中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། འབྲུག་ཆུ་རྫོང་གིས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་ནས་དམངས་ཀྱི་སེམས་ཁྲལ་བསལ་བ།
དུས་ཚོད།2021-09-29 11:01:45     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)འབྲུག་ཆུ་རྫོང་གིས“ངས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་བསྒྲུབ་རྒྱུ”ཞེས་པའི་ལག་ལེན་བྱ་འགུལ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་བྱ་སྤྱོད་དངོས་སུ་འགྱུར་བར་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་།
    མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་མཐའ་འཁྱོངས་བྱས་པ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནང་གནས་སྒུལ་ཤུགས་སུ་འགྱུར་བར་བྱས་ནས་དང་བླངས་ཞབས་ཞུའི་ཚད་མཐོ་ཞིང་ཕན་འབྲས་ཆེས་ཆེར་ཐོན་པ་མངོན་འགྱུར་བྱུང་། ཁྲིན་ཀོན་གྲོང་རྡལ་དུ“གཅེས་སེམས་སྐྲ་བཞར་ཁང”བཙུགས་ནས་གྲོང་རྡལ་གྱི་མངའ་ཁོངས་ས་ཁུལ་གྱི་ལོ 65ཡན་གྱི་རྒན་རྒོན་དང་དབང་བོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ལ་རིན་མི་དགོས་པར་སྐྲ་བཞར་བ་དང་། ཤང་དང་གྲོང་རྡལ་གྱི་སྡོད་ཁུལ་ཁ་ཤས་དང་སྡེ་བ་ཁ་ཤས་ཀྱི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་ཀྱིས་ཁོངས་གཏོགས་ས་ཁུལ་གྱི་བདག་མེད་རྒན་རྒོན་རྣམས་ལ“གཅེས་སེམས་ཟ་ཁང”བཙུགས་པ་མ་ཟད། དྲོ་སྐྱིད་སྦྱིན་པའི་བྱ་འགུལ་རབ་དང་རིམ་པ་སྤེལ་བས་རྒན་རྒོན་རྣམས་ལ་ངེས་པ་དོན་གྱི་ཞབས་ཞུ་ལོངས་སུ་སྤྱོད་དུ་བཅུག
    མི་དམངས་ལ་ཞབས་འདེགས་ཞུ་བའི་ཞིབ་ཕྲའི་བྱ་སྤྱོད་དོན་འཁྱོལ་བྱས་པ། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་ཁྲིད་སྟོན་དང་། ཁོར་ཡུག་གཙང་སྦྲ་སྒྲིག་བཅོས། ཆུ་འབྲུབ་དུས་ཀྱི་ལས་རེས་སོགས་ཀྱི་བྱ་བ་སྤེལ་ཞིང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ“རེའུ་མིག་གཅིག་གིས་རེ་ཞུ་བྱེད་པ”དང“སྒེའུ་ཁུང་གཅིག་ནས་བདག་སྤྲོད་བྱེད་པ”“ཚབ་སྒྲུབ་རོགས་སྒྲུབ་བྱེད་པ”སོགས་ཁྱབ་གདལ་དུ་བཏང་། རྫོང་མཁར་གྱི་སྡོད་ཁུལ་སོ་སོས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་སྒྲུབ་པའི་ཞིབ་ཕྲའི་བྱ་ཐབས་རབ་དང་རིམ་པ་གསར་གཏོད་དང་ལག་ལེན་བྱས་ནས་སྡོད་དམངས་ཀྱིས་བཏོན་པའི་གནད་དོན 130ལྷག་ཐག་གཅོད་བྱས།
    མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་ཕུགས་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅིངས་པ། ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་གིས་ཀྲི་པུའུ་དེ་སྡེ་ཚན་དུ་བྱས་ནས“ངས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་བསྒྲུབ་རྒྱུ་དང་། དང་བླངས་ཞབས་ཞུ་ངས་སྔོན་ལ་བསྒྲུབ་རྒྱུ”ཞེས་པ་སོགས་ཀྱི་བྱ་འགུལ་ལེགས་པོར་སྤེལ་ཏེ། རྒྱ་ཆེའི་ཏང་ཡོན་རྣམས་ལ་རྩ་བའི་དམིགས་ཡུལ་བློ་ལ་བརྟན་པོར་ངེས་པ་དང་། རང་ཉིད་ཀྱི་ལས་གནས་ཐོག་ཏུ་གཞི་ཚུགས་པ། ཐོག་མའི་འགན་འཁྲི་ལག་ལེན་བསྟར་བ་སོགས་ཀྱི་ཐད་ཁྲིད་སྟོན་བྱས། ད་ལོའི་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་བྱ་བའི་ཁྲོད་དུ་འབྲུག་ཆུ་རྫོང་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“ངས་མང་ཚོགས་ཀྱི་དོན་དུ་བྱ་བ་དངོས་བསྒྲུབ་རྒྱུ”ཞེས་པའི་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོའི་མང་ཚོགས་རྣམས་ལ“གནས་སྤོ་ཐུབ་པ་དང་། གནས་ཐུབ་པ། ཕྱུག་འགྱུར་ཐུབ་པ”བཅས་ཀྱི་ཐད་འགན་ལེན་ནུས་ལྡན་བྱས།
    འབྲུག་ཆུ་རྫོང་གིས་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པ་བྱས་ནས་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་བཞིན་པའི་བྱ་བ་དག་ནུས་ཤུགས་ཡོད་རྒུས་ཐག་གཅོད་ལེགས་པོ་བྱས་པ་དང་། ལོ་རྒྱུས་སློབ་སྦྱོང་བྱེད་པར་བརྟེན་ནས་དུས་རབས་ཀྱི་འགན་འཁྲི་ཁུར་ནུས་ཆེ་རུ་བཏང་ཞིང་། སློབ་སྦྱོང་གི་ཕན་འབྲས་དེ་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་འགྱུར་བར་བྱས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་གཏིང་ཟབ་ཕྱོགས་སུ་སྐྱོད་པ་དང་། དོན་དངོས་ཐོག་ཏུ་སྐྱོད་པ། མང་ཚོགས་ཀྱི་སེམས་ཁོངས་སུ་སྐྱོད་པ་བཅས་ལ་སྐུལ་འདེད་བཏང་།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།