ་སྒྲུབ་པས། “རྒྱལ་ཡོངས་ཀྱི་གུང་ཁྲན་ཏང་ཡོན་ཕུལ་བྱུང་བ”ཀྲང་ཞའོ་ཅོན་དང་། “རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན”འོད་བྷེ། “རྒྱལ་ཡོངས་ཀྱི་ལས་བྱེད་ཕུལ་བྱུང་བ”པདྨ་རྣམ་རྒྱལ། “རྒྱལ་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་སྔོན་ཐོན་མི་སྣ”སུང་ཁོ་ཆིན་སོགས་ཀྱིས་མཚོན་པའི་སྔོན་ཐོན་དཔེ་ལེགས་ཅན་རབས་དང་རིམ་པ་བྱུང་ནས། མི་སེམས་འགུག་པའི་མཛད་རྗེས་བླ་ན་མེད་པ་བཞག་ཡོད། ཁོ་ཚོས་བཅོས་སྒྱུར་འཕེལ་རྒྱས་ཀྱི་ཁྲོད་དུ་དཀའ་ཁག་གདོང་གིས་བསུས། དབུལ་ཐར་མཁྲེགས་གཏོར་གྱི་ལམ་ནས་ལང་ཚོའི་སྨྱུ་གུ་རྫོགས། མང་ཚོགས་ལ་ཞབས་འདེགས་སྒྲུབ་པར་བླ་ན་མེད་པའི་བྱས་རྗེས་བཞག་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་ཆེད་དུ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པས། ཁོ་ཚོ་ནི་ཀན་ལྷོའི་སྙིང་སྟོབས་ཀྱི་ཆེས་འོད་དུ་འཚེར་བའི་གཟི་མདངས་དང་། ཆེས་ཡིད་འགུལ་ཐེབས་པའི་སྒྲུང་གཏམ། ཆེས་གསོན་ཉམས་ལྡན་པའི་དམིགས་དཔེ་ཡིན་ནོ།།
    འཐུས་མི་རྣམ་པ། “ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པར”ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མགྱོགས་མྱུར་གྱིས་འཕེལ་རྒྱས་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་སྒྱུར་འདྲའི་འགྱུར་ལྡོག་བྱུང་ལ། མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་སོང་བས། དུས་སྐབས་འདིར་གྲུབ་འབྲས་འབུར་དུ་ཐོན་ཞིང་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད། གྲུབ་འབྲས་འདི་འདྲ་ཞིག་བླངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་། ཏང་གི་བོད་སྐྱོང་ཇུས་གཞི་ཡིས་ཚན་རིག་དང་མཐུན་པར་མཛུབ་སྟོན་བྱས་པའི་མཇུག་འབྲས་ཡིན། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་བྱས་པའི་ཏང་ཀྲུང་དབྱང་གིས་དམིགས་བསལ་གྱི་རྒྱབ་སྐྱོར་དང་བྱམས་བརྩེའི་ཐུགས་ཁུར་གནང་བའི་མཇུག་འབྲས་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོ་ཁྲིད་བརྟན་མོ་དང་བརྩེ་བ་ཟབ་མོ་བཅངས་པའི་མཇུག་འབྲས་ཡིན། ཁུལ་ཨུས་གཅིག་གྱུར་འཆར་བཀོད་དང་ཚན་རིག་དང་མཐུན་པའི་ཇུས་ཆོད་ཀྱིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། འབད་པ་ལྷུར་ལེན་དང་དཀའ་སྤྱད་སྡུག་རུས་བྱས་པའི་མཇུག་འབྲས་ཡིན། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་ལྟ་སྐུལ་ནན་མོ་དང་རྒྱབ་སྐྱོར་གང་ལེགས་བྱས་པའི་མཇུག་འབྲས་ཡིན། ཀྲུང་དབྱང་གི་གནས་ཁེལ་རོགས་སྐྱོར་སྡེ་ཚན་དང་། ཐེན་ཅིན་གྲོང་ཁྱེར་གྱི་ཏང་ཨུ་སྲིད་གཞུང་། སྤུན་ཟླའི་གྲོང་ཁྱེར་དང་ཁུལ་བཅས་ཀྱིས་བརྩེ་བ་ཆེན་མོས་རོགས་སྐྱོར་དང་སྒེར་སེམས་མེད་པར་རོགས་རམ་བྱས་པའི་མཇུག་འབྲས་ཡིན། དེའི་ཕྱིར། ངས་འདི་ནས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། ཁུལ་ཡོངས་ཀྱི་རང་རང་སོ་སོའི་འཐབ་ས་ན་འབད་པ་ལྷུར་ལེན་བྱེད་བཞིན་པའི་རྒྱ་ཆེ་བའི་ངལ་རྩོལ་པ་དང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན། ལས་འཁྱུར་ངལ་གསོ་བྱས་པའི་བློ་མཐུན་རྒན་པ་ཡོངས་རྫོགས། ཁུལ་སྡོད་ཀྱི་དམག་དཔུང་དང་། དྲག་སྤྲས་ཉེན་རྟོག་དམག་མི། སྤྱི་བདེ་དམག་མི་དང་ཁུལ་སྡོད་ཀྱི་ཞིང་ཆེན་ལས་ཁུངས་ཚང་མ། མི་དམངས་ཚོགས་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ། ཀན་ལྷོའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་བློ་མཐུན་རྣམ་པ་དང་གྲོགས་པོ་ཚང་མར་བསམ་པ་རྣམ་དག་གི་སྒོ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་ཡིན།
    འཐུས་མི་རྣམ་པ། འདས་པའི་ལོ་ལྔའི་འཕེལ་རྒྱས་ཀྱི་ལག་ལེན་ལ་ཕྱིར་མིག་ཅིག་བལྟས་ན། ང་ཚོར་ངོས་ཟིན་ཟབ་མོ་ཞིག་ཡོད་པ་ནི། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཅིང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་གཞི་འཛིན་ས་ཡིན་ལ། གཏན་འཇགས་ཀྱི་མཐའ་ཚད་རྒྱུན་འཁྱོངས་བྱེད་ཅིང་སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱ་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་སྔོན་འགྲོ་ཡིན། མི་དམངས་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་དམིགས་འབེན་ཡིན་ལ། ལྗང་མདོག་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་ཅིང་ལྗང་མདོག་དར་སྤེལ་མངོན་འགྱུར་བྱ་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་ལམ་ཕྱོགས་ཡིན། བཅོས་སྒྱུར་གཏིང་ཟབ་རྒྱུན་འཁྱོངས་བྱེད་ཅིང་སྒོ་འབྱེད་བརྗེ་རེས་རྒྱ་སྐྱེད་གཏོང་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་ཡིན། ཁྲིམས་ལྟར་སྲིད་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་ནི་ཀན་ལྷོའི་དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཀྱི་རྩ་བའི་ཁག་ཐེག་ཡིན། གོ་རྟོགས་འདི་དག་ལ་རིན་ཐང་བླ་ན་མེད་པས། ང་ཚོས་ཅིས་ཀྱང་གཅེས་སྤྲས་བྱ་དགོས་ལ་དུས་ཡུན་རིང་བོར་རྒྱུན་འཁྱོངས་ཀྱང་བྱ་དགོས།
    འཐུས་མི་རྣམ་པ། ཉེན་ཁ་རྟོག་ན་བདེ་བ་འབྱུང་། སྡུག་བསྔལ་ཤེས་ན་དཀའ་ངལ་སྒྲོལ། ལོ་ལྔའི་རིང་ལ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྔ་ན་མེད་པའི་གྲུབ་འབྲས་ཐོབ་ཡོད་མོད། འོན་ཀྱང་དཔལ་འབྱོར་གྱི་བསྡོམས་འབོར་ཉུང་ཞིང་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པས། འཕེལ་རྒྱས་དོ་མི་སྙོམས་པ་བཅས་ཁུལ་གྱི་གཞི་རྩའི་གནས་ཚུལ་ད་དུང་རྩ་བ་ནས་སྒྱུར་ཐུབ་མེད་ལ། ཡུན་རིང་བོར་བསགས་པའི་འགལ་ཟླ་ཟབ་མོ་དང་གནད་དོན་སྐོར་ཞིག་ད་རུང་ཐག་གཅོད་མ་ཐུབ་པར་ལུས་ཡོད། རྨང་གཞིའི་སྒྲིག་ཆས་གཉོམ་ཞིང་ཐོན་ལས་འཕེལ་རྒྱས་ཀྱི་ཚད་དམའ་བས། མ་དངུལ་གྱིས་མི་འདང་བ་དང་། ལག་རྩལ་གྱིས་མི་འདང་བ། འཇོན་མིས་མི་འདང་བའི་གནད་འགག་ད་དུང་སྔོན་མ་ནང་བཞིན་འབུར་དུ་ཐོན་ཡོད། ས་གནས་ནོར་སྲིད་ཀྱི་ཡོང་སྒོ་འཕར་བར་དཀའ་ཁག་འཕྲད་ཅིང་གཏོང་སྒོའི་འགན་སྲུང་ནུས་པ་ཞན་པས། སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་དམངས་འཚོའི་བྱ་བ་དང་མང་ཚོགས་ཀྱི་རེ་སྒུག་བར་ད་དུང་བར་ཐག་ངེས་ཅན་ཡོད། སྐྱེ་ཁམས་ཀྱི་མ་ལག་གཉོམ་ཞིང་ཐེག་ཐུབ་པའི་ནུས་པ་ཞན་པ། བསྐྱར་གསོ་ཡི་དཀའ་ཁག་ཆེ་བས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལམ་སྣ་ད་དུང་ཧ་ཅང་རིང་མོ་ཡིན། རང་བྱུང་གི་གནོད་འཚེ་འབྱུང་རྒྱུ་མང་ཞིང་ཡང་བསྐྱར་དབུལ་ཕོངས་འགྱུར་བའི་ངན་རྐྱེན་ཅུང་མང་བས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཞིང་སྡེ་དར་སྤེལ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་ལས་འགན་ད་དུང་ཤིན་ཏུ་ལྕི་མོ་ཡིན། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་ངན་རྐྱེན་ཐེབས་པའི་འགལ་ཟླ་སྣ་ཚོགས་ཀྱི་རྙོག་དྲ་ཆེ་བས། སྤྱི་ཚོགས་བདག་སྐྱོང་གི་ནུས་པ་དང་བདག་སྐྱོང་གི་མ་ལག་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་ད་དུང་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག སྲིད་གཞུང་གི་འགན་ནུས་སྒྱུར་བཀོད་ད་དུང་ཚད་ལ་མ་ཐོན་པས། ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་དུ་སྒྱུར་བཅོས་དང་ལེགས་བཅོས་གཏོང་དགོས་ཤིང་། སྲིད་གཞུང་སྡེ་ཁག་གི་ལས་བྱེད་མི་སྣའི་བསམ་བློ་འཛིན་སྟངས་དང་། གསར་གཏོད་ཀྱི་འདུ་ཤེས། ནུས་པ་ཡོན་ཏན་སོགས་ཀྱི་ཐད་ནས་ཀྱང་ད་རུང་མི་འདང་སའི་ཆ་མི་ཉུང་བ་ཞིག་ཡོད། ང་ཚོས་གནད་དོན་འདི་དག་གཙིགས་སུ་འཛིན་ཞིང་ལྟ་སྟངས་ནན་མོའི་སྒོ་ནས། འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་དུ་ཅིས་ཀྱང་ནུས་ཤུགས་ཡོད་རྒུ་བཏོན་ནས་ཐག་གཅོད་བྱ་དགོས།
ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་དམིགས་འབེན་གཙོ་བོ།
    ལོ་ལྔའི་འཆར་གཞི་ཨང་བཅུ་བཅུ་བཞི་བའི་དུས་སྐབས་ནི་རང་ཁུལ་གྱིས་ཏང་གི་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཆེན་ཏང་ཨུའི་བོད་འབྲེལ་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་འགྲུབ་དང་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་འགྲུབ་རྗེས་སུ། བབ་བསྟུན་གྱིས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་གསར་བ་དང་། ལོ་ངོ་བརྒྱ་ཚན་གཉིས་པའི་འབད་འཐབ་དམིགས་འབེན་ལ་དཔུང་སྐྱོད་བྱེད་པའི་གནད་འགག་གི་ལོ་ངོ་ལྔ་ཡིན། ལོ་ངོ་འདི་ལྔ་བོ་ནི། རང་ཁུལ་འཕེལ་རྒྱས་ཀྱི་གོ་སྐབས་རིམ་བརྩེགས་སུ་ཡོད་པའི་དུས་སྐབས་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་གྱི་འགག་སྒྲོལ་དུས་སྐབས། རྨང་གཞིའི་ཆད་གསབ་ཐོད་བརྒལ་གྱི་དུས་སྐབས། འཕེལ་སྟངས་སྒྱུར་བའི་དཔལ་འབྱོར་རིམ་སྤར་གྱི་དུས་སྐབས། འཕེལ་རྒྱས་བར་ཁྱད་ཆུང་གཏོང་གི་དུས་སྐབས་ཡིན། ང་ཚོས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཐག་གཅོད་བཀོད་སྒྲིག་ལྟར། ཉེན་ཁའི་ཁྲོད་ནས་གོ་སྐབས་གསར་བ་བསྐྲུན་པ་དང་། འགྱུར་ལྡོག་ཁྲོད་གནས་སྟངས་གསར་བ་བཏོད་དེ། སྲུང་སྐྱོང་དང་འཕེལ་རྒྱས། བརྟན་ལྷིང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། སྤྱི་ཁྱོན་གྱི་འཕེལ་སྟངས་ཁོང་ཆུད་དང་། གོ་སྐབས་གསར་བ་དམ་འཛིན། འཐབ་ཇུས་བརྟན་ཤུགས་རྒྱུན་འཁྱོངས། ཡིད་ཆེས་དང་ཆོད་སེམས་བརྟན་པོ། དམངས་སེམས་རིག་སྟོབས་གཅིག་སྒྲིལ། བག་ནུས་སྒུལ་ཤུགས་སྐུལ་སློང་བཅས་ཀྱི་སྒོ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་དང་གནས་སྟངས་གསར་བ་མུ་མཐུད་དུ་གསར་བསྐྲུན་བྱ་དགོས།
    ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་དུས་སྐབས་ཀྱི་ཁུལ་ཡོངས་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་མཛུབ་སྟོན་བསམ་བློ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བྱེད་ཅིང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་སྒྲུབ་ཐུབ་པར་བྱས་ཏེ། ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་པོར་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱ་རྒྱུར་དམ་པོར་དམིགས་པ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁོངས་ནས་ཀན་ལྷོ་ས་ཁུལ་གྱིས་སྐྱེ་ཁམས་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་བཟུང་བར་དམ་པོར་དམིགས་པ་བཅས་བྱས་ནས། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་དང་སྐུལ་འདེད་བཏང་སྟེ། བརྟན་བརླིང་ཁྲོད་ཡར་རྒྱས་ཡོང་བར་བྱེད་པའི་གཞི་རྩའི་ལས་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་བྱ་གཙོ་བོ་བྱེད་པ་དང་སྐྱེ་ཁམས་དམིགས་སུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་ཀྱིས་སྣེ་འདྲེན་བྱེད་པ། མཁོ་ཕྱོགས་ཀྱི་སྒྲིག་གཞི་ལ་སྒྱུར་བཅོས་གཏིང་ཟབ་གཏོང་རྒྱུ་གཙོ་རྐང་བྱེད་པ། བསྒྱུར་བཅོས་གསར་གཏོད་ནི་རྩ་བའི་སྒུལ་ཤུགས་བྱེད་པ། སྐྱེ་ཁམས་ཐོན་ལས་ཆེན་པོ་དྲུག་འཕེལ་རྒྱས་གཏོང་རྒྱུ་ཤུགས་སྣོན་ས་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གཉིས་འགག་གནད་སྒྲོལ་གནས་བྱེད་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་བསྐང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ་བཅས་བྱས་ནས། ལྗང་མདོག་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ནས་རང་འགུལ་གྱིས་འཕེལ་རྒྱས་གསར་བའི་གཞི་ཁྱོན་ནང་འདྲེས་པར་བྱེད་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གང་མྱུར་སྒོས་ཆགས་པར་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་ལེགས་སྒྱུར། གོམས་ངན་གཙང་སེལ་བཅས་བྱས་ནས་སྔར་ལས་ལྷག་པར་ཏུ་བཟང་སྐྱོང་ཆད་གསབ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་དོ་སྣང་བླ་ལྷག་བྱས་ཏེ། རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་མུ་ཁྱུད་བསྐྲུན་ཏེ། གསར་གཏོད་ཀྱི་སྒུལ་ཤུགས་ལ་དེ་བས་ཀྱང་དོ་སྣང་ཆེན་པོ་བྱེད་ལ། མ་ལག་བཅོས་སྐྱོང་བྱ་རྒྱུར་སྔར་བས་ཀྱང་དོ་སྣང་ཆེན་པོ་བྱ་དགོས། ཀན་ལྷོ་ནི“དཔལ་འབྱོར་རྗེས་འབྲང་མཁན”ནས“སྣོད་བཅུད་སྣེ་ཁྲིད་མཁན”དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས“གནོད་མེད་ལྔའི”མིང་བྱང་གསར་བ་བསྐྲུན་ཏེ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་དང་མདོ་དབུས་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གསར་འཛུགས་བྱས་ནས། ཀན་ལྷོ་འདི་ཉིད་རྒྱལ་ཡོངས་ཀྱི་སྔོན་དུ་སྐྱོད་པའི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཡུལ་སྐོར་དཔེ་སྟོན་ཁུལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་ལྷག་པར་དུ་དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པར་གཙིགས་མཐོང་བྱེད་ཅིང་། ཏང་གི་རྩ་འཛུགས་དང་གཞི་རིམ་གྱི་སྲིད་དབང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཞི་གཅིག་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བར་འགན་ལེན་བྱ་དགོས། 
    “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”རིང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་སུ 6 འཕར་རྒྱུ། ས་གནས་ཀྱི་སྤྱི་བའི་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་ཡོང་རྒྱུ། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་གྲངས་ལོ་རེར་ཆ་སྙོམས 5 འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་འཚོང་བསྡོམས་འབོར་ལོ་རེར་ཆ་སྙོམས 5.5 འཕར་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས 104ནང་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་ཀྱི་བཀོལ་ཆོག་པའི་ཡོང་འབབ་ཆ་སྙོམས་ལོ་རེར 7 འཕར་རྒྱུ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་བཀོལ་ཆོག་པའི་ཡོང་འབབ་ཆ་སྙོམས 8 འཕར་རྒྱུ། ཁུལ་ཡོངས་ཀྱི་གྲོང་རྡལ་ཅན་གྱི་འགྱུར་ཚད 43 འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཐོ་འགོད་ཀྱི་ལས་ཤོར་བྱུང་ཚད 4 ནང་ཚོད་འཛིན་བྱ་རྒྱུ་བཅས་ཡིན།
གོང་གི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ང་ཚོས་གཤམ་གྱི་གཙོ་གནད་འགའི་ཐད་ནས་ནུས་ཤུགས་འདོན་དགོས་ཏེ།
    (གཅིག) ཚན་རྩལ་གྱིས་གསར་གཏོད་དང་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩོལ་ནུས་གསར་བ་སྐུལ་སློང་གང་ཐུབ་བྱ་དགོས། དེང་རབས་ཅན་གྱི་འཛུགས་སྐྲུན་གནས་བབ་ཁྲོད་ནས་གསར་གཏོད་ཀྱི་སྲོག་ཤིང་ནུས་པ་ཤུགས་ཆེར་གཏོང་བ་དང་། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་པར་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་ནི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་དུ་བཟུང་ནས་ཁེ་ལས་ཀྱིས་གསར་གཏོད་དང་ཤེས་ལྡན་པའི་ལས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ཁོར་ཡུག་ལེགས་སྒྱུར་དང་ཚན་རྩལ་རྣམ་གྲངས་ཀྱི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱས་ནས། གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་དང་། རྟེན་གཞི། ཤེས་ལྡན་མི་སྣ། མ་དངུལ་བཅས་གཞི་གཅིག་ཅན་དུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་ཞིབ་འཇུག་གསར་འབྱེད་ཐད་གྲོན་དངུལ་གཏོང་ཚད 1 ཡན་ཟིན་དགོས། ཁེ་ལས་ཀྱི་གསར་གཏོད་གཙོ་ཤུགས་གོ་གནས་ལ་ཤུགས་སྣོན་དང་ཞིང་ཕྱུགས་ལས་ཀྱི་སྣེ་འདྲེན་ཁེ་ལས་ཀྱིས་སྣེ་ཁྲིད་དེ་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་པར་སྣེ་ཁྲིད་བྱས་ནས། ཁེ་ལས་ཀྱིས་ཞིབ་འཇུག་གསར་འབྱེད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་བསྔགས་སྐུལ་བྱེད་པ་དང་། ཁེ་ལས་ཀྱིས་རྨང་གཞིའི་ཞིབ་འཇུག་སྤེལ་བར་རྒྱབ་སྐྱོར་བཅས་བྱ་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ལས་ཁུངས། ཁེ་ལས་བཅས་བར་གྱི་སྤེལ་རེས་དང་མཉམ་ལས་ཀྱི་སྡིངས་ཆ་བསྐྲུན་ནས། ཚན་རྩལ་གྲུབ་འབྲས་སྤོ་སྒྱུར་དང་གཞན་སྒྱུར་ལ་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་དང་སློབ་གྲྭ་ཞིབ་འཇུག་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་རྐྱེན་སྲོལ་ལ་བསྒྱུར་བཅོས་ཟབ་སྤེལ་བྱས་ནས། ཤེས་ལྡན་མི་སྣའི་ཐད་སྔར་ལས་ལྷག་པའི་སྒོ་འབྱེད་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། ཀན་ལྷོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་གསར་གཏོད་ཅན་དང་། ཉེར་སྤྱོད་ཅན། ལག་རྩལ་ཅན་བཅས་ཀྱི་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་། བཀོལ་སྤྱོད་བཟང་བོ་བྱས་ནས་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་དགོས། གསར་གཏོད་བྱེད་ནུས་དང་སྤུས་ཚད། དངོས་ཕན། བྱས་རྗེས་བཅས་ཕྱོགས་སྟོན་བྱེད་པའི་ཚན་རྩལ་ཤེས་ལྡན་མི་སྣའི་གདེང་འཇོག་མ་ལག་འཐུས་ཚང་དུ་གཏོང་དགོས་ཤིང་། ཤེས་རིག་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་ཞིབ་མི་སྣའི་གོ་གནས་དང་གསར་གཏོད་འབྲས་བུའི་ཁེ་ཕན་མཉམ་སྤྱོད་ཀྱི་ལམ་སྲོལ་དངོས་འབེབ་བྱས་ནས། ཚན་ཞིབ་མི་སྣའི་གསར་གཏོད་དང་ཞིབ་འཇུག་གསར་སྤེལ་གྱི་སྒུལ་ཤུགས་དང་གསོན་ཤུགས་སློང་སྐུལ་བྱ་དགོས།
    (གཉིས) གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་མཐུན་སྦྱོར་ངང་གོང་དུ་སྤེལ་བ་རྒྱུན་འཁྱོངས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་བའི་རྣམ་པ་གསར་བ་གཏོད་པར་འབད་བརྩོན་བྱ་དགོས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་གྲས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་བཏང་སྟེ། བཟོ་ཞིང་ཕན་ཚུན་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཕན་ཚུན་གསབ་རེས་དང་མཐུན་འགྲིག་གོང་སྤེལ། ཐུན་མོང་ཐོག་དར་རྒྱས་ཡོང་བ་བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་བར་གྱི་འབྲེལ་བ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་དམ་འཛིན་བྱེད་ས་བྱས་ཏེ། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་འགུལ་སྤེལ་བ་དང་། མུ་མཐུད་དུ་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ 1430འཛུགས་སྐྲུན་བྱས་ཏེ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་ཀྱི་རང་བྱུང་སྡེ་བ་ཡོངས་ལ་སྐྱེ་ཁམས་དཔལ་ཡོན་སྡེ་བས་ཁེབས་པ་མངོན་འགྱུར་ཡོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་འབྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་བྱེད་པ་དང་། མུ་མཐུད་དུ་དབུལ་སྐྱོར་ཐོན་ལས་ལ་རོགས་སྐྱོར་བྱེད་པ། རོང་འབྲོག་སྡེ་བའི་སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་བྱེད་པ། རོང་འབྲོག་སྡེ་བའི་སྤྱི་ཚོགས་འགན་སྲུང་དང་རོགས་སྐྱོར་ལམ་ལུགས་འཐུས་ཚང་གཏོང་བ། དབུལ་ཕོངས་སུ་བསྐྱར་ལོག་མི་ཡོང་བའི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་གཏོང་བ་བཅས་བྱས་ཏེ། ཁྱོན་ཡོངས་ནས་རོང་འབྲོག་སྡེ་བ་རྣམས་སྐྱེ་ཁམས་བཟང་བོ་དང་ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ཕྱུག་འགྱུར། ཁོར་ཡུག་མཛེས་སྡུག དོ་དམ་དམངས་གཙོ། འཆམ་མཐུན་བརྟན་ལྷིང་ཅན་ཡིན་པ་མངོན་འགྱུར་ཡོང་བར་བྱ་དགོས། མི་སྲོག་ཤིང་ཡིན་པའི་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་བ་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་ཁུལ་ཡོངས་ཀྱི་གཙོ་ནུས་ཐོན་ཁུལ་ངེས་གཏན་བྱས་པ་ལྟར། འགྲིམ་འགྲུལ་ལམ་ཐིག་གཙོ་བོ་གཞི་སྒྲོམ་བྱས་ཏེ། “བར་ཁྱམས་གཅིག་དང་། སྲོག་ཤིང་བཞི། ཁུལ་བཞི”བཅས་ཀྱི་དར་སྤེལ་མ་ལག་བཙུགས་ཏེ། རྫོང་དང་གྲོང་ཁྱེར 8ཀྱི་ལྟེ་གནས་ཀྱི་མཁར་གྲོང་གཙོ་བྱས་ཏེ། གཙོ་གནད་གྲོང་ཁུལ་དང་སྒྲིག་གཞིའི་གྲོང་རྡལ། གྲོང་གསེབ་ཀྱི་སྡེ་ཁུལ་གསར་བ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གཞི་ཁྱོན་གསར་བ་ཆགས་པར་བྱ་དགོས། གྲོང་ཁྱེར་གསར་སྒྱུར་གྱི་བྱ་བ་ལག་བསྟར་བྱས་ནས་རྙིང་ཞན་གཞིས་ཁུལ་ལེགས་བཅོས་དང་སྡེ་ཁུལ་འཛུགས་སྐྲུན་ཇེ་མགྱོགས་གཏོང་དགོས་པ་དང་། ལྟེ་བའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་བའི་བར་གྱི་འཕེལ་རྒྱས་ལ་མདུན་སྐུལ་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འདྲ་མཉམ་བརྗེ་རེས་དང་ཕྱོགས་གཉིས་འཁོར་རྒྱུག་ཡོང་བར་སྐུལ་འདེད་གཏོང་དགོས། ཁྱིམ་ཐོའི་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་བྱེད་པ་དང་གཞི་རྩའི་སྤྱི་བའི་ཞབས་ཞུའི་འགན་སྲུང་ཤུགས་ཆེ་རུ་བཏང་སྟེ། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་སྡོད་མིར་འགྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས།
    (གསུམ)སྐྱེ་ཁམས་དམིགས་སུ་འཛིན་པའི་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་གསར་བ་ཧུར་ཐག་གིས་གཏོད་དགོས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་དགོས། ཆེས་གཟབ་ནན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ནས། གཅིག་གྱུར་གྱིས་རི་ཆུ་ནགས་ཞིང་མཚེའུ་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་དཔེ་སྟོན་ཁུལ་དང་། རྒྱལ་ཁབ་ཀྱི་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ། མཚོ་བོད་མཐོ་སྒང་གི་ལྗང་མདོག་དེང་རབས་ཅན་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གལ་ཆེན་སྐྱོང་གསོ་ཁུལ་འཛུགས་སྐྲུན་བྱེད་པར་མྱུར་དུ་སྐུལ་འདེད་གཏོང་དགོས། ཁྱོན་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཇུས་གལ་ཆེན་དོན་འཁྱོལ་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲུང་སྐྱོང་གལ་ཆེ་ཞིང་བདག་སྐྱོང་གནད་འགག་ཡིན་པའི་བླང་བྱ་ལྟར། ཤུགས་ཆེན་པོས་ཆུ་ཁུངས་སྐྱོང་གསོ་དང་ས་ཆུ་ཤོར་བ་བཅོས་སྐྱོང་། ལྗང་མདོག་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་དང་སྦགས་བཙོག་བཅོས་སྐྱོང་། རྨ་ཆུའི་རིག་གནས་རྒྱུན་འཛིན་བྱེད་པ་སོགས་ཀྱི་ལས་གྲྭ་གལ་ཆེན་ལག་བསྟར་བྱ་དགོས། རང་འགུལ་གྱིས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ནང་ཞུགས་ནས་འབྲུག་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཉམས་གསོ་དང་ས་གཤིས་ཀྱི་གནོད་འཚེའི་འགོག་བཅོས་ལས་གྲྭ་ལག་ལེན་བསྟར་བྱ་དགོས། མུ་མཐུད་དུ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང “ཁོར་ཡུག་གསར་བརྗེའི”ཕན་འབྲས་ཆེན་པོ་མུ་མཐུད་དུ་སྲ་བརྟན་དང་མཐོ་རུ་གཏོང་དགོས། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་དང་དཔལ་འབྱོར་གྲུབ་ཚུལ་ལེགས་སྒྲིག དཔལ་འབྱོར་འཕེལ་སྟངས་སྒྱུར་བཅོས་བཅས་བྱས་ཏེ་རིག་གནས་ཡུལ་སྐོར་ལས་རིགས་དང་དེང་རབས་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས། གཞི་གྲངས་ཆ་འཕྲིན། དངོས་ཟོག་མྱུར་འདྲེན་བཅས་ཀྱི་ཐོན་ལས་ཁ་གསབ་བྱེད་པའི་སྐྱེ་ཁམས་ཐོན་ལས་ཤུགས་ཆེན་པོས་གོང་དུས་སྤེལ་ཏེ། ལྗང་མདོག་གི་ཐོན་ལས་མ་ལག་མྱུར་དུ་འགྲུབ་པར་བྱ་དགོས། སྣེ་མང་རང་བཞིན་གྱི་སྐྱེ་ཁམས་སྐྱིན་གསབ་སྒྲིག་སྲོལ་འཚོལ་ཞིབ་དང་འཛུགས་སྐྱོང་བྱས་ནས་ཀན་ལྷོའི་ཐཱན་འདུ་ཉོ་འཚོང་དཔེ་སྟོན་ཁུལ་གསར་འཛུགས་བྱ་དགོས། ཀླུ་ཆུའི་མཚོ་ཉིན་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་མཚོན་འགྲེམ་སྟོན་ཁང་འཛུགས་སྐྲུན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་ལེན་དང་གྲུབ་འབྲས་འགྲེམ་སྟོན་བྱ་དགོས། ཁྱོན་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོ་སྤེལ་བ་དང་། ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་སྐུལ་སྤེལ་བྱས་ཏེ་སྟོབས་ཤུགས་ཆེན་པོས“གནོད་མེད་ལྔའི”ཀན་ལྷོ་སྟེ།“ཁོངས་ཡོངས་སུ་གད་སྙིགས་ཀྱི་གནོད་པ་མེད་པ་དང་། ཁོངས་ཡོངས་སུ་རྫས་ལུད་ཀྱི་གནོད་པ་མེད་པ། ཁོངས་ཡོངས་སུ་འགྱིག་ཤོག་གི་གནོད་པ་མེད་པ། ཁོངས་ཡོངས་སུ་འབག་བཙོག་གི་གནོད་པ་མེད་པ། ཁོངས་ཡོངས་སུ་སྤྱི་བའི་གནོད་པ་མེད་པའི”ཀན་ལྷོ་གསར་བ་གསར་སྐྲུན་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཟུང་སྟེ། ལྗང་མདོག་འཕེལ་རྒྱས་ཀྱི་རིམ་སྤར་བསྐྲུན་དགོས།
    (བཞི)སྒྱུར་བཅོས་སྒོ་འབྱེད་ཀྱི་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་འཁོར་སྐྱོད་ཟུང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དང་མཉམ་འདྲེས་གང་ཐུབ་བྱ་དགོས། བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། སྒོ་འབྱེད་ཀྱི་རྒྱ་ཆེ་རུ་གཏོང་ཞིང་འཕེལ་རྒྱས་ཀྱི་གནས་སྟངས་གསར་བའི་ནང་གཏིང་ཟབ་ཏུ་ཞུགས་ཏེ། “གློག་སྡོམ་ཞབས་ཞུ”བཅས་ཀྱི་བསྒྱུར་བཅོས་ཟབ་སྤེལ་བྱས་ནས།སྲིད་གཞུང་འགན་དབང་ཞིབ་ཐོའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས། སྲིད་དོན་ཡོངས་བསྒྲགས་ཟབ་སྤེལ་བྱས་ནས་སྲིད་དོན་ཞབས་ཞུ་ཚད་གཞི་ཅན་དང་། ཚུལ་ལྡན་ཅན། སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁེ་ལས་དང་འབྲེལ་བའི་གཉེར་སྐྱོང་ཆོག་འཐུས་དོན་ཚན་གྱི་ཞིབ་ཐོ་དོ་དམ་ལག་བསྟར་བྱེད་པ་དང་དོན་དག་ཁྲོད་དང་དོན་དག་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྔོན་རྩིས་དོ་དམ་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་དང་ནོར་སྲིད་ཀྱི་གཏོང་སྒོ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད། སྔོན་རྩིས་གཅུན་སྡོམ་དང་ཕན་འབྲས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་དགོས། རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་མཉམ་འདྲེས་བདག་དབང་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། ཚོང་རའི་འཇུག་འཐུས་ཀྱི་ལྡོག་ཕྱོགས་གསལ་ཐོ་གཅིག་གྱུར་བཟོས་ནས་མུ་མཐུད་དུ་འཇུག་འཐུས་ཀྱི་ཚོད་འཛིན་གུ་ཡངས་གཏོང་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སྒྱུར་དང་། གཙང་དག་སྲིད་ཚོང་འབྲེལ་བ་འཛུགས་སྐྱོང་། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད། དམངས་གཉེར་ཁེ་ལས་ཀྱི་ཐོན་དབང་དང་ཁེ་ལས་པའི་ཁེ་དབང་ལ་ཁྲིམས་ལྟར་འདྲ་མཉམ་གྱིས་སྲུང་སྐྱོང་། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་བཀག་རྒྱ་སྣ་ཚོགས་གཙང་སེལ། ཁེ་ལས་ཆུང་འབྲིང་དང་སྒེར་གཉེར་བཟོ་ཚོང་ཁྱིམ་དུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་མ་ལག་འཐུས་ཚང་གཏོང་བ་བཅས་བྱས་ཏེ། ལས་ཆོད་ཆེ་བ་དང་འགྲན་རྩོད་དྲང་གཞག་ཡིན་པའི་དེང་རབས་ཅན་གྱི་ཚོང་ར་ཆགས་པ་བྱ་དགོས། ཚོང་འགུག་དངུལ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས་དང་མཉམ་ལས་སྤེལ་རེས་ཀྱི་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་དངོས་རྫས་རོགས་རེས་དང་། ཁ་གཏད་རོགས་སྐྱོར། ས་གནས་དང་ཁེ་ལས་ཀྱི་མཉམ་ལས། རྒྱལ་ནང་དང་རྒྱལ་སྤྱིའི་མཉམ་ལས་སྤེལ་རེས་ནང་ཧུར་ཞུགས། ཚོང་འགུག་དངུལ་འདྲེན་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་ཆེ་རུ་གཏོང་དགོས། བོད་ལྗོངས་དང་བོད་འབྲེལ་ཞིང་ཆེན་བཞིའི་ས་ཁུལ་བར་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་སྦྲེལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས། མཉམ་དུ་གོང་འཕེལ་གཏོང་བ་བཅས་ཀྱི་དཔལ་འབྱོར་ར་བ་འཛུགས་སྐྱོང་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།
    (ལྔ)མི་དམངས་བླ་ན་མེད་ཅིང་འཕེལ་རྒྱས་མཉམ་རོལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་དམངས་འཚོ་འགན་སྲུང་བྱེད་པའི་བདེ་སྐྱིད་གསར་བ་སྐྲུན་དགོས། རང་རྟོགས་ངང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་བ་དང་། བློ་ཐག་རྦད་ཆོད་ཀྱིས་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་ཡོང་བ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁེ་ཕན་ལོངས་སྤྱོད་གང་ལེགས་བྱེད་དུ་འཇུག་པ་དང་། མི་དམངས་མང་ཚོགས་ཀྱི་འབྱོར་ཐོབ་ཀྱི་ཚོར་སྣང་དང་། བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སློབ་གསོའི་བྱ་གཞག་གི་འཕེལ་རྒྱས་ཐོག་མར་བཟུང་སྟེ། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་པ་དང་། སློབ་ཞུགས་དཀའ་བ་སོགས་མང་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས། སློབ་གསོའི་སྤུས་ཚད་དང་སློབ་སྒྲུབ་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས། ལས་རིགས་སློབ་གསོ་དང་དམིགས་བསལ་སློབ་གསོ་ལེགས་གཉེར་བྱས་ཏེ། སློབ་སྔོན་སློབ་གསོ་ནས་མཐོ་འབྲིང་དཀྱུས་མའི་བར་གྱི་ལོ་བཅོ་ལྔའི་སློབ་གསོ་ལ་སློབ་རིན་མི་ལེན་པ་མངོན་འགྱུར་བྱས་ནས། ཕྲུ་གུ་ཚང་མར་འདྲ་མཉམ་དང་སྤུས་ལེགས་ཀྱི་སློབ་གསོ་ལོངས་སྤྱོད་བྱེད་དུ་འཇུག་དགོས། མང་ཚོགས་ཀྱི་ལས་གཏོད་དང་མང་ཚོགས་ཀྱིས་གསར་གཏོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུ་བཏོན་ནས་སྐུལ་འདེད་གཏོང་བ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་དང་ལས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མེད་པའི་ཁྱིམ་ཚང་གི་ལས་ཞུགས་ལེགས་སྒྲུབ། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཤུགས་ཆེན་པོས་ཐག་གཅོད་བྱས་ནས། ཐབས་ལམ་མང་བོར་བརྟེན་ནས་ལས་ཞུགས་བྱེད་པར་སྐུལ་འདེད་གཏོང་དགོས། སྤྱི་བའི་རིག་གནས་གོང་འཕེལ་གཏོང་རྒྱུའི་ལས་གཞི་ལག་བསྟར་བྱས་ཏེ་དམངས་སྲོལ་རིག་གནས་དང་རིག་དངོས་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཁ་ཐོར་རིག་དངོས་འཚོལ་སྡུད་ཀྱི་ལས་ཀ་སྤེལ་བ་དང་། ཀན་ལྷོའི་ལོ་རྒྱུསརྩོམ་སྒྲིག་བྱས་ཏེ། ཤང་གྲོང་དང་སྡེ་བའི་ལོ་རྒྱུས་རྩོམ་སྒྲིག་བྱེད་པར་རྒྱབ་སྐྱོར་བྱ་དགོས། ཚད་ལྡན་ཅན་གྱི་ཤང་གྲོང་ཕྱོགས་བསྡུས་རིག་གནས་ས་ཚིགས་བཙུགས་ཏེ། ཁུལ་ཡོངས་ཀྱི་རོང་འབྲོག་སྡེ་བའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་གྱིས་ཡོངས་སུ་ཁེབས་པར་བྱ་དགོས། ལུས་རྩལ་བྱ་གཞག་གི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་ནས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་སྔོག་འདོན་དང་། ལེགས་སྒྲིག རྒྱུན་འཛིན། མཐོར་འདེགས་བཅས་བྱ་རྒྱུ་དམ་འཛིན་བྱས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལས་གཞི་ལག་བསྟར་བྱས་ཏེ་ཡོངས་སུ་ཁེབས་པ་མངོན་འགྱུར་ཡོང་དགོས། ཐོལ་བྱུང་སྤྱི་བའི་འཕྲོད་བསྟེན་གྱི་དོན་རྐྱེན་གལ་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་དམངས་ཡོངས་ལ་ཁྱབ་པའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་བཏང་སྟེ། བདེ་ཐང་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས་བདེ་ཐང་གི་ཀན་ལྷོ་འཛུགས་སྐྲུན་བྱ་དགོས། སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་འཐུས་ཚང་བཏང་ནས་སྨན་བཅོས་འགན་བཅོལ་བྱ་གཞག་འཕེལ་རྒྱས་མགྱོགས་པོ་ཡོང་བར་བྱ་དགོས་ལ། ལས་བཟོ་བའི་ཡུན་རིང་སྙོར་སྐྱོང་འགན་སྲུང་གི་རྒྱལ་ཁབ་ཀྱི་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་དགོས། ངལ་རྩོལ་འགན་སྲུང་ཐད་ལྟ་ཞིབ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཞིང་བ་ལས་མིའི་གླ་ཕོགས་གཏོང་སྤྲོད་ཀྱི་ལམ་ལུགས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། དཀའ་སྤྱད་འབད་བརྩོན་བྱས་པའི་ཞིང་བ་ལས་མིའི་ཁེ་དབང་ཚང་མ་འགན་སྲུང་ཐུབ་པར་བྱ་དགོས། རྒན་གསོ་ཞབས་ཞུའི་ལས་ཁུངས་དང་། དབང་བོ་སྐྱོན་ཅན་བཅོལ་གསོ་དང་བདེ་ཐང་སླར་གསོའི་ལྟེ་གནས། དེ་བཞིན་བྱིས་པའི་ཕན་བདེ་ཁང་སོགས་སྤྱི་ཚོགས་ཀྱི་སྤྱི་བའི་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་བཀོད་སྒྲིག་འཐུས་སྒོ་ཚང་བར་གཏོང་བ་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ས་ཁང་ཚོང་ར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། འགན་སྲུང་རང་བཞིན་གྱི་སྡོད་ཁང་མཁོ་སྤྲོད་ཇེ་མང་དུ་གཏོང་བ་དང་། ས་ཆ་བཤུག་སྤྲོད་ཀྱི་ཡོང་སྒོ་བགོ་བཤའ་བྱེད་པའི་སྒྲིག་རྐྱེན་འཐུས་ཚང་གཏོང་དགོས། དམག་ལོག་དམག་མིའི་ཞབས་ཞུའི་དོ་དམ་དང་ཐོབ་ཐང་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས། གནོད་འགོག་གནོད་སེལ་དང་བྲེལ་བསྟུན་དོ་དམ་མ་ལག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འབྲུ་རིགས་དང་དངོས་རྫས་གཅིག་གྱུར་གསོག་འཇོག་གི་ཕྱོགས་བསྡུས་མ་ལག་ཆ་ཚང་འཛུགས་དགོས།
    (དྲུག)ལས་གཞི་གཙོ་བོར་བཟུང་ནས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་རྨང་གཞིའི་སྒྲིག་བཀོད་མཐོར་འདེགས་གསར་བ་ཡོང་བར་སྐུལ་འདེད་ཧུར་ཐག་བྱ་དགོས། འགྲིམ་འགྲུལ་དང་ཆུ་བེད་སོགས་རྣམ་གྲངས་གལ་ཆེན་དང་རྨང་གཞིའི་སྒྲིག་བཀོད་གསར་བའི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། འགག་གནད་གཏོར་བ་དང་། ཞན་ཆ་གསབ་ཅིང་སྟོང་ཆ་སྐོང་བ། མ་ལག་ཆ་ཚང་ཞིང་ཆོད་ཆེ་ལ་བཀོལ་སྤྱོད་ཐུབ་པ། རིག་ནུས་ལྗང་མདོག བདེ་འཇགས་ཡིད་རྟོན་རུང་བའི་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་དགོས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་དྲ་བའི་གཞི་ཁྱོན་རྒྱ་བསྐྱེད་དེ། བསང་ཆུ་གནམ་གྲུ་ཐང་སྐྱར་བསྐྲུན་དང་རྒྱ་བསྐྱེད་ཀྱི་ལས་གྲྭ་དང་། རྨ་ཆུ་དང་། ལིན་ཐན། ཐེ་བོ་བཅས་ཀྱི་སྤྱི་སྤྱོད་མཁའ་འགྲུལ་ལས་གྲྭ་ལག་བསྟར་བྱ་དགོས། ལན་ཀྲོའི་ནས་གཙོས་དང་། ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། གཙོས་ནས་རྨེན་རྫོང་བར་གྱི་ལྕགས་ལམ་ལས་གཞི་རྒྱལ་ཁབ་ཀྱི “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འཆར་འགོད་ནང་ཚུད་པར་བརྩོན་ལེན་བྱ་དགོས། ཅོ་ནེ་ནས་གཙོས་ཀྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལེགས་འགྲུབ་ཡོང་བར་འབད་པ་དང་། གཙོས་ནས་གསེར་ལུང་དང་། གསེར་ལུང་ནས་ལྷ་མོ་བར་གྱི་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཚེ་ཆུ་མདོ་ནས་ལྷ་མོ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་མགོ་འཛུགས་པ་དང་། ཐེ་བོ་ནས་གཟི་ཚ་སྡེ་དགུའི་བར་དང་། རྨ་ཆུ་ནས་གཅིག་སྒྲིལ་སོགས་ཀྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་བྱེད་ཐུབ་པར་བརྩོན་ལེན་བྱས་ཏེ། རྫོང་སོ་སོའི་བར་དུ་མྱུར་ལམ་ཡོད་པ་མངོན་འགྱུར་བྱ་དགོས།
    
ཅོ་ནེ་ནས་ཀླུ་ཆུ་བར་གྱི་ལམ་གྱི་ལས་འཕྲོ་འགྲུབ་པར་འབད་པ་བརྩོན་ལེན་བྱ་དགོས་པ་དང་། རྒྱ་མཁར་ནས་གཡི་བ་མདོའི་བར་དང་། དག་ཡིག་ཁོག་ནས་ཁ་པ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་འཛུགས་སྐྲུན་ལག་ཏུ་བསྟར་དགོས། མུ་མཐུད་དུ་འབྲུག་ཆུ་ནས་ཡུང་ཧོ་བར་སོགས་ཀྱི་རིམ་པ་གསུམ་པའི་གཞུང་ལམ་འཛུགས་སྐྲུན་བྱེད་པ་དང་། གཙོས་དང་ལིན་ཐན་མཁར་བསྐོར་གཞུང་ལམ་ལས་འགོ་འཛུགས་རྒྱུ་དང་། རོང་འབྲོག་སྡེ་བའི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ། འབྲུག་ཆུ་འདྲེན་པའི་གཙོ་གནད་ཆུ་བེད་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་འདོན་བསྐྱར་སྐྲུན་དང་རྒྱ་བསྐྱེད་ལས་གཞི་ལག་བསྟར་བྱེད་པ་དང་། མུ་མཐུད་ནས་རྨ་ཆུ་རྫོང་གི་ས་ཁོངས་ཀྱི་རྨ་ཆུའི་རྒྱུད་དང་ཀླུ་ཆུའི་གཞུང་རྒྱུན་སོགས་སུ་ཆུ་ལོག་འགོག་པའི་བཅོས་སྐྱོང་རྣམ་གྲངས་ལག་བསྟར་བྱ་དགོས། འབྲུག་ཆུ་དང་ཐེ་བོའི་ཆུ་ལོག་གནོད་སྐྱོན་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། གནོད་སྐྱོན་འབྱུང་སླ་བའི་ས་ཁོངས་ཀྱི་བྲེལ་བསྟུན་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་ས་ཚིགས་དང་སྤྱི་བའི་གློ་བུར་དོན་རྐྱེན་གྱི་སྔོན་བརྡ་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱ་དགོས། རྨང་གཞིའི་སྒྲིག་བཀོད་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང 5Gདྲ་ལམ་གཞི་གྲངས་ལྟེ་གནས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཞིང་། “གཤོང་ཆེའི་གྲོང་གསེབ”ལས་གྲྭ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གཤོང་ཆེའི་སྨྱན་སྦྱོར་གྱི་ཆ་འཕྲིན་དྲ་བ་འཛུགས་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ཆ་འཕྲིན་ཅན་གྱི་སྒྲིག་བཀོད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གྲངས་འཛིན་གྱི་ཀན་ལྷོ་བསྐྲུན་པ་བཅས་བྱ་དགོས། ནུས་ཁུངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། རྡོ་སོལ་སོལ་རླངས་ལ་བསྒྱུར་བའི་ལས་གྲྭ་ཁྱབ་གདལ་ཤུགས་ཆེན་གཏོང་བ། གློག་དྲའི་དྲ་སྒྲོམ་གྲུབ་ཚུལ་དང་སྣུམ་རླངས་ས་ཚིགས་ཀྱི་བཀོད་པ་ལེགས་སྒྱུར། ཉི་ནུས་གློག་ཁུངས་ལས་གྲྭ་དང་། བུད་ཤིང་ཚབ་ཏུ་གློག་སྤྱོད་པའི་གློག་འདོན་རྣམ་གྲངས། རོང་འབྲོག་སྡེ་བའི་ནུས་ཁུངས་གྲོན་ཆུང་སྒྲིག་ཆས་ཁྱབ་སྤེལ་ལས་གཞི་བཅས་ལག་བསྟར་གང་མགྱོགས་བྱ་དགོས།
    (བདུན)ཁྲིམས་ལྟར་བཅོས་སྐྱོང་བྱས་ནས་བདེ་འཇགས་ངང་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། འཆམ་མཐུན་བརྟན་ལྷིང་དང་ཡར་རྒྱས་གསར་བ་ཡོང་བར་འབད་བརྩོན་བྱ་དགོས། འཕེལ་རྒྱས་དང་བདེ་འཇགས་ཡོང་བར་གཅིག་གྱུར་འཆར་འགོད་བྱེད་པ་དང་། མཐའ་ཚད་ཀྱི་བསམ་བློ་བཅངས་ཏེ། སྤྱི་ཕྱོགས་རྒྱལ་ཁབ་བདེ་འཇགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་བཅས་བྱས་ཐོག་ཀྲུང་ཧྭ་མི་རིགས་གཞི་གཅིག་འདུས་གྲུབ་འདུ་ཤེས་ཀྱི་གཙོ་རྐང་འཛུགས་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། བོད་འབྲེལ་བྱ་བའི་ཆོས་ཉིད་རང་བཞིན་ལ་ངོས་ཟིན་ཇེ་ཟབ་ཏུ་བཏང་ནས་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་། ཁ་ཕྲལ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དབང་ཆ་དམ་པོར་འཛིན་དགོས། ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱས་ཏེ། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་ཁྲིད་སྟོན་བྱ་དགོས། གཞི་རིམ་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། དྲ་མིག་ཅན་གྱི་དོ་དམ་དང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ཞིབ་ཕྲ་ཅན་དུ་འགྱུར་བར་སྐུལ་འདེད་བཅས་བྱ་དགོས། གཞི་རིམ་གྱི་དམངས་གཙོའི་གྲོས་མོལ་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་རང་སྐྱོང་དང་ཁྲིམས་སྐྱོང་། གཤིས་སྐྱོང་བཅས་མཉམ་དུ་སྦྲེལ་ནས་གཞི་རིམ་གྱི་དོ་དམ་ཆུ་ཚད་མཐོར་འདེགས་གཏོང་དགོས། སྲིད་ཁྲིམས་མ་ལག་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཚེག་དང་ཐིག་དང་ངོས་གསུམ་མཉམ་འབྲེལ་བྱེད་པའི་སྤྱི་ཚོགས་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་བཙུགས་ཏེ་གློ་བུར་དུ་བྱུང་བའི་དོན་རྐྱེན་སྔོན་འགོག་དང་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས། ནག་སེལ་ངན་འཇོམས་ཀྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བ་དང་། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་དགོས། གྲོང་ཁྱེར་མངའ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ཏེ། ཕྱོགས་ཀུན་མཉམ་སྦྲེལ་དང་གོང་འོག་མཉམ་འགུལ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་ཆགས་པར་བྱ་དགོས། རང་བྱུང་གནོད་འཚེ་དང་བདེ་འཇགས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཉེན་ཟོན་སྔོན་བརྡ་དང་སྔོན་འགོག་ཚོད་འཛིན་བྱེད་པའི་སྒྲིག་རྐྱེན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་བྲེལ་བསྟུན་དངོས་ཟོག་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་བའི་བདེ་འཇགས་འགན་སྲུང་བྱེད་ནུས་ཆེ་རུ་གཏོང་བ་བཅས་བྱ་དགོས། ཁྲིམས་ལྟར་ཁུལ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་བརྒྱད་ལྔ་ཁྲིམས་ལུགས་ཁྱབ་གདལ་གྱི་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས།
    འཐུས་མི་རྣམ་པ། ཀན་ལྷོ་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལོ་ལྔའི་འཆར་གཞི་ཨང་་བཅུ་བཞི་བ་དང 2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནདམ་ཟིནལ་ཚོགས་ཆེན་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས། ཁུལ་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ཏེརྩ་གནདགཞིར་འཛིན་རྒྱུ་དང་། ཆེད་དོན་འཆར་འགོད་སྣ་ཚོགས་བཟོས་ནསརྩ་གནདདུ་བཏོན་པའི་ལས་འགན་རྣམས་ཁག་བགོས་ནས་དོན་འཁྱོལ་ཞིབ་ཕྲ་བྱ་རྒྱུ་ཡིན།
    2021ལོའི་ལས་འགན་གཙོ་བོ།
    2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ 100འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་བ་འགོ་འཛུགས་པའི་ལོ་ཡིན་པས། ད་ལོའི་བྱ་བ་བཟང་བོར་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་སྤྱིའི་བཀོད་སྒྲིག་ལྟར་ན། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཡུལ་གཙོ་བོ་ནི། ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར 5.5%འཕར་རྒྱུ་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད 5%འཕར་རྒྱུ། སྤྱིར་བཏང་གི་སྤྱི་བའི་སྔོན་རྩིས་གཏན་འཇགས་ངང་འཕར་སྣོན་ཡོང་རྒྱུ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་བྱས་པའི་བསྡོམས་འབོར 5.5%འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ 7%འཕར་རྒྱུ། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ 8%འཕར་རྒྱུ་བཅས་ཡིན། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད 4%ནང་ཚོད་འཛིན་བྱ་རྒྱུ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་གི་སྤྱི་བསྡོམས་སྟོན་གྲངས 104ནང་ཚུན་དུ་ཚོད་འཛིན་བྱ་དགོས།
    (གཅིག)མུ་ཁྱུད་བརྟན་པོར་འཛུགས་པར་དམིགས་ཏེ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྟོད་རྒྱུད་ཀྱི་ཆབ་སྲིད་འགན་འཁྲི་ལེགས་པར་འཁུར་དགོས།
    ཚན་རིག་དང་མཐུན་པའི་སྒོ་ནས་འབབ་རྒྱུད་ཀྱི་འཕེལ་རྒྱས་ལ་འཆར་འགོད་བྱ་དགོས། ཀན་ལྷོ་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད་དང་ཀན་ལྷོའི་རྨ་ཆུའི་ཆུ་ཁུངས་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་ལས་རིམ་གཉིས་པའི་འཆར་འགོད་དོན་འཁྱོལ་གང་མགྱོགས་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་སྤྱི་འཆར་དུ་འཇུག་པ་བརྩོན་ལེན་བྱ་དགོས། ཁྱོན་ཡོངས་ནས་རྒྱལ་ཁབ་དང་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི་འཆར་འགོད་ནང་ཚུད་པར་བརྩོན་ལེན་བྱ་དགོས། ཆུ་བེད་འཛུགས་སྐྲུན་དང་སྐྱེ་ཁམས་ཉམས་གསོ། རྨ་ཆུའི་རིག་གནས་སོགས་ཆེད་དོན་ཞིབ་འཇུག་བྱེད་ཚད་མགྱོགས་སུ་བཏང་ནས་རྨ་ཆུའི་འབབ་རྒྱུད་ཀྱི་ཀན་ལྷོ་ས་ཁུལ་གྱི་རིགས་པའི་གཞུང་ལུགས་ཀྱི་བང་མཛོད་དང་། སྲིད་ཇུས་ཀྱི་བང་མཛོད། ལག་རྩལ་གྱི་བང་མཛོད། ལས་གཞིའི་བང་མཛོད་བཅས་ཆགས་པར་སྐུལ་འདེད་བྱ་དགོས། འབྲུག་ཆུ་འབབ་རྒྱུད་ཀྱི་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་བསྣན་ནས་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱ་དགོས། ཕྱོགས་ཡོངས་ནས་ཐེ་བོ་དང་། རྨ་ཆུ། ཅོ་ནེ་བཅས་ཀྱི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་སྐྱིན་གསབ་ཚོད་ལྟའི་བྱ་བར་སྐུལ་འདེད་གཏོང་དགོས།
འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱ་དགོས། ཀན་ལྷོ་མངའ་ཁོངས་ཀྱི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་དང་ཁུལ་ཁ་གསབ་ཁུལ་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་མགྱོགས་མྱུར་དུ་སྤེལ་བ་དང་། རྨ་ཆུ་རྫོང་གི་རྨ་ཆུའི་ཆུ་ཁུངས་ཉམས་གསོའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱ་དགོས་ཤིང་། མཚོ་ཉིན་བརླན་ས་དང་རྨ་ཁུགས་དང་བོའི་བརླན་ས་སྲུང་སྐྱོང་སླར་གསོ་ལས་གཞི་ལག་བསྟར་ནན་ཏན་བྱ་དགོས། ཀླུ་ཆུ་དང་བསང་ཆུའི་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་དགོས། མཛོད་དགེ་རྫོང་གི་རྒྱལ་ཁབ་སྤྱི་གླིང(ཀན་ལྷོའི་མངའ་ཁོངས)འཛུགས་སྐྲུན་ལ་གཞོགས་འདེགས་བྱ་དགོས། གཙོས་གྲོང་ཁྱེར་གྱི་མཛོད་དགེ་རྩྭ་ཐང་དང་། རྨ་ཆུ་རྫོང་གི་དབལ་བན་ཚང་གཉིས་ཀྱི་རྒྱལ་ཁབ་རིམ་པའི་རྩྭ་ཐང་རང་བྱུང་སྤྱི་གླིང་འཛུགས་སྐྲུན་གྱི་ཚོད་ལྟ་ལ་སྐུལ་འདེད་གཏོང་དགོས་ཤིང་། བརླན་སའི་ཐོན་ཁུངས་ཀྱི་ཡོངས་བཤེར་བྱ་བ་དངོས་སུ་འགོ་རྩོམ་དགོས།
    སྐྱེ་ཁམས་བཅོས་སྐྱོང་ལས་གཞི་ལག་བསྟར་བྱ་དགོས། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཞིང་བསྐྱུར་ནགས་བཟོ་རྩྭ་འདེབས་སོགས་སྐྱེ་ཁམས་འཛུགས་སྐྲུན་ལས་གྲྭ་གཙོ་བོ་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་ས་གཞི་སྔོ་ལྗང་ཅན་དུ་འགྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཉམས་ཞན་དུ་གྱུར་པའི་རྩྭ་ཐང་མུའུ་ཁྲི 39ལེགས་བཅོས་ཉམས་གསོ་བྱེད་པ་དང་ས་ནག་ཐང་མུའུ་ཁྲི 30བཅོས་སྐྱོང་བྱ་དགོས། གནོད་དུག་གི་རྩྭ་ས་མུའུ་ཁྲི 13བཅོས་སྐྱོང་བྱ་དགོས། བསང་ཆུ་རྫོང་མདའ་མེད་ལྕང་མའི་ནང་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་སོགས་འབབ་རྒྱུད་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི 20ལག་བསྟར་བྱ་དགོས། ལོ་རྒྱུས་ཀྱི་ཤུལ་བཞག་གཏེར་རི་སླར་གསོའི་བཅོས་སྐྱོང་ཇེ་མགྱོགས་སུ་བཏང་ནས་ལྗང་མདོག་གཏེར་ལས་ཀྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཐཱན་གྱི་ཉོ་ཚོང་ལས་གཞི་གསར་སྤེལ་འཚོལ་ཞིབ་བྱེད་པ་དང་ཧུར་ཐག་གིས་རྒྱལ་ཡོངས་ཀྱི་ཐཱན་ཚོང་རའི་ཉོ་འཚོང་ནང་ཞུགས་དགོས།
    སྐྱེ་ཁམས་ཁོར་ཡུག་གི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱེད་ཐེངས་དང་བོ་དང་ཞིང་ཆེན་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་བསམ་འཆར་གྱི་གནད་དོན་དང་དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གནད་དོན་རྩད་བཤེར་དང་བཅོས་སྒྲིག་བྱས་འབྲས་མུ་མཐུད་ནས་སྲ་བརྟན་དུ་གཏོང་བ་དང་། རེས་སྐོར་གཉིས་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གྱི་བསམ་འཆར་དག་ཐེར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་དང་ཁོར་ཡུག་ལ་སྦགས་བཙོག་བཟོ་བའི་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས། རང་བྱུང་སྲུང་སྐྱོང་ཁུལ་གྱི་སྡེབ་སྒྲིག་ལེགས་སྒྱུར་ལེགས་འགྲུབ་བྱ་དགོས། གཏེར་འདོན་དང་བྱེ་འདྲུ། རྡོ་སྔོག་བཅས་སྐྱེ་ཁམས་གཏོར་བརླག་ཉམས་གསོ་བཅོས་སྐྱོང་གང་མགྱོགས་བྱ་དགོས་པ་དང་ཨར་ལས་རྒྱུ་ཆའི་ཚོང་རའི་སྒྲིག་ལམ་བཅོས་སྒྲིག་བྱ་དགོས།
    (གཉིས)“གནོད་མེད་ལྔའི”ཀན་ལྷོ་དོན་འཁྱོལ་ཡོང་བ་དམ་འཛིན་བྱས་ཏེ་ལྗང་མདོག་དར་འཕེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
    “གནོད་མེད་ལྔ”ཞེས་པའི་ཀན་ལྷོའི་སྤུས་རྟགས་བཏོད་དགོས། “གནོད་མེད་ལྔའི”ཀན་ལྷོའི་དམིགས་འབེན་དང་གཙོ་གནད་ལས་དོན་ལ་དམིགས་ཏེ་དམངས་ཡོངས་སྐུལ་སློང་དང་། དམངས་ཡོངས་ནང་ཞུགས། ཁྱོན་ཡོངས་སུ་ཁྱབ་སྤེལ་བཅས་བྱས་ཏེ། རིམ་པ་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཁོངས་ཡོངས་བཅོས་སྐྱོང་ཁྲོད་ཀྱི་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། དཔལ་འབྱོར་དང་། སྲིད་འཛིན། བཅའ་ཁྲིམས་སོགས་ཐབས་ལམ་སྣ་མང་སྤྱད་དེ་ཁོངས་ཡོངས་སུ་གད་སྙིཊ་མེད་པ་དང་། ཁོངས་ཡོངས་སུ་རྫས་ལུད་མེད་པ། ཁོངས་ཡོངས་སུ་འགྱིག་ཤོག་མེད་པ། ཁོངས་ཡོངས་སུ་སྦགས་བཙོག་མེད་པ། ཁོངས་ཡོངས་སུ་སྤྱི་གནོད་མེད་པ་བཅས་འཛུགས་སྐྱོང་བྱེད་པ་ཤུགས་ཆེན་པོས་སྤེལ་ནས། ཁྱོན་ཡོངས་ནས་ཀན་ལྷོའི་ལྗང་མདོག་འཕེལ་རྒྱས་ཀྱི་སྣང་བརྙན་བསྐྲུན་པ་གོང་མཐོར་གཏོང་དགོས།
    ཕྱོགས་ཡོངས་ནས་ཁོངས་ཡོངས་སུ་གད་སྙིད་མེད་པར་སྐུལ་འདེད་བྱ་དགོས། མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་ལས་གཞི་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། གཞུང་ལམ་གཙང་སྦྲའི་རླངས་འཁོར་གསར་སྒྱུར་དང་ཁ་སྣོན་བྱ་དགོས་ཤིང་། གད་སྙིགས་སྐྱེལ་འདྲེན་ས་ཚིགས 3དང་། རླངས་འགྱུར་ཅན་དུ་སྒྱུར་བའི་ས་ཚིགས 10གནོད་མེད་ངང་ས་འོག་ཏུ་འཇུག་ས 6བསྐྲུན་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕྱོགས་བསྡུས་དོ་དམ་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ། “བཙོག་པ་དང་། རྙོག་འཛིང་། ཞན་པ། འགག་པ”བཅས་ཀྱི་སྣང་ཚུལ་རྩ་བ་ནས་བཅོས་སྐྱོང་བྱ་དགོས། རྫོང་དང་གྲོང་ཁྱེར་བརྒྱད་ཀྱི་འཚོ་བའི་གད་སྙིགས་ཀྱི་རིགས་དབྱེ་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གཙོས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་ཚུར་བསྡུ་དང་བེད་སྤྱོད་བྱེད་ཚད 25%ཟིན་དགོས།
    སྒོ་ཀུན་ནས་ཁོངས་ཡོངས་སུ་རྫས་ལུད་མེད་པ་ཁྱབ་སྤེལ་གཏོང་དགོས། ཁྱོན་ཡོངས་ནས་རྫས་ལུད་གཏན་འགོག་བྱས་ཏེ། ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་སྐྱེ་ཁམས་རེས་འཁོར་ཟུང་འབྲེལ་གྱི་འདེབས་གསོའི་རྣམ་པ་ཁྱབ་སྤེལ་བྱེད་པ་དང་། ཀན་ལྷོ་ཁུལ་གྱི་སྐྱེ་ལྡན་ལུད་རྫས་ཀྱི་ཐོན་རྫས་ཚད་གཞི་གཏན་འབེབས་བྱེད་ཅིང་། ཐོན་རྫས་ཚད་ལྡན་ཅན་དང་ཚད་གཞི་ཅན། ཞིབ་ཕྲ་ཅན། སྤུས་རྟགས་ཅན་དུ་ཁྱབ་སྤེལ་གཏོང་དགོས། ཞིང་ལས་སྐྱེ་དངོས་ལ་སྐྱེ་ལྡན་ལུད་རྫས་ཀྱིས་རྫས་འགྱུར་ལུད་རྫས་ཀྱི་ཚབ་བྱེད་ཚད 100%ཟིན་དགོས། གཅིག་བསྡུས་གསོ་སྤེལ་ཁུལ་གྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་རྫས་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད 76%ཡན་ཟིན་པ་དང་། ཞིང་ལས་སྐྱེ་དངོས་ཀྱི་སོག་མ་ཕྱོགས་བསྡུས་བེད་སྤྱོད་བྱེད་ཚད 85%ཡན་ཟིན་ཞིང་། ཚལ་སྙིགས་བདག་གཉེར་བྱེད་ཚད 50%ཡན་ཟིན་པར་བྱས་ཏེ་རྨོ་ཞིང་གི་སྤུས་ཚད་རིམ་པ 0.1མཐོ་རུ་གཏོང་རྒྱུ།
    མུ་མཐུད་དུ་ཁོངས་ཡོངས་སུ་འགྱིག་ཤོག་མེད་པ་ཁྱབ་སྤེལ་བྱ་དགོས། འགྱིག་ཤོག་གཏན་འགོག་གི་ཆེད་དོན་བདག་བཅོས་སྤེལ་ཏེ། ལྗང་མདོག་དང་ཐཱན་ཉུང་། གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་འཛད་སྤྱོད་འདུ་ཤེས་མུ་མཐུད་དུ་དར་སྤེལ་བཏང་ནས་འགྱིག་ཤོག་ཐོན་རྫས་ཐོན་སྐྱེད་དང་ཕྱིར་འཚོང་། བེད་སྤྱོད་བཅས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚད་གཞི་མཐོ་རུ་གཏོང་བ་དང་ཁྱབ་ཁོངས་ཆེ་རུ་བསྐྱེད་ནས། མགྲོན་ཁང་དང་ཞག་སྡོད་དམངས་ཁྱིམ། ཚོང་ཁང་། མཛེས་ལྗོངས་ཁུལ་སོཊ་ཀྱིས་རང་འགུལ་ངང་ཐེངས་གཅིག་རང་བཞིན་གྱི་འགྱིག་ཤོག་ཐོན་རྫས་འདོན་སྤྲོད་བྱེད་པ་ཚོད་འཛིན་བྱ་དགོས། འཕངས་དོར་འགྱིག་ཤོག་ཐོན་ཁུངས་ཅན་དུ་བེད་སྤྱོད་གཏོང་བའི་བསྡུར་ཚད་ཇེ་མཐོར་བཏང་ནས་ཞིང་སྤྱོད་འགྱིག་ཤོག་རྙིང་བ་སླར་བསྡུ་བྱེད་ཚད 82%ཟིན་དགོས།
    ཤུགས་ཆེན་པོས་ཁོངས་ཡོངས་སུ་སྦགས་བཙོག་མེད་པར་སྐུལ་འདེད་གཏོང་དགོས། རླུང་ཁམས་ཆེན་པོ་དང་བཞུར་ཆུ། ས་རྒྱུ་བཅས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་གཏོར་འཐབ་ཇུས་རྒྱུན་མཐུད་དུ་རྒྱག་དགོས། རླུང་ཁམས་ཆེ་མོའི་སྦགས་བཙོག་གི“དགུན་ཁའི་འགོག་བཅོས”དང“དགུན་ནད་དབྱར་བཅོས”ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་བསྒྲུབས་ཏེ། ཧུར་ཐག་གིས་གཙོ་ཆེའི་སྦགས་བཙོག་གི་མཉམ་སྡེབ་བཅོས་སྐྱོང་ཐབས་ལམ་འཚོལ་ཞིབ་བྱས་ནས། གཙང་བཟང་ཉིན་གྲངས་ཀྱི་བསྡུར་ཚད 99%ཡན་རྒྱུན་འཁྱོངས་བྱ་དགོས། ཁུལ་ཡོངས་ཀྱི་གཙང་བོར་འདྲེན་པའི་སྟོར་ཁུང་ལ་ཚད་ལྡན་ཅན་གྱི་ཞིབ་མཆན་འགོད་པ་དང་ཕྱོགས་བསྡུས་ཀྱིས་བཅོས་སྒྲིག་གཏིང་ཟབ་ཏུ་སྤེལ་ཏེ།“གཙང་བོ་གཅིག་དང་ཆུ་བོ་གསུམ”གྱི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བཙོག་ཆུ་གཙང་བཅོས་སྒྲིག་ཆས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་སྟེ། ཆུ་ཁུངས་གསོ་གསབ་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། ཞིང་སྤྱོད་ས་ཆ་ཉེན་མེད་དུ་བེད་སྤྱོད་དང་འཛུགས་སྐྲུན་ལ་མཁོ་བའི་ས་ཆའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནན་པོ་བྱེད་པ་དང་། ལོ་རྒྱུས་ཀྱི་ཤུལ་ལུས་ལྕགས་རིགས་ལྗིད་མོའི་སྙིགས་རོ་འདོར་བཤེར་དང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།
ཤུགས་ཆེན་པོའི་ངང་ཁོངས་ཡོངས་སུ་སྤྱི་གནོད་མེད་པ་མངོན་འགྱུར་བྱ་དགོས། ལྗང་མདོག་གིས་ཞིང་ལས་དར་རྒྱས་དང་། ཚན་རྩལ་གྱིས་ཞིང་ལས་དར་རྒྱས། སྤུས་ཚད་ཀྱིས་ཞིང་ལས་དར་རྒྱས་གཏོང་བ་བཅས་རྒྱུན་འཁྱོངས་བྱ་དགོས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་ལྟ་སྡོམ་ལ་ཤུགས་བསྣན་ནས། སྐྱེ་དངོས་ཀྱི་ཞིང་སྨན་ཚད་ལྡན་དུ་བེད་སྤྱོད་བྱེད་པ། སྤྱོད་ཚད་མུ་མཐུད་དུ་ཇེ་ཉུང་དུ་འགྲོ་བར་ཁག་ཐེག་བྱ་དགོས། ཞིང་ཕྱུགས་ལས་ཀྱི་སྤུས་རྟགས་གསོ་སྐྱོང་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། ཞིང་ཆེན་རིམ་པའི་ཞིང་ལས་ཐོན་རྫས་བདེ་འཇགས་དཔེ་སྟོན་རྫོང 1དང་ཁུལ་ཡོངས་ཀྱི“ཐོན་རྫས་གསུམ་དང་ཚད་བྱང་གཅིག”གི་ངོས་ལེན་བདེན་དཔང་ཐོབ་པའི་ཞིང་ལས་ཐོན་རྫས་ཀྱི་གྲངས་འབོར 200ཡན་ཟིན་དགོས་པ་དང་། ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས 4ཡན་གསོ་སྐྱོང་བྱས་ཏེ། “ཀན་སུའི་བྲོ་བ་ལྡན་པའི”ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་གྲགས་ཅན 5ཡན་བསྐྲུན་དགོས།
    (གསུམ)ཞིང་སྡེ་དར་རྒྱས་དང་ཞིང་བ་འབྱོར་ཕྱུག་ལ་དམིགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་དགོས།
    དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་འཆར་འགོད་བཟོས་ཏེ།“འགན་ཁུར་མི་འདོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་ཅིང་། དབུལ་ཐར་མི་གྲངས་ལ་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་དང་། ཡོང་སྒོའི་འགྱུར་ལྡོག་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”སྲ་བརྟན་དུ་གཏོང་བའི་གནས་ཚུལ་ལ་རྒྱུན་མཐུད་རྗེས་འདེད་བྱས་ནས། དུས་བཅད་ལྟར་ཞིབ་དཔྱད་དང་། དུས་ཐོག་ཤེས་རྟོགས། དུས་ལྟར་རོགས་སྐྱོར། འགུལ་རྣམ་གྱིས་མེད་པར་བཟོ་བ་བཅས་བྱ་དགོས། དབུལ་སྐྱོར་ཐོན་ལས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། དབུལ་སྐྱོར་ཐོན་ལས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། དབུལ་ཐར་མི་གྲངས་ཀྱི་ལས་ཞུགས་གཏན་འཇགས་ལ་ཤུགས་བསྣན་ནས། སྤྱི་ཕན་རང་བཞིན་གྱི་ལས་རྐང་དོ་དམ་ཚད་ལྡན་གཏོང་དགོས། དབུལ་སྐྱོར་ཐོན་ལས་ཀྱི་ཐེབས་རྩ་འཛུགས་པ་འཚོལ་ཞིབ་བྱེད་ཅིང་། “ལས་རིགས་གཅིག་ལ་ཐབས་ཇུས་གཅིག”ལག་བསྟར་བྱས་ནས། མ་དངུལ་གཅིག་བསྡུའི་གནད་ཁེལ་རྒྱབ་སྐྱོར་མཁོ་འདོན་བྱ་དགོས།
    སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་མུ་མཐུད་དུ་ལག་བསྟར་བྱ་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་བླང་བྱ་གསར་བར་ཟུང་འབྲེལ་བྱས་ཏེ། འཛུགས་སྐྲུན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་། འཛུགས་སྐྲུན་གྱི་ཚད་གཞི་འཐུས་ཚང་། འཛུགས་སྐྲུན་གྱི་རྣམ་པ་རྒྱ་སྐྱེད་ནས། ཚད་གཞི་མཐོ་བའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 300གསར་སྐྲུན་བྱ་དགོས། མ་དངུལ་མཉམ་བསྡུ་བྱེད་ཤུགས་ཇེ་ཆེར་བཏང་ནས། དངུལ་འཇོག་བེད་སྤྱོད་ཀྱི་ཕན་ནུས་ཇེ་མཐོར་གཏོང་དགོས། བྱ་བའི་ནང་རྐྱེན་འཐུས་ཚང་དང་། འགན་སྲུང་མ་ལག་ཆ་ཚང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན། ལྟ་ཞིབ་ལྟ་སྐུལ་རྒྱ་སྐྱེད་བཅས་ཀྱི་སྒོ་ནས། འཛུགས་སྐྲུན་གྱི་རྒྱུ་སྤུས་དང་ཆུ་ཚད་ཁག་ཐེག་བྱ་དགོས། སྡེ་བ་རིམ་པའི་སྤྱི་བའི་སྒྲིག་བཀོད་མཉམ་བདག་མཉམ་སྤྱོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་ཞིང་། སྤྱི་ཕན་རྣམ་པའི་སྒྲིག་བཀོད་སྲུང་སྐྱོང་གི་ཐེབས་རྩ་བེད་སྤྱོད་བཟང་བོ་བྱས་ནས། རྗེས་ཕྱོགས་ཀྱི་དོ་དམ་ལ་ཤུགས་སྣོན་དང་། མང་ཚོགས་སྤྱི་བའི་སྒྲིག་བཀོད་དོ་དམ་དུ་ཞུགས་རྒྱུར་ཁྲིད་སྟོན་བྱ་དགོས།
(འདོན་ཐེངས་རྗེས་མར་གཟིགས།)
རྩོམ་སྒྲིག་པ། སངས་རྒྱས་འཚོ།  
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།