中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། དབྱིན་ཧུང་རང་ཁུལ་དུ་ཡོང་ནས་འབྲེལ་ཡོད་བྱ་བར་རྟོག་ཞིབ་བྱེད་པ།
དུས་ཚོད།2021-04-19 10:42:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་རོང་འབྲོག་མང་ཚོགས་ལ་སྔར་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན་པ།
   \
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 11ཉིན་ནས་ཚེས 12ཉིན་གྱི་བར་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དབྱིན་ཧུང་རྨ་ཆུ་རྫོང་དང་གཙོས་གྲོང་ཁྱེར། བསང་ཆུ་རྫོང་བཅས་སུ་སོང་ནས་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་ཁྱོན་ཡོངས་ནས་དུས་རབས་གསར་བའི་ཏང་གི་བོད་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་ནན་མོ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། དགེ་མཚན་ལྡན་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། ཧུར་ཐག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། མགྱོགས་མྱུར་གྱིས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རོང་འབྲོག་མང་ཚོགས་ལ་སྔར་བས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏུ་འཇུག་དགོས་ཞེས་ནན་གྱིས་བསྟན།
    རྨ་ཆུའི་རྨ་ཆུ་དུམ་ཚན་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁོངས་གསབ་སྤྲོད་ཁུལ་དང་སྐྱེ་ཁམས་རྩོལ་ནུས་ཁུལ་ཡིན། དབྱིན་ཧུང་དབལ་བན་ཚང་གྲོང་རྡལ་དང་དངུལ་རྭ་གྲོང་རྡལ་དུ་སོང་ནས། ཡུལ་དངོས་སུ་བརླན་ས་སྲུང་སྐྱོང་དང་ཉམས་གསོ། རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་གི་གནས་ཚུལ་ལ་ལྟ་ཞིབ་བྱས། ཁོས་སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“སྲུང་སྐྱོང་བྱ་རྒྱུ་གཙོ་བོར་འཛིན་པ་དང་བཅོས་སྐྱོང་བྱ་དགོས་པའི”མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། གོང་རིམ་གྱི་འགན་འཁྲི་ལག་བསྟར་ནན་མོས། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ལག་ལེན་ཇེ་མགྱོགས་སུ་གཏོང་བ་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་ཀྱི་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་བརླན་ས་ཉམས་གསོ་དང་ཕྱུགས་བསྐྱུར་རྩྭ་འདེབས་སོགས་གལ་ཆེའི་སྐྱེ་ཁམས་ལས་གྲྭར་སྐུལ་འདེད་གཏོང་བ། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བདེ་སྐྱིད་ཆུ་བོ་ཞིག་ཏུ་འགྱུར་བ་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་གི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ནས། ཚན་རྩལ་ལ་བརྟེན་ནས་ཕྱུགས་ལས་དར་རྒྱས་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་དང་དེང་རབས་ཀྱི་ཞིང་ཕྱུགས་ལས་སོགས་སྐྱེ་ཁམས་ཐོན་ལས་སྐྱེད་སྲིང་བྱེད་པ།  འབད་པ་ཆེན་པོས་སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱིས་ཁྲིད་སྟོན་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བའི་ཐོག་བསྐྱོད་དགོས་ཞེས་ནན་གྱིས་བསྟན།
    དབྱིན་ཧུང་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཞིང་སྡེ་དར་རྒྱས་དང་ནུས་ལྡན་སྒོས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་བའི་བྱ་བར་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། ཁོས་སྔ་གཞུག་ཏུ་གཙོས་གྲོང་ཁྱེར་དམའ་རིམ་སློབ་འབྲིང་དང་། ཀན་སུའུ་ཧྭ་ལིན་ཁེ་ལས་ཚོགས་པ། རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མ་སྡེ་བ་བཅས་སུ་རྟོག་ཞིབ་བྱས་པ་དང་། མི་རིགས་སློབ་གསོ་དང་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་འཕེལ་རྒྱས་ནི་མི་རིགས་ས་ཁུལ་གྱི་གནད་དོན་སྣ་ཚོགས་ཐག་གཅོད་པའི་ལྡེ་མིག་ལྟ་བུར་བརྩིས་ནས། ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། “མི་དོར་བ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། གཞི་ཁྱོན་ཅན་གྱི་དབུལ་བོ་བསྐྱར་ལོག་མི་བྱེད་པའི་མ་མཐའི་ཚད་གཞི་མཐའ་གཅིག་ཏུ་བསྲུང་ནས། སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་གོ་གནས་སུ་བཞག་སྟེ། རིག་གནས་དང་འཕྲོད་བསྟེན། ཚན་རྩལ་སོགས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་སྤྱི་བའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།
    བསང་ཆུ་རྫོང་བླ་བྲང་དགོན་པ་རུ་དབྱིན་ཧུང་གིས་དགོན་པའི་དོ་དམ་དང་མི་རིགས་མཐུན་སྒྲིལ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་རྒྱུས་ལོན་བྱས་པ་མ་ཟད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་བྱས། ཆོས་ལུགས་ལས་རིགས་ཀྱི་མི་སྣས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་བོ་དར་སྤེལ་བཏང་སྟེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཆོས་ལུགས་བྱ་བའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་དགོན་པའི་དོ་དམ་ལ་ཤུགས་སྣོན་པ་དང་། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ། དད་ལྡན་མང་ཚོགས་ལ་རང་རྟོགས་ཀྱིས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་བོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།
    ཞིང་ཆེན་གྱི་འགོ་ཁྲིད་པ་ཧྲི་མོའུ་ཅུན་དང་ཡུས་ཁྲིན་ཧུའེ་ཡིས་མཉམ་དུ་རྟོག་ཞིབ་བྱས་པ་དང་། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་བཞུགས་མོལ་གྲོས་ཚོགས་སུ་ཕེབས།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།