中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2021-09-13 10:37:08     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ༄༅།། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཨུ་ཡོན་ནམ་ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཝུའེ་ཕིང་གིས་རྟོག་ཞིབ་ཚོ་ཆུང་གི་སྣེ་ཁྲིད་དེ་རང་ཁུལ་གྱི་སྡེ་ཁུལ་རྒན་གསོའི་ཞབས་ཞུའི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
    ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཧུང་གིས་བཞུགས་མོལ་ཚོགས་འདུའི་གཙོ་འགན་ཁུར།
    བཞུགས་མོལ་ཚོགས་འདུའི་ཐོག་ལི་ཝེ་ཕིང་གིས་སྲིད་གཞུང་གི་འགན་འཁྲི་ནན་དུ་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཀན་ལྷོའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། གསར་གཏོད་རང་བཞིན་གྱི་བྱ་བ་སྤེལ་བ་བཅས་བྱས་ནས་རྒན་རྒོན་ཚོའི་ཚེ་མཇུག་གི་བདེ་སྐྱིད་ཚོར་སེམས་དང་བདེ་འཇགས་ཚོར་སེམས། ཐོབ་ཚོར་བཅས་རྒྱུན་མི་ཆད་པར་སྐོང་ཐུབ་པ་བྱ་དགོས་པ་དང་། གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་བྱ་བ་ལ་དོ་ཁུར་མང་ཙམ་བྱས་ནས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་བྱ་བ་ཏན་ཏིག་གིས་བསྒྲུབ་དགོས་ཞེས་བསྟན།།
    ༄༅།། ཟླ 9བའི་ཚེས 3ཉིན་ནས་ཚེས 4ཉིན་བར་ལ། ཀྲུང་གོ་མཚོ་སྣུམ་ཚོགས་པ་ཀུང་སིའི་ཏང་ཙུའུ་ཡི་ཁོངས་མིའམ་སྤྱི་ཁྱབ་ཅིན་ལི་གཞོན་པ་ཁྲིན་པི་ཡིས་རྟོག་ཞིབ་ཚོ་ཆུང་གི་སྣེ་ཁྲིད་དེ་རང་ཁུལ་གྱི་ཞིང་སྡེ་དར་རྒྱས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གནས་གཏན་འཁེལ་གྱི་རོགས་སྐྱོར་བཅས་ཀྱི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས།
    ཁུལ་དཔོན་གཞོན་པ་ཀུའོ་ཙི་ཝུན་གྱིས་ལྷན་དུ་རྟོག་ཞིབ་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུའི་གཙོ་འགན་ཁུར།
    རྟོག་ཞིབ་ཚོ་ཆུང་གི་སྔ་རྗེས་སུ་གཙོས་གྲོང་ཁྱེར་ཀླུ་ཤོད་གྲོང་རྡལ་མ་མོ་སུམ་སྣ་སྡེ་བ་དང་། ལིན་ཐན་རྫོང་འགོ་ནང་ཐང་གྲོང་རྡལ་གྱི་ཞིང་སྡེ་དར་རྒྱས་འཆད་ཁྲིད་ཁང་ཆེན་མོ། ཁྲི་ཀོའུ་སྡེ་བ། བསང་ཆུ་རྫོང་རྒན་གྱའི་བྲག་དཀར་མཛེས་ལྗོངས་ཁུལ། རྒན་གྱའི་སྐྱེ་ཁམས་སྒར་ཁུལ་སོགས་སུ་སོང་ནས་རང་ཁུལ་གྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་དང་ད་ལྟའི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས།
    ཁྲིན་པི་ཡིས་ཀྲུང་གོ་མཚོ་སྣུམ་ཀུང་སིས་སྔར་བཞིན་རོགས་སྐྱོར་བྱ་བ་བཟང་བོ་བསྒྲུབ་རྒྱུ་ཡིན་ཞེས་བསྟན།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།