中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། བསང་ཆུ་རྫོང་གི་མཛེས་སྡུག་ལྡན་ཞིང་འཚོ་སྡོད་ལ་འཚམ་པའི་ཁྱད་ལྡན་གྲོང་རྡལ་ཆུང་བར་འགྱུར་ལྡོག་གསར་བ་བྱུང་བ།
དུས་ཚོད།2021-09-13 10:32:17     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་སྟེ། བསང་ཆུ་རྫོང་གིས་ཞིང་སྡེ་དར་རྒྱས་དང་རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭ སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་བཅས་ཁྲིད་སྟོན་དུ་བཟུང་བ་དང་། “རང་བྱུང་ཁམས་དང་མཉམ་འདྲེས་བྱེད་པ་དང་རང་བྱུང་ཁམས་ལ་བརྩི་འཇོག་བྱེད་པ། རང་བྱུང་ཁམས་དང་བསྟུན་ཐབས་བྱེད་པ”བཅས་རྩ་དོན་དུ་བཟུང་ཞིང་། “ལས་ཞུགས་ལ་འཚམ་པ་དང་འཚོ་སྡོད་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ”བཅས་ལྟེ་བར་བཟུང་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིག་གནས་སྔོག་འདོན་བྱེད་པར་མཐོང་ཆེན་བྱས་པ་དང་། ས་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཏེ་སྡོད་ཁང་བསྒྱུར་བཀོད་བྱེད་པ་དང་ཟུང་འབྲེལ་བྱས་ནས། བསང་ཁོག་གྲོང་རྡལ་གྱི་གྲོང་མིའི་སྡོད་ཁང་དང་ རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་བསྒྱུར་བཀོད་རིམ་སྤོར་བྱས་ཏེ“བཟའ་བཏུང་དང་ཞག་འདུག འགྲོ་སྐྱོད། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད”བཅས་གཞི་གཅིག་ཅན་གྱི་མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་ཁྱད་ཆོས། མི་རིགས་ཀྱི་འདུ་ཤེས་བཅས་དང་འཚམ་པ་དང་། དམངས་སྲོལ་རིག་གནས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཁྱད་ལྡན་གྲོང་རྡལ་ཆུང་བ་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱས།
    བསང་ཁོག་ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར 3.2གཏོང་བ་ཇུས་འགོད་བྱས་ནས་ཁྱིམ་ཚང 300ཡི་ཁང་རྙིང་བཤིག་ནས་ཁང་མིག་རེར་སྨི་གྲུ་བཞི་མ 35ནས་སྨི་གྲུ་བཞི་མ 236བར་གྱི་ཁང་མིག 4ཅན་གྱི་སྡོད་ཁང་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལས་གཞི་དེ་ཁག་གཉིས་སུ་བགོས་ནས་ལག་བསྟར་བྱས་ཤིང་། གཙོ་བོ་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་ཁུལ་དང་རིག་གནས་ཡུལ་སྐོར་ཚོང་ལས་ཁུལ། བོད་རིགས་ཤང་གི་འཚོ་བ་ཉམས་ལེན་ཁུལ། རྩྭ་ཐང་གི་བརྗོད་དོན་གཙོ་བོའི་གུང་གསེང་མགྲོན་ཁང་ཁུལ། སྤྲོ་སྐྱིད་ལྡན་པའི་རྩྭ་ཐང་སྤྲོ་གསེང་ཁུལ་བཅས་ཁུལ་ཆེན་པོ 5ཡིས་གྲུབ་ཡོད། མིག་སྔར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཞུང་ལམ་གཙོ་བོ་དང་ཆུ་འདོན་སྦུག་ལམ་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་། གློག་ཤུགས་ཀྱི་ལམ་ཐིག་བསྒྱུར་བཀོད་དང་རླངས་འཁོར་འཇོག་ས། འཇུག་སྒོ་ཐང་ཆེན་བཅས་ལ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
    དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་ཞིང་སྡེ་དར་རྒྱས་གཏོང་བ་ཕན་ནུས་ལྡན་པའི་ངང་འབྲེལ་མཐུད་བྱེད་པའི་ལོ་རྒྱུས་ཀྱི་འགོ་ཚུགས་སར་ལངས་ཏེ། བསང་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བློ་ཞིབ་མོས་ཇུས་འགོད་བྱས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་གཏིང་ཟབ་བྱས་ནས་བསང་ཁོག་ཁྱད་ལྡན་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་ནན་མོ་བྱས་ཏེ། སྔར་ལས་ལྷག་པར་དུ་བསང་ཁོག་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་མཚན་སྙན་ཆེ་རུ་བཏང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་མིང་བྱང་གསར་བ་བཏོད་ནས་འཚོ་སྡོད་ལ་འཚམ་པ་དང་ལས་ཞུགས་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཞིང་སྡེ་འཛུགས་སྐྲུན་བྱས་པས། བསང་ཁོག་རྩྭ་ཐང་དུ་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། བསང་ཁོག་ཁྱད་ལྡན་གྲོང་རྡལ་ཆུང་བ་ལ་བསང་ཁོག་རྩྭ་ཐང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡིད་དབང་འཕྲོག་ཤུགས་སྔར་བས་ལྡན་པར་བྱས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།