中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཅོ་ནེ་རྫོང་རྣ་ལུང་གྲོང་རྡལ་གྱི་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ།
དུས་ཚོད།2021-09-29 10:56:56     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)“ལེ་བར་བརྒྱ་ཡི་ཀླུ་ཆུའི་ཡུལ་སྲོལ་གོམས་གཤིས་ལམ་ཐིག”གི་ཤར་སྣེ་རུ་གནས་པའི་ཅོ་ནེ་རྫོང་རྣ་ལུང་གྲོང་རྡལ་སུ་རུ་ནང་སྡེ་བ་རུ་ཡུལ་སྐོར་དུ་ཡོང་མཁན་ཧ་ཅང་མང་བོ་འདུག
    ཉེ་བའི་ལོ་འགའི་རིང་། ཅོ་ནེ་རྫོང་རྣ་ལུང་གྲོང་རྡལ་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས“སྐྱེ་ཁམས་སྔོན་ལ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ། མང་ཚོགས་ཕྱུག་འགྱུར་དང་གྲོང་རྡལ་དར་རྒྱས་གཏོང་བ”བཅས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ས་བབ་དང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཁྱད་ལྡན་ཞིང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་བཏང་ཞིང་། ཕྱོགས་ཡོངས་ནས་ཞིང་སྡེ་དར་རྒྱས་སུ་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་བཏོད།
    རྣ་ལུང་གྲོང་རྡལ་སུ་རུ་ནང་སྡེ་བ་རུ་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། བོད་ཁྱིམ་སྤྲོ་སྐྱིད་ཁང་། སྤུས་ལེགས་དམངས་ཁྱིམ་མགྲོན་ཁང་སོགས་ཧུར་ཐག་སྒོས་འཛུགས་སྐྲུན་བྱས་ཤིང་། རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི”ཡི་ལས་གྲྭའི་གོ་སྐབས་དམ་འཛིན་བྱས་ནས་རིག་གནས་མྱོང་རོལ་དང་སྤྲོ་གསེང་ངལ་གསོ། དམངས་ཁྲོད་ཟས་རིགས། སྔོ་ཚལ་ཐོགས་པ་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་སྡེའི་རིག་གནས་ཡུལ་སྐོར་གྱི་དཔེ་སྟོན་སྡེ་བ་རུ་འཛུགས་སྐྲུན་བྱས།
    རྣ་ལུང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བ་དང་སྡེ་བའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཡིས་སྡེ་བའི་ནང་གི་ཏང་ཡོན་རྣམས་ཀྱི་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་སློང་བྱས་ཏེ། ཁོ་ཚོ་ས་ཆ་གཞན་གྱི་ཚད་ལྡན་ཅན་གྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དུ་ལྟ་སྐོར་དུ་ཁྲིད་ནས་གསོ་སྦྱོང་ལ་ཞུགས་སུ་བཅུག་པ་མ་ཟད། ད་དུང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པས་འཛུགས་སྐྲུན་བྱེད་རོགས་ཀྱང་བྱས་པ་རེད།
    རྣ་ལུང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་མ་དངུལ་སྣ་ཚོགས་བསྡུ་སྒྲིག་བྱས་ཏེ། སུ་རུ་ནང་སྡེ་བ་རུ་ཞིང་སྡེའི་ཁྱད་ཆོས་ལྡན་ལ། བོད་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་སྡེ་བའི་རྣམ་པ་བསྒྱུར་བཀོད་དང་། རིག་གནས་འགྲེམ་སྟོན་གྱི་གྱང་དང་ཡུལ་ལྗོངས་སྒོ་ཆེན། ཡུལ་ལྗོངས་ཁྱམས་རིང་། ཡུལ་སྐོར་སྣེ་ལེན་ལྟེ་གནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་གྲྭ་རབ་དང་རིམ་པ་ལག་བསྟར་བྱས་ནས་སྡེ་བ་དེ་ཕྱི་ཕྱོགས་སུ་ཀན་ལྷོའི་བོད་ཀྱི་རིག་གནས་འགྲེམ་སྟོན་བྱེད་པའི“སྐར་ཁུང”ལྟ་བུ་ཞིག་ཏུ་འཛུགས་སྐྲུན་བྱས།
    མིག་སྔའི་བར་དུ། རྣ་ལུང་གྲོང་རྡལ་དུ་ཞིང་བའི་སྤྲོ་སྐྱིད་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང 23ཡོད་ལ། རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་ཁྲི 400ལ་བསླེབས་པ་དང་། བསྡོམས་རྩིས་བྱས་པར་གཞིགས་ན། ལྔ་གཅིག་ངལ་གསོའི་སྐབས་སུ་རྣ་ལུང་གྲོང་རྡལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི 10ལྷག་སྣེ་ལེན་བྱས་པ་རེད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།