中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གློག་བརྙན་ཐུང་གྲས《རྩྭ་ཐང་དུ་གསར་བརྗེའི་ས་བོན་འདེབས་མཁན》ཞེས་པ་ཐོག་མར་བསྟན་པ།
དུས་ཚོད།2021-07-15 09:17:39     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན། ཉིན་ཤས་སྔོན་དུ། ཀྲུང་གོ་གུང་ཁྲན་ཏང་དབུས་བརྙེས་ནས་ལོ 100འཁོར་བར་རྟེན་འབྲེལ་ཞུ་བའིགློག་བརྙན་ཐུང་གྲས《རྩྭ་ཐང་དུ་གསར་བརྗེའི་ས་བོན་འདེབས་མཁན》ཞེས་པ་ཐོག་མར་བསྟན་པ།

ཞེས་པ་དེ་རྨ་ཆུ་རྫོང་དུ་ཐོག་མར་སྟོན་པའི་མཛད་སྒོ་སྤེལ།
    རྩྭ་ཐང་དུ་གསར་བརྗེའི་ས་བོན་འདེབས་མཁནཞེས་པ་ནི་དཔའ་བོ་ཡི་མི་ཚེ་ཧྲུལ་བོའི་བྱས་རྗེས་ལ་གཞིགས་ནས་བཟོས་པ་ཞིག་རེད། གློག་བརྙན་དེའི་ནང་ཞོན་ཞ་ཧྥུ་ཡིས 1923ལོར་རྩྭ་ཐང་ཐོག་དམག་ཤེད་ཅན་གྱི་གནོད་འཚེ་ཕོག་པའི་འབྲོག་པ་བཀྲ་ཤིས་ཀྱི་ཁྱིམ་ལ་རོགས་སྐྱོར་བྱེད་པའི་གཏམ་རྒྱུད་བརྗོད་བྱར་བྱས་ནས། དེའི་ཐོག་ནས་གུང་ཁྲན་ཏང་ཡོན་གྱི་ཞོན་ཞ་ཧྥུ་ཡིས་བོད་རིགས་སྤུན་ཟླ་སྣེ་ཁྲིད་དེ་དཔའ་ངར་ཆེན་པོས་སྤྱི་ཚོགས་རྙིང་བའི་བཀས་བཀོད་རྒྱུད་འཛིན་གྱི་དམག་ཤེད་ཅན་ལ་འགོག་རྒོལ་བྱས་ནས་མི་རིགས་མཐུན་སྒྲིལ་ཆེན་པོའི་ཁྲོད་ཀྱི་མི་སེམས་འགུལ་བའི་བྱས་རྗེས་ཇི་མ་ཇི་བཞིན་མཚོན་ཡོད།
    རྨ་ཆུ་རྫོང་རིག་གནས་ཁང་གི་འགོ་གཙོས“ཏང་དབུ་བརྙེས་ནས་ལོ་ངོ 100འཁོར་བའི་དུས་འདིར། རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་གློག་བརྙན་ཐུང་གྲསརྩྭ་ཐང་དུ་གསར་བརྗེའི་ས་བོན་འདེབས་མཁནཞེས་པ་པར་ལེན་བྱས། ལས་དོན་དེའི་ནང་ཞུགས་པ་བརྒྱུད་ནས་ང་ལ་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཞོན་ཞ་ཧྥུའི་མི་ཚེ་ཧྲུལ་བོའི་དད་སེམས་ལ་ཤེས་རྟོགས་ཟབ་མོ་བྱུང་། རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་བར་མི་འཛེམ་པར་རྒྱལ་ཁབ་རང་བཙན་དང་། མི་རིགས་བཅིངས་འགྲོལ། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཡོང་ཆེད་འབད་འཐབ་བྱེད་ཀྱི་ཡོད། ཁོང་གིས་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་དད་སེམས་དང་དངོས་ཐོག་འདེན་འཚོལ་གྱི་སྤྱོད་ཚུལ་ཐོག་ནས་རང་ཉིད་ལ་མྱོང་ཚོར་ཟབ་མོ་བྱུང་། དེང་ཕྱིན་གྱི་རིག་གནས་བྱ་བའི་ཁྲོད་དུ། ངེས་པར་རུ་གསར་བརྗེའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་རྒྱུན་འཁྱོངས་བྱ་དགོས”ཞེས་བཤད།
   1997ལོར་རྨ་ཆུ་རྫོང་ཨུས་རྫོང་སྔོན་གཤེགས་དཔའ་བོའི་བང་སོར་ཆེད་དུ་དཔའ་བོར་ཞོན་ཞ་ཧྥུ་ཁོང་གི་གསར་བརྗེའི་བྱས་རྗེས་བརྐོས་ཡོད་པའི་དྲན་གསོའི་རྡོ་རིང་ཞིག་བཙུགས་ཡོད། ལོ་རེར་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་འགུལ་ངང་མཆོད་འབུལ་བྱེད་ཀྱི་ཡོད། 2016ལོའི་ཟླ 8པར། སྔོན་གཤེགས་དཔའ་བོ་ཞོན་ཞ་ཧྥུའི་དྲན་གསོ་ཁང་གི་སྒོ་ཕྱེ་བ་རེད། ཉེ་བའི་ལོ་ལྔའི་རིང་དྲན་གསོ་ཁང་དུ་མི་ཁྲི 22ལྷག་ལྟ་སྐོར་དུ་ཡོང་བ་དང་སྐད་གྲགས་ཆོད་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་གྱུར་ཡོད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།