中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།
དུས་ཚོད།2021-09-13 10:45:54     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སུ་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཐུན་མོང་ཕྱུག་འགྱུར་དང་བཅོས་སྒྱུར་ཟབ་སྤེལ། ཏང་གི་ཆབ་སྲིད་ལེགས་སྐྱོང་སོགས་ཀྱི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཁུལ་ཨུའི་རྒྱུན་ཨུའི་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བ། ཀྲུང་དབྱང་ཕྱོགས་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ། ཀྲུང་དབྱང་ཏང་གི་སློབ་གྲྭ (རྒྱལ་ཁབ་སྲིད་འཛིན་སློབ་གླིང)ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཐུན་མོང་ཐོག་ཕྱུག་འགྱུར་དང་བཅོས་སྒྱུར་ཟབ་སྤེལ། ཏང་གི་ཆབ་སྲིད་ལེགས་སྐྱོང་སོགས་ཀྱི་བྱ་བ་བཀོད་སྒྲིག་བྱས།
    གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སུ་གནང་བའི་གསུང་བཤད་གལ་ཆེན་གྱིས། དུས་རབས་གསར་བའི་མི་རིགས་བྱ་བ་ཐད་དར་ཆ་གང་འདྲ་ཞིག་སྒྲེང་བ་དང་ལམ་བུ་གང་འདྲ་ཞིག་ཏུ་བསྐྱོད་རྒྱུ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་པ་དང་། ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་་ཀྱི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་བཅས་ཤུགས་ཆེན་ལྡན་པས། ང་ཚོས་དུས་རབས་གསར་བའི་ཏང་གི་མི་རིགས་བྱ་བ་བཟང་བོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གིས་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་པར་སློབ་སྦྱོང་ནན་ཏན་བྱས་ཏེ། “དགོས་ངེས་བཅུ་གཉིས”ཀྱི་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “ལྡོག་ཏུ་མེད་པ་བཞིར”ངོས་འཛིན་ཡང་དག་བྱེད་པ། “ཆ་བཞིའི་འབྲེལ་བ”ཁོང་ཆུད་ཡང་དག་བྱེད་པ།“བླང་བྱ་ཁག་དྲུག”ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་བྱས་ནས། ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྗིད་ཆེའི་སྟོབས་ཤུགས་གཅིག་ཏུ་འགྲིལ་དགོས་པ་དང་། བསམ་བློ་རྩ་བར་འཛིན་པ་དང་འཕེལ་རྒྱས་གཙོ་བོར་འཛིན་པ། མཐུན་སྒྲིལ་གཙོ་བོར་འཛིན་པ། ཁྲིམས་སྐྱོང་རྨང་གཞིར་འཛིན་པ། བདེ་འཇགས་གཙོ་བོར་འཛིན་པ། ཏང་ལེགས་སྐྱོང་བླ་སྲོག་ཏུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ནས། མི་རིགས་སོ་སོའི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ལ། མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ། མི་རིགས་བྱ་བ་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཆེན་པོ་འགོག་ཟོན་བྱེད་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། དུས་རབས་གསར་བའི་ཀན་ལྷོའི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ཞེས་བསྟན།
     གྲོས་ཚོགས་ཀྱིས་རིམ་པ་སོ་སོའི་ཡིག་ཚགས་སྡེ་ཁག་གིས“ཏང་ལ་དོ་དམ་དང་རྒྱལ་དོན་ལོ་རྒྱུས་སྲུང་བ། མི་དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་བསམ་བློ་བརྟན་པོ་བཙུགས་ནས་ཡིག་ཚགས་ཀྱི་ཐོན་ཁུངས་དང་བེད་སྤྱོད། བདེ་འཇགས། བཅོས་སྐྱོང་བཅས་ཀྱི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཡིག་ཚགས་བྱ་བའི་ཁྲིམས་སྐྱོང་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས། རྒྱ་ཆེའི་གཞོན་ནུ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོ་ངེས་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་གཤིས་རྒྱུད་ལ་ཞུན་བརྡར་བྱེད་པ། འཇོན་ཐང་སྦྱོང་བརྡར་བྱེད་པ། རང་འགུལ་ངང་བྱས་རྗེས་འཇོག་པ་བཅས་བྱས་ནས་ནུས་པ་ཆེན་པོ་འདོན་ཐུབ་པ་དང་ལས་འགན་ལྕི་མོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་ཧུར་ཐག་གིས་འགྱུར་བ་བྱས་ཏེ་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་བསྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་བའི་ཐོག་འབད་འཐབ་དང་བྱས་རྗེས་འཇོག་དགོས་པའི་བླང་བྱ་བཏོན།
    གྲོས་ཚོགས་ཀྱིས་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།
    ཁུལ་ཨུའི་རྒྱུན་ཨུ་དབྱང་ཝུའུ་དང་ཧྲི་ཡོན་ཧྥུན། ལུའེ་ཀྲེ་ཅུན། མ་ཡིའུ་ཞིན། མ་ཡུས་བཅས་གྲོས་ཚོགས་སུ་ཞུགས་པ་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་བཀྲ་ཤིས་འཚོ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ། ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལུའུ་དབྱི་གྲོས་ཚོགས་སུ་ཟུར་ཞུགས་བྱས་པ་དང་ཁུལ་དཔོན་གཞོན་པ་ལིའང་ཝེ་ཅི་འབྲེལ་ཡོད་གྲོས་གཞིར་གྲོས་བསྡུར་བྱེད་པར་ཟུར་ཞུགས་བྱས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།