中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཚོགས།
དུས་ཚོད།2021-04-07 19:33:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 3པའི་ཚེས 31ཉིན་ལ། ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བའི་གྲོས་ཚོགས་ཚོགས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    གྲོས་ཚོགས་སུ་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 2020ལོའི་ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་དང་བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། 2020ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་བཟོ་ལས་དང་ཆ་འཕྲིན་ཁོངས་གཏོགས་ཀྱི་སྔོན་ཐོན་སྡེ་ཚན་དང་། བཟོ་ལས་བརྟན་པོའི་ངང་འཕར་བའི་སྔོན་ཐོན་ཁེ་ལས། གློག་ཤུགས་འཕྲིན་གཏོང་བྱ་བའི་སྔོན་ཐོན་སྡེ་ཚན་བཅས་ལ་གཟེངས་བསྟོད་བྱས་པ་དང་། ཁེ་ལས་ཆུང་འབྲིང་དང་ཆུང་གྲས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྔོན་ཐོན་སྡེ་ཚན་གྱི་གཏན་འབེབས་སྒྲོག་སྦྱང་བྱས་པ་དང་། ཁུལ་བཟོ་ལས་དང་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་གིས་བྱ་བའི་སྙན་ཞུ་ཕུལ།
    ཧྥུན་ཞའོ་ལིན་གྱིས་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཡོངས་ཀྱི་བཟོ་ལས་ཐོན་ལས་སྐུལ་སྤེལ་གྲོས་ཚོགས་ཀྱི་བླང་བྱ་ལྟར། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བརྗོད་སྙིང་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ནས་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་འཛིན་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་རྒྱུ་གཙོ་གནད་དུ་འཛིན་པ། བཅོས་སྒྱུར་གསར་གཏོད་བྱ་རྒྱུ་དེ་རྩ་བའི་སྒུལ་ཤུགས་སུ་འཛིན་པ། “གནོད་མེད་ལྔའི་ཀན་ལྷོ”དམིགས་འབེན་དུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྲོལ་རྒྱུན་ཐོན་ལས་ལྗང་མདོག་ཅན་དང་ཆ་འཕྲིན་ཅན། རིག་ནུས་ཅན་དུ་བསྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་བ་དང་། གསར་དར་ཐོན་ལས་སྐྱེད་སྲིང་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་གིས་ཐོན་ལས་གསར་བའི་མ་ལག་གཏོད་པ། ནུས་ཤུགས་ཡོད་རྒུས་ཐོན་ལས་དང་བོ་དང་བཟོ་ལས་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་བ་རྒྱས་སུ་འཇུག་དགོས། “འགྱུར་གསུམ”བསྒྱུར་བཀོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་ཆེར་འགྲོ་བར་སྐུལ་འདེད་གཏོང་དགོས། གོ་སྐབས་དམ་འཛིན་གྱིས་གཞི་གྲངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། བཟོ་ལས་དྲ་སྦྲེལ་བེད་སྤྱོད་དང་གཞི་གྲངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་བ། བཟོ་ལས་དང་ཆ་འཕྲིན་ཅན་གྱི་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་དམ་འཛིན་བྱེད་པ་དང་། ལས་རིགས་དང་ཁྱབ་ཁོངས་གཙོ་བོའི་ཉེན་ཁར་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ལ་ཕན་པའི་ཞབས་ཞུ་གཏིང་ཟབ་ཏུ་སྤེལ་བ་དང་། ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ། ཁ་ཚ་དགོས་གཏུག་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་སོ་སོ་ཚད་གཞི་མཐོན་པོའི་སྒོ་ནས་ལེགས་གྲུབ་ཡོང་ཆེད་རྨང་གཞི་བརྟན་པོ་འདིང་བ་དང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་བསླེབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།