中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། རྨ་ཆུ་རྫོང་གིས“ངས་མང་ཚོགས་ལ་དངོས་དོན་སྒྲུབ་ཅེས་པའི”ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ།
དུས་ཚོད།2021-11-25 17:40:12     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་། རྨ་ཆུ་རྫོང་གིས“ངས་མང་ཚོགས་ལ་དངོས་དོན་སྒྲུབ་ཅེས་པའི”ལག་ལེན་བྱ་འགུལ་ནན་གྱིས་སྤེལ་བ་དང་། མང་ཚོགས་ཀྱི་ཆེས་དོ་སྣང་དང་ཆེས་ཐད་ཀར། ཆེས་དངོས་ཡོད་ཁེ་ཕན་གྱི་གནད་དོན་ཐག་གཅོད་བྱས་ཤིང་། སྦྱངས་འབྲས་ཕན་ནུས་སུ་བསྒྱུར་བས། མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་ཆེ་རུ་ཕྱིན།
    ལས་ཞུགས་ཀྱི་ལམ་བུ་རྒྱ་བསྐྱེད་བཏང་བ། གདན་ཞུའི་ཚོགས་འདུ་དང་ཡོངས་བསྒྲགས་རྒྱུགས་སྤྲོད། ཤེས་ལྡན་མི་སྣ་ནང་འདྲེན། སློབ་གྲྭ་ཆེ་མོ་བ་ཁེ་ལས་སུ་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ། ལས་གནས་སུ་ཞུགས་མ་ཐུབ་པའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ 217གྱི་ལས་ཞུགས་གནད་དོན་ཐག་གིས་བཅད།
    རྫོང་འཕྲོད་བསྟེན་བདེ་ཐང་མ་ལག་གིས་བྱ་ཐབས་སྣ་མང་སྤྱད་དེ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྤེལ་བ། དྲ་ལམ་དང་དྲ་ཕྱི་ཟུང་འབྲེལ་གྱིས་ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད། དལ་བའི་རང་བཞིན་གྱི་དབུགས་ལམ་མ་ལག་གི་ནད། འགོས་ནད་གཙོ་བོའི་འགོག་བཅོས་སོགས་ལ་ཚན་རིག་ཁྱབ་སྤེལ་སྐོར་གྱི་དྲིལ་བསྒྲགས་སྤེལ། མིག་སྔར་ཐུག་བར་དུ། བདེ་ཐང་ཚན་རྩལ་ཁྱབ་སྤེལ་སྐོར་བཤད་བྱ་འགུལ་ཐེངས 16སྤེལ་བ་དང་། བདེ་ཐང་སློབ་གསོའི་དྲིལ་བསྒྲགས་ལེ་ཚན 24དང་བདེ་ཐང་རིག་གནས་ཀྱི་གྱང ངོས 1བཟོས། དྲིལ་བསྒྲགས་དངོས་རྫས་སྣ་ཚོགས་ཁྲི 7ལྷག་འགྲེལ་གཏོང་བྱས་ཤིང་། འཕྲེད་ཡིག 100ལྷག་བཀལ་བ་དང་། བདེ་ཐང་སློབ་གསོའི་ཤེས་བྱའི་འཆད་ཁྲིད་ཐེངས 90ལྷག་སྤེལ། མི་ཐེངས 900ལ་རིན་མེད་པར“འབྲས་སྐྲན་ནད་གཉིས”འཚག་བཤེར་བྱས་ཤིང་། མངལ་མ་སྦྲུམ་གོང་གི་ལེགས་བཙའི་བརྟག་དཔྱད་རྣམ་གྲངས 19ཡི་ཞབས་ཞུ་བྱས། མིག་སྔར། མི 201གིས་མངལ་མ་སྦྲུམ་གོང་གི་ལེགས་བཙའི་བརྟག་དཔྱད་ཞབས་ཞུ་ལོངས་སྤྱོད་བྱེད་བཞིན་ཡོད།
    རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱིས་སྦགས་མེད་དྲོད་ལེན་བྱ་བར་སྐུལ་འདེད་བཏང་བ། གཅིག་བསྡུས་དྲོད་འདོན་གློག་སྣེ་ཐབ་ཁང 1གསར་སྐྲུན་བྱས་ཤིང་། དྲོད་གསོག་གློག་སྣེའི་དྲོད་ཚད་མཐོ་བའི་ཆུ་ཚའི་ཁྲོ་ཐབ 1  ལངས་གཟུགས་གནོན་ཐེག་དྲོད་གསོག་རྫ་སྣོད 2སྒྲིག་སྦྱོར་བྱས་པས། ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི 20གྲོན་ཆུང་བྱ་ཐུབ། མ་དངུལ་སྒོར་ཁྲི 5000བཏང་ནས། རྫོང་མཁར་གྱི་རང་བྱུང་སོལ་རླངས་ཀྱི་སྦུག་དྲ་བསྒྱུར་བཀོད་བྱས་ཤིང་། རྫོང་མཁར་དུ་འབར་རླངས་སྦུག་དྲ 24kmགསར་སྐྲུན་བྱས། རྫོང་ཁོངས་སུ་རླངས་འཁོར་འཇོག་ས 2འཛུགས་སྐྲུན་བྱས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།