中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རང་ཁུལ་གྱི 2021ལོའི་འཛུགས་སྐྲུན་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པ་དང་ལས་ཀ་བསྐྱར་སྐྲུན་བྱེད་པའི་སྐུལ་སློང་ཚོགས་ཆེན་ཚོགས་པ།
དུས་ཚོད།2021-03-24 11:34:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཡུས་ཁྲིན་ཧུའེ་ཡིས་ལས་འགོ་ཚུགས་པ་དང་ལས་ཀ་བསྐྱར་སྐྲུན་བྱེད་པ་ཁྱབ་བསྒྲགས་བྱས་ཤིང་།ཀྲའོ་ལིན་ཡུན་གྱིས་གཏམ་བཤད།
     ཉེ་ཆར། རང་ཁུལ་གྱི 2021 ལོའི་འཛུགས་སྐྲུན་ལས་གཞི་གལ་ཆེན་གཅིག་བསྡུས་ཀྱིས་ལས་འགོ་ཚུགས་པ་དང་ལས་ཀ་བསྐྱར་སྐྲུན་གྱི་སྐུལ་སློང་ཚོགས་ཆེན་ཚོགས།
    \
    
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཚོགས་ཆེན་དུ་ཞུགས་པ་མ་ཟད། རང་ཁུལ་གྱི་འཛུགས་སྐྲུན་ལས་གཞི་གལ་ཆེན་ལས་འགོ་ཚུགས་པ་དང་ལས་ཀ་བསྐྱར་སྐྲུན་བྱེད་པ་ཁྱབ་བསྒྲགས་བྱས།
    \
    
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་ཚོགས་ཆེན་དུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཁུལ་དཔོན་གཞོན་པ་ཝང་ཧྲང་ཞུའེ་ཡིས་ཚོགས་ཆེན་གྱི་གཙོ་འགན་ཁུར། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ལུའི་ཡུང་ཀོ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཏུང་ཡན་ཆིན། ཁུལ་དཔོན་གཞོན་པ་ལིའང་ཝེ་ཅི་དང་དབྱང་ཀྲེན་ལིན། ཁུལ་དཔོན་གཞོན་པའམ་འབྲུག་ཆུ་རྫོང་གི་རྫོང་དཔོན་ཀུའོ་ཙི་ཝུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཅོ་ནེ་རྫོང་གི་རྫོང་དཔོན་ཧན་མིང་ཧྲིན། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལུའུ་དབྱི་བཅས་ཚོགས་ཆེན་དུ་ཞུགས།
    \

    ཚོགས་ཐོག་ཏུ་ཁུལ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་མི་སྣས་ཀན་ལྷོ་ཁུལ་གྱི 2020ལོའི་ཞིང་ཆེན་དང་ཁུལ་གྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱས་ཚུལ་དང་། 2021ལོའི་ཞིང་ཆེན་དང་ཁུལ་གྱི་ལས་གཞི་གལ་ཆེན་གྱི་མ་འཇོག་འཆར་གཞིའི་བཟོ་འགོད། ཟླ 3པར་ལས་འགོ་ཚུགས་པ་དང་ལས་ཀ་བསྐྱར་སྐྲུན་བྱེད་པའི་ལས་གཞིའི་འབྲེལ་ཡོད་གནས་ཚུལ་བཅས་ངོ་སྤྲོད་བྱས་ཤིང་། གཙོས་གྲོང་ཁྱེར་སྲིད་གཞུང་གི་འགན་འཁུར་མི་སྣ་དང་ཨར་ལས་བཟོ་སྐྲུན་ལས་ཁུངས་ཀྱི་འཐུས་མི། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་འཐུས་མི་བཅས་ཀྱིས་གཏམ་བཤད་སྤེལ།
    \

    ད་ལོར། རང་ཁུལ་གྱིས་ལས་གཞི 508ལག་བསྟར་བྱ་རྒྱུའི་འཆར་གཞི་ཡོད་ལ། རགས་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར 1075གཏོང་རྩིས་ཡོད། སྔོན་དཔག་བྱས་ན་ད་ལོར་མ་དངུལ་སྒོར་དུང་ཕྱུར 140གཏོང་རྩིས་ཡོད་པས། སྔར་ལོའི་དུས་མཚུངས་ལས 6%འཕར་བ་དང་། དེའི་ཁྲོད་དུ་དམངས་འཚོ་ལེགས་བཅོས་དང་འགན་ལེན་ལས་གཞི 255ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ལས་གཞི 108སྐྱེ་ཁམས་སྲུང་སྐྱོང་ལས་གཞི 60 སྤྱི་ཚོགས་དོ་དམ་ནུས་པ་འཛུགས་སྐྲུན་བྱེད་པའི་ལས་གཞི 15ཐོན་ལས་ལེགས་བསྒྱུར་རིམ་འཕར་ལས་གཞི 70བཅས་ཡོད། དངོས་སུ་ལས་འགོ་ཚུགས་པའི་ཧུང་ཧྲེང་ཡོན་ཀྲུང་དབྱང་ཐབ་ཚང་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར 1.2བཏང་བ་དང་། འཛུགས་སྐྲུན་གྲུབ་རྗེས་གཙོས་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་གྱི་བཟའ་བཏུང་སྤུས་ཚད་ཚད་ལྡན་ཅན་དུ་བཏང་ནས། བཟའ་བཏུང་བདེ་འཇགས་འགན་ལེན་བྱ་རྒྱུ་དང་། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་ཐུབ་པ་སོགས་ཀྱི་ཐད་ནས་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་ངེས། ལས་གཞི་འདི་དང་མཉམ་དུ་ལས་འགོ་ཚུགས་པའི་ལས་གཞི 151ཡོད་པའི་ཁྲོད་ལས་འགོ་བསྐྱར་སྐྲུན་ལས་གཞི 124དང་གསར་དུ་ལས་འགོ་ཚུགས་པའི་ལས་གཞི 27ཡོད། ལས་གཞི་གལ་ཆེན་དེ་དག་གི་སྣེ་ཁྲིད་འོག་ནས་སྔོན་དཔོག་བྱས་ན་དུས་ཚིགས་དང་བོར་མ་འཇོག་སྒོར་དུང་ཕྱུར 6.5ལེགས་གྲུབ་འབྱུང་བ་དང་། སྔར་ལོའི་དུས་མཚུངས་ལས 5.7%འཕར་སྲིད། ཀྲའོ་ལིན་ཡུན་གྱིས་སྔར་ལས་ལྷག་པའི་སྒོ་ནས “ལས་གཞི་དམ་འཛིན”གྱི་མཁྲེགས་གཏོར་རྣམ་པ་རྒྱུན་འཁྱོངས་བྱས་ནས་ལས་སླ་པོར་བྱུང་བ་ཞིག་མིན་པའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་དང་སྲ་བརྟན། རྒྱུན་མཐུད་ཡོང་བ་བཅས་བྱས་ཏེ། ཐབས་ལམ་ནུས་ལྡན་ལ་བརྟེན་ནས་ད་ལོའི་ལས་གཞི་འཛུགས་སྐྲུན་གྱི་དམིགས་ཚད་ལས་འགན་ཁག་མཐའ་གཅིག་ཏུ་ལེགས་སྒྲུབ་བྱ་དགོས་ཤིང་། “ལས་གཞི་དོ་དམ”ལ་སྐུལ་འདེད་གཏོང་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། རྫོང་དང་གྲོང་ཁྱེར། སྡེ་ཁག་སོ་སོ། ཨར་ལས་བཟོ་སྐྲུན་ལས་ཁུངས་ཚུད་པའི་ལས་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་སྒྲིག་སྲོལ་བརྩི་སྲུང་ནན་ཏན་བྱས་ནས། ལས་གཞི་ཁག་འཛུགས་སྐྲུན་བྱེད་པའི་ཚད་གཞི་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱ་དགོས་ལ། ཐབས་བརྒྱ་ཇུས་སྟོང་གིས་ལས་གཞིའི་དུས་འགོའི་གྲོན་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་ཚོད་འཛིན་ནན་པོ་བྱེད་པ་དང་། ལས་ཀའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། ལས་གཞི་འཛུགས་སྐྲུན་གྱི་འགན་སེམས་དོན་འཁྱོལ་ཡོང་བ་བྱས་ནས། “འགོ་ཁྲིད་དང་པོས”འགན་འཁུར་བའི་ལམ་ལུགས་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་དགོས་ལ། ཐད་ཀའི་འགན་འཁྲི་དང་ཞིབ་ཕྲའི་འགན་འཁྲི་དོན་འཁྱོལ་ནན་ཏན་བཅས་བྱས་ནས་རང་འགན་རང་འཁུར་དང་ཁུར་མཉམ་ལེན། དོན་སྤྱི་སྒྲུབ། མཉམ་ཤུགས་མཁྲེགས་གཏོར་བཅས་ཀྱི་བྱ་བའི་རྣམ་པ་ཞིག་ཆགས་པ་བྱ་དགོས། “འཛུགས་སྐྲུན་ལས་གཞིའི”ཕྱིའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། “གནས་གཅིག་ནས་གཉེར་བ། དྲ་བ་གཅིག་གིས་གཉེར་བ། སྟབས་བདེར་གཏོང་བ །འཕྲལ་མར་སྒྲུབ་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་པ། ཁྲིམས་སྐྱོང་གི་ཐབས་ལམ་སྤྱད་ནས། སྔར་ལས་ལྷག་པའི་སྒོ་ནས་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་དང་། བདེ་འཇགས་དང་གོ་རིམ་ལྡན་པའི་ཁོར་ཡུག སྤུས་ཀ་དག་ལ་ཕན་འབྲས་ལྡན་པའི་ཞབས་ཞུའི་ཁོར་ཡུག་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་དགོས། ཁུལ་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་ཁྲིམས་སྐྱོང་འགན་ལེན་དང་། སྲིད་ཇུས་ཀྱི་འགན་ལེན། ཁོར་ཡུག་གི་འགན་ལེན་བཅས་མཁོ་འདོན་བྱས་ནས“འགོ་ཚུགས་པ་ནི་ཐག་གཅོད་དམག་འཐབ་ཡིན་པ་དང་། གོམས་པ་སྤོས་པ་ནི་མཐའ་མའི་གདོང་མཆོང་ཡིན་པའི”ངར་ཤུགས་དང་བློ་སྟོབས་ལ་བརྟེན་ནས་ཡིད་ཆེས་སྔར་བས་ཆེ་རུ་གཏོང་བ་དང་དཀའ་སྤྱད་འབད་བརྩོན་གྱིས་ལས་གཞི་འཛུགས་སྐྲུན་གྱི་ཚ་རླབས་གསར་བ་ཞིག་མགྱོགས་མྱུར་ངང་འཕྱུར་བར་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ 100འཁོར་བར་ལེགས་སྐྱེས་འབུལ་དགོས་ཞེས་ནན་གྱིས་བསྟན།
    ཚོགས་འདུ་མ་འཚོག་གོང་ལ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཞིང་ཆེན་ཡོངས་ཀྱི་གཅིག་སྡུད་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་སྐུལ་སློང་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་མཉམ་དུ་བལྟས་པ་དང་། ཀྲའོ་ལིན་ཡུན་གྱིས་ཞིང་ཆེན་ཡོངས་ཀྱི་གཅིག་སྡུད་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་ཚུགས་སྐུལ་སློང་ཚོགས་ཆེན་ཐོག་གི་ཀན་ལྷོ་ཁུལ་གྱི་ལས་གཞིའི་གནས་ཚུལ་སྙན་སེང་ཞུས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།