中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྨ་ཆུ་རྫོང་དུ་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་གཞི་རིམ་དུ་བསྐྱོད་ནས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
དུས་ཚོད།2021-09-29 10:59:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རྨ་ཆུ་རྫོང་གིས་ཤེས་ལྡན་མི་སྣའི་གསོ་སྐྱོང་གཞི་ས་དང་ཆེད་ལས་མཁས་པའི་བྱ་བའི་ས་ཚིགས་ལ་བརྟེན་ནས་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣ་གཞི་རིམ་དུ་བསྐྱོད་པའི་ཚན་རྩལ་ཞབས་ཞུའི་བྱ་འགུལ་སྤེལ་ཏེ། གཞི་རིམ་གྱི་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་།
   གསོ་སྐྱོང་གཞི་ས་ལ་མཐོང་ཆེན་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ལན་ཀྲོའུ་ཕྱུགས་ལས་དང་ཕྱུགས་སྨན་ཞིབ་འཇུག་སུའོ་ཡིས་དངུལ་རྭ་གྲོང་རྡལ་དངུལ་རྭའི་ལུག་གསོ་སྤེལ་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དུ་རྨ་ཆུ་རྫོང་ཕྱུགས་རིགས་གསོ་སྤེལ་ཤེས་ལྡན་མི་སྣའི་གསོ་སྐྱོང་གཞི་ས་བཙུགས་པ་དང་། ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་ལས་གཞིའི་རོགས་སྐྱོར་ལ་བརྟེན་ནས་དངུལ་རྭ་གྲོང་རྡལ་དབུལ་སྐྱོར་ཐོན་ལས་གླིང་དུ“རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ཡུལ་དངོས་ལྟ་སྦྱོང”ཟུང་དུ་འབྲེལ་བའི་རྣམ་པ་ཅན་གྱི་རྨ་ཆུ་རྫོང་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་གཞི་ས་བཙུགས་ཤིང་། “དྲ་ཐོག་ཚོང་ལས་ལས་སྟེགས+ཀུང་སི+གཞི་ས+མཉམ་ལས་ཁང+འབྲོག་ཁྱིམ+དྲ་ཚིགས”བཅས་ཀྱི་དྲ་ཐོག་ཚོང་ལས་རྣམ་པ་ལ་བརྟེན་ནས་རྨ་ཆུ་རྫོང་སྐྱ་རེངས་ཚན་རྩལ་གློག་རྡུལ་ཚོང་ལས་ལས་གཏོད་གླིང་དུ་རྨ་ཆུ་རྫོང་དངོས་སྤྱོད་ལག་རྩལ་ཤེས་ལྡན་མི་སྣའི་གསོ་སྦྱོང་གཞི་ས་བཙུགས། ད་ལོ་ནས་བཟུང་སྟེ། གསོ་སྐྱོང་གཞི་ས་ཡིས་བསྡོམས་པས་ཤེས་ལྡན་མི་སྣའི་གསོ་སྦྱོང་ཐེངས 8སྤེལ་བ་དང་། མི་ཐེངས 2500ལྷག་གསོ་སྦྱོང་དུ་ཞུགས། གསོ་སྦྱོང་གི་ནང་དོན་དུ་སྐྱེ་ཁམས་ཕྱུགས་རིགས་གསོ་སྤེལ་དང་། ཚོང་རའི་ཚོང་གཉེར། དྲ་ཐོག་ཚོང་ལས་གཉེར་སྐྱོང་། ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་སོགས་ཚུད་ཡོད་པས་རྨ་ཆུ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་སྔར་བས་རྒྱ་ཆེར་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས།
   ཕྱུགས་ལས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་བྱས་ནས་ཞིང་སྡེ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བ། རྨ་ཆུ་རྫོང་གིས་ཕྱུགས་ལས་ཆེད་ལས་མཁས་པ་དང་ཤེས་ལྡན་མི་སྣའི་བྱ་བའི་ས་ཚུགས་ལ་བརྟེན་ནས་དུས་བཅད་ལྟར་ཆེད་མཁས་པ་ནོར་ལུག་གསོ་སྤེལ་ཆེད་ལས་མཉམ་ལས་ཁང 14ལ་མངགས་ནས་ཁ་གཏད་ཞབས་ཞུ་བསྒྲུབ་ཏུ་བཅུག་སྟེ། ནོར་ལུག་གསོ་སྤེལ་དང་། ནོར་ལུག་བཤས་རར་གཏོང་བ། མཉམ་ལས་ཁང་གི་དོ་དམ། རྗེས་ཕྱོགས་ཀྱི་ཕྱིར་འཚོང་སོགས་ཀྱི་ཤེས་བྱ་འགྲེལ་བཤད་བྱས་ཤིང་། དེ་དང་ཆབས་ཅིག་ཏུ“གཞི་ས་འཛུགས་སྐྲུན་དང་། ཤེས་ལྡན་མི་སྣའི་ཞབས་ཞུ། དཔེ་སྟོན་སྣེ་ཁྲིད”བཅས་ཟུང་དུ་འབྲེལ་བའི་མཉམ་ལས་བྱེད་སྟངས་སྔར་བས་འཐུས་སྒོ་ཇེ་ཚང་དུ་གཏོང་བར་ཚན་རིག་ལག་རྩལ་གྱི་མཛུབ་ཁྲིད་དང་གྲོས་འགོ་རབ་དང་རིམ་པ་བཏོན། ཕྱུགས་ལས་ཆེད་མཁས་པ་དང་ཤེས་ལྡན་མི་སྣ་གཞི་རིམ་དུ་སྐྱོད་པ་དང་བྱ་བ་དངོས་སྒྲུབ་པར་བརྟེན་ནས་མཉམ་ལས་ཁང་གི་དོ་དམ་དང་གཉེར་སྐྱོང་སྔར་བས་ཚད་ལྡན་དུ་བཏང་བས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་ཐོན་ལས་ཀྱི་འདེགས་སྐྱོར་བྱས་ཤིང་། རྫོང་ཡོངས་ཀྱིས་ཞིང་སྡེ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།། 
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།