中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོས་ཞིང་སྡེ་དར་སྤེལ་གྱི་ཁྱད་མཚར་མིང་བྱང་བསྐྲུན་པ།
དུས་ཚོད།2021-03-17 17:38:05     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན)ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་ཁུལ་གྱིས་ཀྲུང་དབྱང་གི་བྱེད་ཕྱོགས་དང་སྲིད་ཇུས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གསར་འཛུགས་ཧུར་ཐག་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་ཏན་ཏིག་སྤེལ་བ། ཕྱོགས་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་། ཧུར་བརྩོན་སྒོས“གནོད་མེད་ལྔའི་ཀན་ལྷོའི”མཚན་བྱང་གསར་བ་བསྐྲུན་ནས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”ཀན་ལྷོའི་ལེའུ་བརྩམས་ནས། རོང་འབྲོག་སྡེ་བ་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་བ་ཞིག་ཏུ་བསྐྱོད་དེ་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ཀྱི་རྨང་གཞི་བརྟན་པོ་བཏིངས།
\
    ཞིང་སྡེ་དར་སྤེལ་གཏོང་བར་ཚད་མཐོ་ས་ནས་ཇུས་འགོད་བྱས་པས་ཚད་རྟོལ་ས་ཡོད་པ། དོན་དངོས་ལ་གཞིགས་ནས“ཁོངས་ཡོངས་སུ་གད་སྙིགས་མེད་པ། ཁོངས་ཡོངས་སུ་རྫས་ལུད་མེད་པ། ཁོངས་ཡོངས་སུ་སྦགས་བཙོག་མེད་པ། ཁོངས་ཡོངས་སུ་སྤྱི་གནོད་མེད་པའི”ཀན་ལྷོའི་མིང་བྱང་གསར་བ་གཏོད་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་བཟོས་ནས་པར་འགྲེམ་བྱས་ཤིང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་ནས་ཕྱོགས་ཡོངས་ནས་ཞིང་སྡེ་དར་སྤེལ་གཏོང་བའི་ཕྱོགས་སུ་བསྒྱུར་ཡོད།
\
    འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པར་དཔེ་མཚོན་ཡོད་པ། རོང་འབྲོག་སྡེ་བ་འཕེལ་རྒྱས་གཏོང་སྟངས་གསར་བ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར156བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ1603བསྐྲུན་པ་དང་ཁུལ་ཡོངས་ཀྱི་རང་བྱུང་སྡེ་བའི54%ཟིན། ཁྱིམ་ཚང་ཁྲི10.9ཡི་རོང་འབྲོག་མང་ཚོགས་ཁྲི48.9ལ་དངོས་ཕན་ཐོབ། ཀླུ་ཆུའི་ཀ་ཤུལ་དང་ལིན་ཐན་ཁྲི་ཀོའུ། ཅོ་ནེ་དཔོན་ཡུལ་དང་ལུས་སེར། གཙོས་གྲོང་ཁྱེར་གྱི་སྔོག་དཀར། བསང་ཆུའི་རྔ་རྒོད་དང་ཤུག་ལུང་ཉིན་པ། འབྲུག་ཆུའི་ཐུའུ་ཆའོ་ཙི་དང་བཀའ་བཙན་པ། ཐེ་བོའི་མགོ་རྗེ་དང་རྨ་ཆུའི་པོ་ཏི་སོགས་དཔེ་མཚོན་སྡེ་བ་མང་བོ་ཞིག་བསྐྲུན་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་རྒྱུ་དེ་བོད་འབྲེལ་ཁུལ་དང་རྫོང་གིས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་གསོན་ཉམས་ལྡན་པ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་ཀྱིས་ཀན་སུའུ་ཞིང་ཆེན་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར40ལོན་པའི་དཔེ་མཚོན་གཅིག་པུ་རུ་བརྩིས་ནས། རྒྱལ་ཡོངས་ལ་དྲིལ་བསྒྲགས་དང་ཁྱབ་གདལ་བཏང་ཡོད། བྲག་སྒམ་ནང་ཞིང་ནགས་མཉམ་འདུས་མ་ལག་དེ་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་དུ་ངོས་འཛིན་བྱས། ཚད་གཞི་མཐོ་བའི་རིག་གནས་ཡུལ་སྐོར་མཚོན་རྟགས་སྡེ་བ17དང་ཁོངས་ཡོངས་སུ་ཡུལ་སྐོར་གྱི་ཆེད་ལས་སྡེ་བ103ཡུལ་སྐོར་གྱི་ནུས་པ་ལྡན་པའི་སྐྱེ་ཁམས་དཔལ་ཡོན་འབྱོར་འབྲིང་སྡེ་བ297སྤུས་ལེགས་སྡེ་དམངས་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་སྐྱིད་ཁང3000ལྷག་འཛུགས་སྐྲུན་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་རིམ་འཕར་བྱུང་ཡོད། བྲག་སྒམ་ནང་དང་དབལ་བན་ཚང4Aརིམ་པའི་མཛེས་ལྗོངས་ཁུལ་དུ་འཕར། རང་ཁུལ་ལ“2020ལོའི་ཀྲུང་གོའི་དམངས་སྡོད་སྤྲོ་གསེང་བྱ་ཡུལ་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་དང་། ལིན་ཐན་རྫོང་གི་མི་ཁྲི་ཡི་ཐག་འཐེན་སོགས་ལས་གཞི་ལྔ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་གི་མིང་བྱང་དུ་ཚུད། ཁུལ་ཡོངས་ཀྱི་སྡེ་བ16ལ“རྒྱལ་ཡོངས་ཀྱི་མཛེས་སྡུག་ལྡན་པའི་ཞིང་སྡེ”“ཀྲུང་གོའི་མཛེས་སྡུག་ལྡན་པའི་ཞིང་སྡེ་དཔེ་མཚོན་བརྒྱ”“ཀྲུང་གོའི་ཞིང་སྡེ་ཡུལ་སྐོར་དཔེ་བཟང་སྡེ་བ”སོགས་ཀྱི་མཚན་སྙན་ཐོབ་པ་དང་། 2020ལོར། རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་མཛེས་ལྗོངས་ཁུལ་ལ་རིན་མེད་དུ་སྒོ་ཕྱེས་པ་རེད། ཡིན་ཡང་། ཡུལ་སྐོར་དཔལ་འབྱོར་དེ་ལས་ལྡོག་སྟེ་ཡུལ་སྐོར་བ་མི་ཐེངས་ཁྲི1671སྣེ་ལེན་བྱས་པ་དང་། ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར83ཟིན་པ་དང་སོ་སོར16%དང12%འཕར།\
    ཞིང་ཕྱུགས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུར་འདེགས་སྐྱོར་བྱས་པ། རིམ་བརྩིས་བྱས་ན“མིང་རྟགས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ཐོན་དངོས་རྫས190ལ་ཁས་ལེན་དཔང་ཡིག་སྤྲད་པ་དང“ཀན་ལྷོའི་འབྲི་གཡག”“ཀན་ལྷོའི་བོད་ལུག”“ཨ་མདོའི་འབྲོག་ར”སོགས་མིང་རྟགས11“བདུད་རྩི་རྟགས་ཅན”གྱི་མིང་རྟགས་དཀར་ཆག་ནང་དུ་བདམས། ལྗང་མདོག་སྤྱི་གནོད་མེད་པའི་མིང་རྟགས་ཁག་ཅིག་ལ་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ། ཨ་མདོའི་དང་ཧྭ་ལུང། ལུའོ་ཡོན། ཞོ་སྟོན་སོགས་རྐང་འཛིན་ཁེ་ལས་ལ་རོགས་སྐྱོར་ཧུར་ཐག་བྱས་ཏེ“ཡོད་པ་ལྔའི”ཚད་གཞི་གཞིར་བཟུང་ནས། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་ངང་རིམ་སྤོར་བྱས་ནས། སྔར་ལས་ལྷག་པར་དུ་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་ཐབས་ལམ་རྒྱ་ཆེར་བཏང་།།
རྩོམ་སྒྲིག་པ། བསོད་ནམས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།