中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་རྐྱང་ཐང་མཚོའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ལས་གཞི་ལས་འགོ་ཚུགས་
དུས་ཚོད།2021-09-28 16:33:53     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ9བའི་ཚེས19ཉིན་ལ།མ་དངུལ་སྒོར་དུང་ཕྱུར 2.49བཏང་བའི་མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་རྐྱང་ཐང་མཚོའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་གྱི་ལས་གཞི་ལས་འགོ་ཚུགས་པའི་མཛད་སྒོ་སྤེལ།
   ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་མ་ཟད། ལས་འགོ་ཚུགས་པ་ཁྱབ་བསྒྲགས་བྱས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་ཙའོ་ལུང་བཅས་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས།
   མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་རྐྱང་ཐང་མཚོ་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་འཛུགས་སྐྲུན་གྱི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར 1.99བཏང་བའི་མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་གསར་གཏོད་དཔེ་སྟོན་ཁུལ་གྱི་ལས་གཞི་དང་གསར་དུ་བཙུགས་པའི་སྐྱེ་ཁམས་དཔལ་ཡོན་གྱི་འགྲེམ་སྟོན་ཁང་གཅིག སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི 1.4ཡོད། རྐྱང་ཐང་མཚོའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞིར་བསྡོམས་པས་མ་དངུལ་སྒོར་ཁྲི 4999བཏང་ཞིང་། ཁྱད་ཆོས་ལྡན་པའི་སྡོད་དམངས་ཀྱི་སྡོད་ཁང 38སྒྱུར་བཀོད་བྱ་རྒྱུར་སྤྱད་པ་དང་སྒྱུར་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི 9964.84དང་དེ་མིན་མ་ལག་ཆ་ཚང་བའི་རྨང་གཞིའི་སྒྲིག་བཀོད་སོགས་ཡོད། ལས་གཞི་ནི་མཚོ་བོད་ས་མཐོའི་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་ནས་ཀླུ་ཆུ་རྫོང་གི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་ཉིན་གྲོང་རྡལ་སྤྱིའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དང་དམངས་འཚོ་བདེ་སྐྱིད་ཡོང་བའི་གསར་གཏོད་གལ་ཆེན་ཞིག་ཡིན།
   ཀྲུང་གོ་འཛུགས་སྐྲུན་ཚོགས་པའི་འགན་ཁུར་བ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ། ཀླུ་ཆུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི། ཨར་ལས་མི་སྣ་སོགས་བསྡོམས་པས་མི 350ལྷག་ལས་འགོ་ཚུགས་པའི་མཛད་སྒོར་ཞུགས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།