中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚན་ཆུང་ལྔ་བས་ཀན་ལྷོ་ཁུལ་ལ་ལྟ་ཞིབ་གནས་ཚུལ་ཕྱིར་ལྡོག་བྱས་པ།
དུས་ཚོད།2021-09-28 16:37:02     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ 2021ལོའི་ཟླ 7པའི་ཚེས 7ཉིན་ནས་ཟླ 7པའི་ཚེས 26ཉིན་གྱི་བར། ཀན་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་བས་ཀན་ལྷོ་ཁུལ་དུ་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱས་པ་མ་ཟད། དེ་མིན་ཆུ་བོ་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས་ཏེ་ལྟ་ཞིབ་སྙན་ཞུ་བྲིས་ནས 2021ལོའི་ཟླ 9བའི་ཚེས 16ཉིན་ལ་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ཕྱིར་ལྡོག་བྱས།
   ཕྱིར་ལྡོག་གྲོས་ཚོགས་སུ། ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་ལིའང་ཞི་མིང་གིས་ལྟ་ཞིབ་བྱས་པའི་བསམ་འཆར་ཕྱིར་ལྡོག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་གཏམ་བཤད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར། ལྟ་ཞིབ་ཚན་ཆུང་གི་ཚན་གཙོ་གཞོན་པ་ཝང་ཧོ་དང་། ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན། དེ་མིན་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།
    ལྟ་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་པ། ནུས་ཤུགས་ཡོད་རྒུས“སྐྱེ་ཁམས་ཁུལ་འཛུགས”ཀྱི་འཐབ་ཇུས་ལག་ལེན་བྱས་ནས་ས་ཁོངས་ཁོར་ཡུག་ཇེ་ལེགས་སུ་སོང་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བར་འཕེལ་རྒྱས་དང་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པར་འདོད།
   ལྟ་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་ཁུལ་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསབ་སྤྲོད་ཁུལ་དང་རྒྱུག་ཆུའི་བཞུར་རྒྱུན་ཁུལ་ཆེ་ཤོས་ཡིན་ལ། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་རང་བྱུང་སྒྲིབ་དངོས་གལ་ཆེན་ཞིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་སྟེང་ལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཞན་པ་དང་རྩྭ་ཐང་སྲུང་སྐྱོང་གི་གནོན་ཤུགས་ཆེ་བ། གཏེར་རི་སླར་གསོ་བཅོས་སྐྱོང་བྱེད་དཀའ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་དང་རྒྱ་ཆེའི་མང་ཚོགས་ཀྱི་རེ་སྒུག་དང་ད་དུང་ཧེ་བག་ཆེན་པོ་ཡོད། གནས་པའི་གནད་དོན་གཙོ་བོ་ནི། གཅིག་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱ་རྒྱུར་ཧེ་བག་ཡོད་པ་དང་། གཉིས་ནི་སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་གཙོ་གནད་ལས་འགན་དོན་འཁྱོལ་བྱས་པར་ཞན་ཆ་ཡོད་པ། གསུམ་ནི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་དག་ཐེར་གྱི་འཕེལ་རིམ་རྗེས་ལུས་ཡིན་པ། བཞི་ནི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་པར་གནད་འགག་གི་ཞན་ཆ་ཡོད་པ།
    ལྟ་ཞིབ་ཚན་ཆུང་གིས་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས《ཀན་སུའུ་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བྱ་བའི་ལག་བསྟར་ཞིབ་སྲོལ》དང་ལྟ་ཞིབ་སྙན་ཞུའི་བླང་བྱ་གཞིར་བཟུང་ནས་བྱ་བའི་ཉིན 30ཡི་ནང་སྒྲིག་བཅོས་ཇུས་གཞི་བཟོ་བ་དང་ཟླ 6གི་ནང་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ཆགས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་སྙན་ཞུ་ཕུལ་དགོས་པ་མ་ཟད་དུས་ཐོག་ཏུ་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་བརྒྱུད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས་ཞེས་ནན་གྱིས་བསྟན།
    ལྟ་ཞིབ་ཚན་ཆུང་གིས་ད་དུང་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་ཕོག་པའི་འགན་འཁྲི་བདའ་འདེད་གནད་དོན་གྱི་ཁུངས་སྣེ་རྩིས་སྤྲད་དེ་བརྟག་དཔྱད་ནན་ཏན་དང་ཐག་གཅོད་ནན་མོ་བྱེད་པ་དང་། འགན་འཁྲི་རྩད་གཅོད་མཇུག་འབྲས་དེ་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱ་དགོས་པའི་བླང་བྱ་བཏོན།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།