中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་གྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་པས་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་སོགས་སུ་ལྟ་སྦྱོང་བྱས་པ།
དུས་ཚོད།2021-07-15 09:25:06     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 9ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་གྱི་འགོ་ཁྲིད་པ་རིན་ཆེན་དོན་གྲུབ། ཝང་ཧྲང་ཞུའེ། ལིའུ་ཡུང་ཀོ། ཀྲང་ཀྲི་ཧུང་། སྒྲོལ་མ་སྐྱབས། དབྱང་ཞུའེ་ཧྥུན། མེང་ཡན་ལིན། ཧན་མིང་ཧྲིན། ཀའོ་ཞའོ་ཏུང་སོགས་ཀྱིས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་པའི་སྣེ་ཁྲིད་ནས་བསང་ཆུ་རྫོང་དང་ཀླུ་ཆུ་རྫོང་། རྨ་ཆུ་རྫོང་སོགས་སུ་ལྟ་སྦྱོང་ཞིབ་བཤེར་བྱས།
    ཁུལ་ཡོངས་ཀྱི་གཙོ་གནད་བྱ་བའི་ཡུལ་དངོས་ལྟ་སྦྱོང་ཚོགས་པ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་ཤུག་ལུང་ཉིན་པ་སྡེ་བ་དང་ཀླུ་ཆུ་རྫོང་ཤིས་ཚང་གྲོང་རྡལ་དགུན་ས་སྡེ་བ། མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བ། ལྷ་མོ་གྲོང་རྡལ། རྨ་ཆུ་རྫོང་དབལ་བན་ཚང་གྲོང་རྡལ་པོ་ཏི་སྡེ་བ་སོགས་སུ་སོང་ནས། ཞིང་སྡེ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་། ཁོངས་ཡོངས་ཡུལ་སྐོར་དང་།“གནོད་མེད་ལྔའི་ཀན་ལྷོ”སོགས་ཀྱི་བྱ་བ་སྤེལ་ཚུལ་ལ་ལྟ་སྦྱོང་བྱས། རྨ་ཆུ་རྫོང་ཉི་མ་གྲོང་རྡལ་བེ་ཤིང་དགོན་གྱི་མཐའ་འཁོར་གྱི་ཁོར་ཡུག་སྒྱུར་བཀོད་རིམ་སྤོར་གྱི་གནས་ཚུལ་ལ་ལྟ་སྦྱོང་བྱས་པ་མ་ཟད། རླངས་འཁོར་ལ་བསྡད་ནས་བསང་ཆུ་དང་ཀླུ་ཆུ་། རྨ་ཆུ་བཅས་རྫོང་གསུམ་གྱི་རྒྱལ་ལམ 213གྱི་རྩྭ་ཐང་ན་འདམ་རྒྱལ་སྤྱིའི་རྩེར་སོན་ཡུལ་སྐོར་མཛེས་ལྗོངས་ཀྱི་ལམ་ཐིག་སྒྱུར་བཀོད་རིམ་སྤོར་བྱ་ཚུལ་དང་། གནམ་འོག་གི་རྨ་ཁུག་དང་བོའི་ཡུལ་སྐོར་ཡུལ་སྲོལ་ལམ་ཐིག་སྒྱུར་བཀོད་རིམ་སྤོར་བྱས་ཚུལ་ལ་ལྟ་སྦྱོང་བྱས་ཏེ། བཟང་བོར་བསྟོད་པ་དང་གནད་དོན་ལ་བསམ་འཆར་གང་ལེགས་བཏོན།
    ཡུས་ཁྲིན་ཧུའེ་ཡིས་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཞིང་སྡེ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། རིག་གནས་ཡུལ་སྐོར“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ། “གནོད་མེད་ལྔའི་ཀན་ལྷོ”གསར་གཏོད་སོགས་གཙོ་གནད་ལས་འགན་དོན་འཁྱོལ་ཐུབ་པ་བྱ་དགོས་ལ། ཡུལ་སྐོར་དཔེ་སྟོན་སྡེ་བ་བསྐྲུན་པའི་ཁྲོད་མཛེས་ལྗོངས་ཁུལ་ཆེན་པོ་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ་ཀན་ལྷོའི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱས་ཏེ། སྤྱི་ཡོངས་ཀྱི་ཇུས་འགོད་དང་ཉེ་འཁོར་གྱི་རང་བྱུང་མཛེས་ལྗོངས་མཉམ་འདྲེས་དང་ཕན་ཚུན་འོད་མདངས་འཚེར་ཐུབ་པ་བྱས་ནས། ཉིན་མོ་མཛེས་ལྗོངས་ཤིག་དང་དགོང་མོ་མཛེས་ལྗོངས་ཤིག་གི་ཐོག་ནས་ཡུལ་སྐོར་བས་རང་བྱུང་མཛེས་ལྗོངས་མྱོང་རོལ་བྱེད་པའི་ཁྲོད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་དངོས་འབྲེལ་མྱོང་རོལ་ཐུབ་པ་བྱ་དགོས། ཧུར་ཐག་སྒོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་སྔོན་སྐྱོད་པ་དང་སྣེ་ཁྲིད་པ་བྱས་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནོན་བཙན་ས་བཟུང་སྟེ་ཁོར་ཡུག་གསར་བརྗེའི་རིམ་སྤོར་བྱེད་པར་གཞི་བཏོད་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཞིང་སྡེ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།