中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2021-07-15 09:22:24     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ༄༅།། ཟླ 7པའི་ཚེས 5ཉིན་ནས་ཚེས 6ཉིན་བར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཐེ་བོ་རྫོང་བྲག་སྒམ་ནང་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། དབང་བཟང་གྲོང་རྡལ་ཚུར་རུ་ནང་སྡེ་བ། འབྲུག་ཆུ་རྫོང་སྦྲ་རྫོང་གྲོང་རྡལ་མགོ་གཙང་སྐྱིད་པོ་ནང་སྡེ་བ། གླུ་རྩེད་གྲོང་རྡལ། ཆུ་བར་ཤང་ཀླུ་རི་སྡེ་བ། ཏ་ཁྲོན་གྲོང་རྡལ་ལིའང་ཧོ་ཁོའུ་སྡེ་བ་བཅས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཉེ་འཁོར་གྱི་ཁོར་ཡུག་མཐོར་འདེགས། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་འགྲོ་བ། སྡེ་བའི་རྣམ་པ་བསྒྱུར་བའི་བྱ་བ་སོགས་ལ་ཞིབ་བཤེར་མཛུབ་སྟོན་བྱས།།
    ༄༅།། ཟླ 7པའི་ཚེས 6ཉིན་ལ། ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མིའི་གསབ་སྦྱོང་འཛིན་གྲྭ་སྐབས་དགུ་བ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང (ཞིང་ཆེན་དམངས་ཆེན་འཐུས་མིའི་གསབ་སྦྱོང་རྟེན་གཞི)ནས་བསྒྲུབས་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གསབ་སྦྱོང་འཛིན་གྲྭར་ཞུགས་པ་མ་ཟད་གཏམ་བཤད། མཐོ་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལིའང་རྨིན་ཡོན་གསབ་སྦྱོང་ལ་ཞུགས། ཐེངས་འདིའི་གསབ་སྦྱོང་འཛིན་གྲྭས“ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ”བརྗོད་དོན་དུ་བྱས་ནས་སློབ་སྦྱོང་མཐར་ཕྱིན་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་འདེམས་ཐོན་ལས་ཁུངས 15ཡི་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་འཐུས་མི་དང་འཐུས་མིའི་མཐུན་འབྲེལ་སྒྲིག་འཛུགས་འགན་ཁུར་མི་སྣ་བཅས་མི་བརྒྱ་ལྷག་གསབ་སྦྱོང་འཛིན་གྲྭར་ཞུགས།།
    ༄༅།། ཟླ 7པའི་ཚེས 8ཉིན་གྱི་ཕྱི་དྲོར། སྐབས་ཉེར་བདུན་པའི་ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུའི་སྐབས་སུ། རང་ཁུལ་གྱིས་ཚོང་འགུག་དངུལ་འདྲེན་ལས་གཞིའི་ཡུལ་དངོས་་སུ་ཆེད་དོན་གན་རྒྱ་འཇོག་པའི་མཛད་སྒོ་སྤེལ་བ་དང་། ཚོང་འགུག་དངུལ་འདྲེན་གྱི་གན་རྒྱའི་ལས་གཞི 40ལྷག་ལ་གཅིག་བསྡུས་ཀྱིས་གན་རྒྱ་བཞག་ཅིང་། སྤྱིའི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར 66.4ལ་བསླེབས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཝུའུ་ཡིས་ཤིས་ཚིག་ཕུལ། ཁུལ་དཔོན་གཞོན་པ་དབྱང་ཀྲིན་ལིན་གྱིས་གཙོ་འགན་ཁུར་ཞིང་། ཁུལ་གྱི་འགོ་ཁྲིད་པ་ཀྲང་ཀྲི་ཧོང་དང་ཀོ་ཙི་ཝུན་སོགས་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།།
༄༅།།      ཉེ་ཆར། བསང་ཆུ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲ་མིག་ཅན་གྱི་དོ་དམ་མི་སྣས་མངའ་ཁུལ་དུ་སྐོར་ཞིབ་བྱེད་སྐབས། བཏུང་བྱའི་རིགས་ཀྱི་ཚོང་ཁང་ཞིག་གི་ནང་དུ་ཁྲིམས་འགལ་ངང་བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཕོར་དང་གཤེར་འཇིབ་སྦུ་གུ་བཀོལ་གྱིན་ཡོད་པ་ཤེས།
    ཁྲིམས་འགལ་མི་སྣས་ད་དུང་ཚོང་ཁང་དེའི་མཛོད་ཁང་ནང་དུ་འགྱིག་ཕོར་སོགས་ཁྲིམས་འགལ་དངོས་རྫས་སྤྱི་རྒྱ 80ལྷག་ཤེས་རྟོག་བྱུང་བ་དང་སྤྱིའི་རིན་གོང་སྒོར 2000ལྷག་ཡིན། དངོས་རྫས་ཚང་མ་བཀག་ཉར་བྱས་ཤིང་ཚོང་ཁང་དེ་ཁྲིམས་ལྟར་སྒོ་རྒྱག་ཏུ་བཅུག་སྟེ་དག་ཐེར་བྱས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།