中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་གྱི 2021ལོའི་སྤྱིའི་ཆུ་དཔོན་དང་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་ཚོགས་པ། ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
དུས་ཚོད།2021-07-15 09:28:45     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 7པའི་ཚེས 7ཉིན་ལ། ཀན་ལྷོ་ཁུལ་གྱི 2021ལོའི་སྤྱིའི་ཆུ་དཔོན་དང་སྡེ་ཁག་གི་མཉམ་འབྲེལ་གྲོས་ཚོགས་གཙོས་སུ་ཚོགས།
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི། ཁུལ་རིམ་པའི་སྤྱིའི་ཆུ་དཔོན་ཡུས་ཁྲིན་ཧུའེ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་རིམ་པའི་སྤྱིའི་ཆུ་དཔོན་ཀྲའོ་ལིན་ཡུན་གྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་རིམ་པའི་མཚེའུ་དཔོན་དབྱང་ཝུའུ་དང་། ཁུལ་ཨུའི་རྒྱུན་ཨུའམ་གཙོས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་རིམ་པའི་སྤྱིའི་ཆུ་དཔོན་ལིའུ་ཡུང་ཀོ ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་བསང་ཆུ་རྫོང་གི་རྫོང་དཔོན། རྫོང་རིམ་པའི་སྤྱིའི་ཆུ་དཔོན་ཀྲང་ཀྲི་ཧུང་། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི། རྫོང་རིམ་པའི་སྤྱིའི་ཆུ་དཔོན་ཅའོ་ཝུའེ་ཀྲུང་། ཁུལ་དཔོན་གཞོན་པའམ་ཁུལ་རིམ་པའི་མཚེའུ་དཔོན་ཝང་ཅན་ཅུན། ཁུལ་དཔོན་གཞོན་པའམ་འབྲུག་ཆུ་རྫོང་གི་རྫོང་དཔོན། རྫོང་རིམ་པའི་སྤྱིའི་ཆུ་དཔོན་ཀུའོ་ཙི་ཝུན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ལིན་ཐན་རྫོང་ཨུའི་ཧྲུའུ་ཅི། རྫོང་རིམ་པའི་སྤྱིའི་ཆུ་དཔོན་ཀའོ་ཞའོ་ཏུང་། ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལུའུ་དབྱི། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཧྲི་ཀྲུང་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་སུ་ཡིག་ཐོག་ནས་ཀན་ལྷོ་ཁུལ་གྱི་སྤྱིའི་ཆུ་དཔོན་གྱི་བཀའ་རྒྱ་ཨང 2པ་དང་ཨང 3པ་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི 2020ལོའི་ཆུ་དཔོན་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བ་དོན་འཁྱོལ་དང་དཔྱད་ཞིབ་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་དང་ཁུལ་ཆུ་དོན་ཅུས། གཙོས་གྲོང་ཁྱེར། བསང་ཆུ་རྫོང་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བས་གཏམ་བཤད་སྤེལ་རེས་བྱས།
    ཡུས་ཁྲིན་ཧུའེ་ཡིས་འགན་འཁྲི་དོན་འཁྱོལ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། རིམ་པ་སོ་སོའི་འབྲེལ་ཡོད་སྡེ་ཁག་གིས་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་དེ་ལས་འགན་ཞིག་དང་དམིགས་ཚད་ཅིག ཚོད་འཛིན་ཞིག་ཏུ་བརྩིས་ཏེ་སྔར་ལས་དོ་དམ་དང་སྲུང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། འགན་སེམས་ཆེར་བསྐྱེད་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་བརྒྱུད་རིམ་རང་བཞིན་དང་མཐུན་སྦྱོར་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་གཞོགས་འདེགས་མཉམ་འདུས། སྟོབས་ཤུགས་མཉམ་སྒྲིལ། ལག་ལེན་དོན་འཁྱོལ་ཡོང་བ་དམ་འཛིན་བྱ་དགོས་ཤིང་། “ཆུ་དཔོན+ཞིབ་དཔྱོད་འགོ་གཙོ”དང“ཆུ་དཔོན+ཉེན་རྟོག་འགོ་གཙོ”སོགས་ཀྱི་བྱེད་ཐབས་ལག་བསྟར་ཡག་པོ་བྱས་ནས། སྲིད་འཛིན་ཁྲིམས་འཛིན་དང་ཉེས་དོན་ཁྲིམས་འཛིན་གྱི“བཅའ་ཁྲིམས་གཉིས”འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་སྟེ། ཆུའི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ “བཟོད་སྒོམ་གཏན་ནས་མི་བྱེད་པ”དང“རྡུང་རྡེག་ནན་པོ་གཏོང་བ”བྱ་དགོས། ལྟ་སྐུལ་རྩིས་བཤེར་དང་དཔྱད་ཞིབ་གདེང་འཇོག འགན་འཁྲི་བདའ་འདེད། དྲང་ཕྱོགས་ལ་སྐུལ་འདེད་དང་དམིགས་ཚད་འཛུགས་པ་བཅས་ལ་སྔར་བས་ཤུགས་བསྣན་ཏེ་བླང་བྱ་ནན་མོ་འདོན་དགོས།  དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་དམར་འདོན་ཆད་གཅོད་བསླབ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས། རིམ་པ་སོ་སོ་དང་ཕྱོགས་སོ་སོས་དངོས་འཛིན་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བྱ་རྒྱུར་ཁྲིད་སྟོན་དང་ལྟ་སྐུལ་བྱེད་པ་དང་། ཆུ་བོ་དང་མཚེའུ་དོ་དམ་སྲུང་སྐྱོང་གི་བྱ་བར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་ཁུར་ཕོད་པའི་ཀན་ལྷོའི་རྣམ་པ་མངོན་དགོས་ཞེས་ནན་གྱིས་བསྟན།
    ཀྲའོ་ལིན་ཡུན་གྱིས་དངོས་ཐོག་བདེན་འཚོལ་གྱི་འགན་འཁྲི་དོན་འཁྱོལ་དང་གཙོ་གནད་ལ་དམ་པོར་དམིགས་ཏེ། རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་དོན་འཁྱོལ་དམ་འཛིན་བྱ་དགོས། དེང་སྐབས་ནི་ཆུ་ལོག་དང་ཞོད་སྐྱོན་འབྱུང་མང་་བའི་དུས་ཡིན་པས། ཆུ་བོ་དང་མཚེའུ་དཔོན་རིམ་པ་དང་འགན་འཁྲི་ཁུར་བའི་སྡེ་ཚན་སོ་སོས་རང་རྟོགས་ཀྱིས་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པའི་བྱ་བ་དང་འབྲུབ་ཆུ་འགོག་པའི་བྱ་བ་དང་ཟུང་འབྲེལ་བྱས་ནས། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་དང་། ཆུ་ལོག་གི་གནོད་འཚེ་ཐོན་སླ་བའི་ས་ཁུལ་དང་གྲོང་ཁྱེར་གྱི་གཤོང་སའི་ཁུལ་སོགས་མངོན་མེད་རྐྱེན་ངན་གྱི་གནས་ལ་དམ་པོར་དམིགས་ནས་སྐོར་ཞིབ་གྲལ་བཤེར་བྱ་རྒྱུར་ཤུགས་བསྣན་ཏེ། སྔོན་དཔག་ཉེན་ཟོན་དང་གྲལ་བཤེར་བཅོས་སྐྱོང་། མངོན་མེད་རྐྱེན་ངན་སྒྲིག་བཅོས་ ཉེན་སེལ་བཀོད་སྒྲིག ཉེན་ཟོན་རོགས་སྐྱོབ། གེགས་སེལ་རོགས་སྐྱོབ་སོགས་ཀྱི་དོགས་ཟོན་དང་ཁ་གཏད་དུ་ཡོད་པའི་བྱ་བ་ཁག་ཡག་པོ་བསྒྲུབས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་བྱ་དགོས་ཞེས་པའི་བླང་བྱ་ནན་མོ་བཏོན།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།