中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་གཙོས་ས་ཁུལ་གྱི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པ།
དུས་ཚོད།2021-04-21 15:51:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ནུས་ཤུགས་ཡོད་རྒུས་ལྗང་མདོག་དེ་ཀན་ལྷོའི་རང་མདངས་སུ་འགྱུར་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་བས་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་བསྟན་པ།
   \
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 4བའི་ཚེས 15ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་སོགས་གཙོས་གྲོང་ཁྱེར་རྒྱ་མཁར་རྒྱ་ར་སྡོང་འཛུགས་ས་གནས་སུ་སོང་ནས་ཁུལ་གཏོགས་སྡེ་ཁག་གི་ལས་བྱེད་པ་དང་ལས་བཟོ་བ་དང་ལྷན་དུ་འོས་འགན་སྡོང་འཛུགས་ཀྱི་བྱ་འགུལ་ལ་ཞུགས། ཡུས་ཁྲིན་ཧུའེ་ཡིས་སྡོང་འཛུགས་བྱ་བར་རྒྱུན་མཐུད་ངང་ཤུགས་བསྣན་ནས་ཡུན་རིང་གི་ཆེད་དུ་བྱས་རྗེས་འཇོག་དགོས་ལ། ལྗང་མདོག་དེ་ཀན་ལྷོའི་ཡུན་རིང་གི་རང་མདངས་སུ་འགྱུར་བར་བྱས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཕན་འབྲས་གསར་བས་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
    སྡོང་འཛུགས་ཀྱི་ཡུལ་དངོས་སུ། ཡུས་ཁྲིན་ཧུའེ་ཡིས་སྡོང་བོ་རེ་རེ་བཞིན་ནན་ཏན་དང་ཞིབ་ཚགས་ཀྱི་སྒོ་ནས་བཙུགས་པ་དང་། ཡུལ་དངོས་དེ་ཚ་ཚ་འུར་འུར་གྱི་སྣང་ཚུལ་ཞིག་གིས་ཁེངས་ནས་ཡོད།
    ཡུས་ཁྲིན་ཧུའེ་ཡིས་ཕྱོགས་གཅིག་ནས་སྡོང་བོ་འཛུགས་ཀྱིན་ཡོད་ལ། ཕྱོགས་གཅིག་ནས་ལས་བྱེད་པ་དང་མང་ཚོགས་དང་སྡོང་ཕྲུག་གི་རིགས་དང་ས་རྒྱུ། དུས་རྒྱུན་གྱི་གསོ་སྐྱོང་། རྗེས་ཕྱོགས་ཀྱི་དོ་དམ་སོགས་ཀྱི་ཐད་གླེང་མོལ་བྱས་ཤིང་། ཁུལ་ཡོངས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་འཕེལ་ཚད་ལ་རྒྱུས་ལོན་གསལ་བོ་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བར་འདེབས་འཛུགས་དང་གསོ་སྐྱོང་། དོ་དམ་སོགས་ཀྱི་ཐད་ལ་ཤུགས་བསྣན་ནས་སྡོང་ཕྲུག་གསོན་ཚད་ཁག་ཐེག་བྱ་རྒྱུ་ནན་དུ་བསྟན།
    ཡུས་ཁྲིན་ཧུའེ་ཡིས་རང་ཁུལ་གྱི་རང་བྱུང་ཆ་རྐྱེན་ཞན་ལ་སྐྱེ་ཁམས་ཉམས་ཞན་ཡིན་པ་དང་སྡོང་འཛུགས་ནགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་ཀན་ལྷོ་འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་འགུལ་སྐྱོད་ཅིག་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་རེ་ལྟོས་གསར་བར་བསྟུན་པར་བྱེད་པའི་བྱ་ཐབས་གཙོ་བོ་ཞིག་ཡིན་ལ། ཀུན་ཕན་གྱི་དམངས་འཚོའི་ལས་གྲྭ་ཞིག་ཀྱང་ཡིན་པ་མ་ཟད། ཡུན་རིང་དང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཀྱང་ཡིན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྲ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ། སངས་རྒྱས་འཚོ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།