中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་འཐུས་མིར་བསྔགས་བརྗོད་ཐོབ་ནས་ཕྱིར་ལོག་པ།
དུས་ཚོད།2021-03-06 16:11:54     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
དུས་རབས་ཀྱིས་སྔོན་ཐོན་སྐྱེད་སྲིང་བྱེད་ཅིང་། རླབས་ཆེན་ནི་སྤྱིར་བཏང་ལས་བྱུང་བ་ཡིན།
    \

    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) དུས་རབས་ཀྱིས་སྔོན་ཐོན་སྐྱེད་སྲིང་བྱེད་ཅིང་། རླབས་ཆེན་ནི་སྤྱིར་བཏང་ལས་བྱུང་བ་ཡིན། ཟླ 2པའི་ཚེས 26ཉིན་ལ། རང་ཁུལ་གྱི་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་འཐུས་མིར་བསྔགས་བརྗོད་ཐོབ་སྟེ་པེ་ཅིང་ནས་ཕྱིར་ལོག་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་གྱིས་ལན་ཀྲོའུ་རུ་བྱམས་བརྩེའི་ངང་ཐུག་འཕྲད་བྱས།
    ཟླ 2པའི་ཚེས 25ཉིན་ལ། རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་ཚོགས། རང་ཁུལ་གྱི་མི་སྒེར 6དང་ཐུན་མོང 3ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་ཅིང་། སྔར་གྱི་འབྲུག་ཆུ་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་བློ་མཐུན་ཀྲང་ཞའོ་ཅོན་ལ“རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་དཔེ་ལེགས་པའི”གཟི་བརྗིད་མཚན་སྙན་རྗེས་སྤྲོད་གནང་བ་དང་། མི 5ལ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་། ཐུན་མོང 3ལ་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ།
    ཡུས་ཁྲིན་ཧུའེ་དང་ཀྲའོ་ལིན་ཡུན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཡོངས་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གི་གཟེངས་བསྟོད་ཐོབ་མཁན་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་ཤིང་བླ་ན་མེད་པའི་གུས་འདུད་ཞུས།
     ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་སྙིང་སྟོབས་དང་དབུལ་ཐར་མཁྲེགས་གཏོར་གྱི་སྙིང་སྟོབས། “དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་། དབྱང་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ། བྱ་བ་རྩེ་གྲ་གཏོད་པ”བཅས་ཀྱི་ཀན་ལྷོའི་སྙིང་སྟོབས་མངོན་ཡོད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་གིས་ང་རྒྱལ་མི་སྐྱེས་པར་མུ་མཐུད་དུ་མི་དམངས་ལ་བྱ་བ་བསྒྲུབ་པ་དང་། “གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ་དང“གནོད་མེད་ལྔའི་ཀན་ལྷོ”འཛུགས་སྐྲུན་བྱེད་པའི་བླང་བྱ་གསར་བ་གཞིར་བཟུང་ནས། རང་ཉིད་ཀྱི་ཁྱབ་ཁོངས་ནང་བྱས་རྗེས་གསར་བ་བཞག་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་མིག་དཔེ་གསར་བ་སྟོན་དགོས། ཁུལ་ཡོངས་ཀྱི་གོང་འོག་ཚང་མར“རྒྱལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་མིག་དཔེ”ཀྲང་ཞའོ་ཅོན་མཚོན་བྱེད་དུ་བྱས་པའི་སྔོན་ཐོན་མི་སྒེར་དང་སྔོན་ཐོན་ཐུན་མོང་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་བྱས་ནས། ཀན་ལྷོའི་དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་སྡེ་དར་རྒྱས་མངོན་འགྱུར་བྱེད་པ། དེང་རབས་ཅན་གྱི་མཛེས་སྡུག་ལྡན་པའི་ཀན་ལྷོ་བཅས་གཏོད་པའི་ཆེད་དགེ་མཚན་ལྡན་པའི་བྱས་རྗེས་དེ་བས་ཆེ་བ་འཇོག་དགོས་ཞེས་ནན་གྱིས་བསྟན།
    ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ་དང་ཁུལ་དཔོན་གཞོན་པ་ཝང་ཅན་ཅུན། དེ་མིན་ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་འགན་ཁུར་བས་མཉམ་དུ་ཐུག་འཕྲད་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།