中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པ་ཚོགས་འགོ་ཚུགས་པ།
དུས་ཚོད།2021-07-15 09:27:15     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 8ཉིན་གྱི་སྔ་དྲོར། “སྒོ་དབྱེ་དང་གསར་གཏོད། མཉམ་ལས། འཕེལ་རྒྱས”བཅས་དམིགས་ཡུལ་དུ་བྱས་ཏེ“དཔལ་འབྱོར་ཉོ་ཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ལྗང་མདོག་དར་གོས་ལམ་བུ་ཐུན་མོང་ཐོག་འཛུགས་པ”ཞེས་པ་བརྗོད་དོན་གཙོ་བོ་བྱས་པའི་ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བདུན་པ་ལན་ཀྲོའུ་རུ་ཚོགས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཝུའུ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་བསང་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲང་ཀྲི་ཧུང་། ཁུལ་དཔོན་གཞོན་པ་དབྱང་ཀྲེན་ལིན་སོགས་ཀྱིས་ཀན་ལྷོའི་འགྲེམ་ཁང་ལ་ལྟ་སྐོར་བྱས་ནས་རང་ཁུལ་གྱི་ཁེ་ལས་འགྲེམ་ཞུགས་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས།
    ཐེངས་འདིའི་ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་ནི་རང་ཁུལ་གྱི་ཨ་མདོ་ཚོགས་པ་འཐུས་ཚབ་བྱས་པའི་སྣེ་འདྲེན་ཁེ་ལས 30ཙམ་ཡོད་པ་དང་། དེའི་ནང་རིག་གནས་ཡུལ་སྐོར་དང་ནོར་གནག་གི་འོ་རྫས་རིགས་དང་ཤ་རིགས་ལས་སྣོན་ཞིབ་ཚགས། བོད་སྨན། བདེ་སྲུང་ཐོན་རྫསནས་ཆང་སོགས་ཚུད་པའི་ཐོན་རྫས་སྣ་ཁ 300ལྷག་ཡོད། རང་ཁུལ་གྱི་འགྲེམ་ཞུགས་ཁེ་ལས་ཀྱིས་སྲིད་གཞུང་གི་སྣེ་ཁྲིད་དང་ཚོང་འགུགས་སྡེ་ཚན་གྱི་མཐུན་སྦྱོར་འོག་སྔོན་ནས་ལས་འགོ་ཚུགས་པ་དང་འགྲེམ་ཁང་བཀོད་སྒྲིག འགྲེམ་སྟོན་ཐོན་རྫས་ལེགས་འདེམས་བྱེད་པ་སོགས་དུས་འགོའི་གྲ་སྒྲིག་བྱ་བ་འབོར་ཆེན་བསྒྲུབས་ཡོད།
    ཀན་སུའུ་ཧྭ་ལིན་འོ་མའི་ཐོན་རྫས་མ་རྐང་ཚད་ཡོད་ཀུང་སིའི་གཉེར་ཚོང་སྤྱི་ཁྱབ་ལྟ་ཞིབ་པ་གཞོན་པ་ལིའུ་ཅན་གོ་ཡིས་ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་འདུ་ཚོགས་བརྒྱུད་དེ་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་གཉིས་ཀྱིས་ཁྱོན་ཡོངས་ནས་ཚོང་འགུགས་བྱས་ཏེ་རོང་འབྲོག་པར་ཕན་ཐོགས་པར་འབད་རྒྱུ་ཡིན་ཞིང་། ཀན་ལྷོའི་ནོར་གནག་གི་འོ་མའི་ཐོན་རྫས་ཚང་མ་སྤུས་རྟགས་གཏོད་རྒྱུ་ཡིན་ཞེས་བཤད།
    འབྲུག་ཆུ་རྫོང་བོད་ཡུལ་ཝུན་ཏང་སྦྲང་གསོ་ལས་རིགས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཞུའེ་ཁྲེང་ཧྭ་ཡིས“ང་ཚོས་ཝུན་ཏང་ཡུལ་ཐོན་སྦྲང་རྩི་དང་མེ་ཏོག་སྣ་བརྒྱའི་སྦྲང་རྩི། ལག་ཤེས་སྦྲང་རྩི་བཅས་འཁྱེར་ནས་ཡོང་ཡོད། ལན་ཀྲོའུ་དཔལ་འབྱོར་ཉོ་ཚོང་ངོ་འཕྲད་གྲོས་མོལ་ཚོགས་འདུ་བརྒྱུད་དེ་ཀན་ལྷོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀན་སུའུ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐྱོད་རྒྱུའི་རེ་བ་ཡོད”ཅེས་བཤད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།