(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 3པའི་ཚེས 30ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་སྒྲིག་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཡུས་ཁྲིན་ཧུའེ་ཡིསརྟག་ཏུ་གོང་བཀུར་གྱི་བསམ་པ་བཅངས་ནས་སྒྲིག་ཁྲིམས་དང་ཁྲིམས་སྐྱོང་གི་ལམ་ཐིག་བརྟན་སྲུང་བྱེད་པ་དང་། ལུས་ཕུང་རྡོ་རྗེ་ཕ་ལམ་ལྟ་བུར་སྦྱངས་ནས་བློ་དཀར་ལ་དཔའ་མཛངས་དྲང་བདེན་གྱི་དཔུང་སྡེ་འཛུགས་སྐྱོང་བྱེད་པཞེས་པ་མཚན་བྱང་བྱས་ཏེ། ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པར་ཏང་གི་ཤེས་བྱ་ཆེད་དོན་ཟུར་ཁྲིད་བྱས།
ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་སྲིད་ཁྲིམས་ཨུའི་ཧྲུའུ་ཅི། ཁུལ་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་སྒྲིག་བཅོས་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ། གཞུང་ལས་ཁང་གི་ཀྲུའུ་རེན་དབྱང་ཅུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་དང་རྒྱ་ཆེའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། བློ་བརྟན་འགྱུར་མེད་དང་བརྟན་ཐོག་ཡར་འཕེལ་གྱིས“ནན་མོའི”ནང་དོན་གཙོ་བོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ཏེ། སྒྲིག་ཁྲིམས་དང་སྒྲིག་སྲོལ་ལྟར་བྱ་བ་བསྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། སྤྱི་ཚོགས་དྲང་གཞག་དྲང་བདེན་སྲུང་སྐྱོང་ནན་མོ་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུ་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།
ཡུས་ཁྲིན་ཧུའེ་ཡིས་རིམ་པ་སོ་སོའི་སྲིད་ཁྲིམས་སྡེ་ཚན་གྱི་ཏང་ཙུའུ(ཏང་ཨུ)ཡིས་ས་སྲུང་བར་འགན་འཁྲི་ཡོད་པ་དང་། ས་སྲུང་བར་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཇེ་དྲག་ཏུ་བཏང་ནས། ཏང་ལ་དོ་དམ་ནན་མོ་དང་ཉེན་རྟོག་པ་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས། ལས་བྱེད་པར་སློབ་གསོ་ནན་མོ་གཏོང་བ་དང་དོ་དམ་ནན་མོ་བྱེད་པ། ལྟ་སྐུལ་ནན་མོ་བྱེད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་སྲིད་སྐྱོང་གི་རྩ་བ་དམ་འཛིན་གྱིས། བཀུར་ཞིང་སྐྲག་པ་དང་མ་མཐའི་ཚད་གཞི་མཐའ་གཅིག་ཏུ་སྲུང་དགོས་ཞེས་ནན་གྱིས་བསྟན།
ཡུས་ཁྲིན་ཧུའེ་ཡིས་ཐེངས་འདིའི་སློབ་གསོའི་སྒྲིག་བཅོས་གོ་སྐབས་སུ་བརྩིས་ཏེ། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་སྔར་བས་བརྟན་པོ་འཛུགས་པ་དང་། སྒྲིག་བཅོས་བྱེད་སྐབས་སུ་ཏང་གཤིས་གསོ་སྦྱོང་དང་སྤྱོད་ཚུལ་ཇེ་ལེགས་སུ་བཏང་སྟེ། ཚད་གཞི་སྔར་ལས་ནན་མོ་འཛུགས་པ་དང་། སྔོན་ཐོན་པའི་གཟུགས་བརྙན་བཟོ་སྐྲུན་བྱེད་པ། བྱ་བ་བསྒྲུབ་པའི་ནུས་པ་མཐོར་འདེགས་སུ་བཏང་ནས་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སྣང་བརྙན་གསར་བ་དང་། བདེ་འཇགས་དང་འཆམ་མཐུན་དང་གཏན་ལྷིང་གི་སྲིད་ཁྲིམས་བྱ་བའི་གྲུབ་འབྲས་གསར་བས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ 100འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་བླང་བྱ་བཏོན།
ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཏང་གི་ཤེས་བྱའི་སློབ་ཁྲིད་ཀྱི་ཚོགས་ར་གཙོ་བོ་བཙུགས་ཤིང་། ཞིང་ཆེན་བཅའ་སྡོད་མཛུབ་སྟོན་ཚན་ཆུང་བཞི་བའི་ཚན་གཙོ་གཞོན་པ་དབྱང་ཧའོ་རན་དང་། མཛུབ་སྟོན་ཚན་ཆུང་གི་ཁོངས་མི། ཁུལ་སློབ་གསོ་སྒྲིག་བཅོས་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་དེ་མིན་གཞུང་ལས་ཁང་གི་ཀྲུའུ་རེན་དང་ཀྲུའུ་རེན་གཞོན་པ། ཁུལ་ཡོངས་ཀྱི་སྐོར་ཐེངས་གསུམ་པའི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་རེས་སྐོར་གསོ་སྦྱོང་འཛིན་གྲྭའི་སློབ་མ། ཁུལ་ཨུའི་སྲིད་ཁྲིམས་ཨུ་དང་ཁུལ་རིམ་པའི་སྲིད་ཁྲིམས་སྡེ་ཚན་སོ་སོ། གཙོས་བཙོན་ཁང་དང་གཙོས་གྲོང་ཁྱེར་ཏང་ཨུའི་སྲིད་ཁྲིམས་ཨུ། གྲོང་ཁྱེར་རིམ་པའི་སྲིད་ཁྲིམས་སྡེ་ཚན་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཏང་ཡོན་ལས་བྱེད་པ་དང་ཉེན་རྟོག་པ་སོགས་མི 650ལྷག་གིས་ཏང་གི་ཤེས་བྱའི་སློབ་ཁྲིད་ལ་ཉན། རྫོང་སོ་སོར་ཡན་ལག་ཚོགས་ར་བཙུགས་ནས་བརྙན་འཕྲིན་དང་དྲ་རྒྱའི་སྟེགས་བུ་བརྒྱུད་ནས་དུས་གཅིག་ཏུ་ཐད་གཏོང་བྱས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
|