中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལིན་ཐན་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཉིས་དམ་འཛིན་བྱས་པ།
དུས་ཚོད།2021-07-15 09:19:40     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་པ་ནས་བཟུང་། ལིན་ཐན་རྫོང་གིས་ཤང་དང་གྲོང་རྡལ་སོ་སོའི་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོར་དམིགས་ཏེ། རིགས་སྣ་ཚོགས་ཀྱི་སྒོ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སྤེལ་བ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་བྱ་བའི་གྲུབ་འབྲས་སུ་བསྒྱུར་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
    ཤང་དང་གྲོང་རྡལ་སོ་སོའི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་ཐའོ་ཇུ་གྲོས་ཚོགས་དྲན་གསོའི་ཁང་དུ་ལྟ་སྦྱོང་བྱས་ནས་དམར་དམག་གིས་ལིན་ཐན་དུ་གསར་བརྗེ་བྱ་འགུལ་སྤེལ་བའི་གནས་ཚུལ་དང་། ལིན་ཐན་མི་དམངས་ཀྱིས་ཀྲུང་གོའི་གསར་བརྗེ་ཐད་བཞག་པའི་བྱས་རྗེས་རླབས་ཆེན་དང་གསར་བརྗེ་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་རྒྱུས་ལོན་གསལ་བོ་བྱས།
    སློབ་གྲྭ་སོ་སོས“གསར་བརྗེའི་གཏམ་རྒྱུད་བཤད་ནས་རྒྱལ་ཁབ་སྟོབས་ལྡན་གྱི་ན་གཞོན་ཞིག་བྱ་དགོས”“གསར་བརྗེའི་གཏམ་རྒྱུད་བཤད་དེ་གསར་བརྗེ་སྙིབས་སྟོབས་དར་སྤེལ་བྱ་དགོས”ཞེས་པ་སོགས་ཀྱི་བརྗོད་དོན་བྱ་འགུལ་སྤེལ་ནས་ན་གཞོན་དང་གཞོན་ནུ་རྣམས་ལ་ཏང་གི་ལོ་རྒྱུས་ཤེས་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱས།
    ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་ལེན་ཧུར་ཐག་བྱས་པ། ལིན་ཐན་རྫོང་གིས་ཕྱོགས་གཅིག་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དམ་འཛིན་བྱེད་པ་དང་གཞན་ཞིག་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དམ་འཛིན་བྱས། རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་ལིན་ཐན་རྫོང་གི་དཀྱིལ་ཁུལ་གྱི་ཆུ་མཁོ་འདོན་ལས་འགོ་བརྩམ་རྒྱུ་ཡིན་པ་དང་། རྫོང་མི་དམངས་སྨན་ཁང་དང་བོའི་གནས་སྤོར་གསར་འཛུགས་བྱ་རྒྱུ་དང་། འགོ་ནང་ཐང A5རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལས་གཞི 83གསར་འཛུགས་བྱ་ཡུལ་དུ་རྒྱུ། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 133.26ཡིན་པ་དང་ལོ་འཁོར་འཆར་གཞིའི་ལས་འགན་སྒོར་དུང་ཕྱུར 27.9ལེགས་གྲུབ་བྱ་རྒྱུ་དེ་ཡིན། དེའི་ཁྲོད་དུ་ཁུལ་གྱིས་བཏོན་པའི་ལས་གཞི་ཆེན་པོ 6ཡོད་པ་དང་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར 19.35ཡིན་པ་དང་། ལོ་འཁོར་འཆར་གཞིའི་ལས་འགན་སྒོར་དུང་ཕྱུར 3.57ཡོད། མིག་སྔར། ལས་གཞི 25ལས་འགོ་བརྩམས་ཡོད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།