中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ངལ་རྩོལ་འགན་སྲུང་ལྟ་ཞིབ་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་།
དུས་ཚོད།2021-11-25 17:42:26     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
གཙོས་གྲོང་ཁྱེར་གྱིས་ཞིང་བའི་གླ་ཕོགས་ཆད་འགྱངས་གནད་དོན་ཐག་གཅོད་བྱས་ནས་ཕན་འབྲས་ཐོན་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་ཤས་ནང་དུ། གཙོས་གྲོང་ཁྱེར་གྱིས་ངལ་རྩོལ་འགན་སྲུང་ལྟ་ཞིབ་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར། ངལ་རྩོལ་ལྟ་ཞིབ“དོ་དམ་དྲ་མིག་ཅན་དང་ཆ་འཕྲིན་དྲ་རྒྱ་ཅན”དུ་འཛུགས་སྐྲུན་བྱ་རྒྱུ་གཙིགས་སུ་བཟུང་ཞིང་། ངལ་རྩོལ་འགན་སྲུང་ལྟ་ཞིབ་བྱ་བ་དེ་ཤང་གྲོང་དང་སྡེ་བའི་ཚོ་ཆུང་དུ་རྒྱ་བསྐྱེད་བཏང་བས། ངལ་རྩོལ་བ་དང་མ་རྩ་ཅན་གྱི་རྩོད་གླེང་གྱོད་གཞི་ཚད་ཆེན་པོའི་སྒོ་ནས་སྔོན་འགོག་དང་ཇེ་ཉུང་དུ་བཏང་ཞིང་། ཞིང་བ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཐོབ། “དྲ་བ་ཅན་གཉིས”ཀྱི་དོ་དམ་དམ་འཛིན་བྱས་པས། སྤྱོད་ཚུལ་སྲིད་སྐྱོང་ལེགས་བཅོས་བྱུང་བར་ཕན་འབྲས་མངོན་གསལ་ཐོན།
    ལས་འགན་ཁ་གསལ་བྱས་ཏེ། ཆད་འགྱངས་ཐག་གཅོད་དང་གཏོང་སྤྲོད་འགན་ལེན་གྱི་དྲ་མིག་མ་ལག་བཙུགས་པ། སྔར་ལས་ལྷག་པར་དུ་ངལ་རྩོལ་འགན་སྲུང་ལྟ་ཞིབ་དོ་དམ་ཆུ་ཚད་མཐོར་འདེགས་དང“མ་ལག་གསུམ”འཐུས་ཚང་དུ་བཏང་ཞིང་། “དྲ་བ་ཅན་གཉིས”ཀྱི་དོ་དམ་འགོ་ཁྲིད་མ་ལག་འཐུས་ཚང་དུ་བཏང་བ། ཤང་གྲོང་ངམ་སྲང་ལམ་དོན་གཅོད་ཁང“དྲ་མིག་སྡེ་ཚན”དུ་བྱས་ནས། གྲོང་ཁྱེར་དང་ཤང་གྲོང་ངམ་སྲང་ལམ་དོན་གཅོད་ཁང་དུ་ངལ་རྩོལ་འགན་སྲུང་ལྟ་ཞིབ་དྲ་མིག་ཅན་གྱི་བྱ་བའི་འགོ་ཁྲིད་སྒྲིག་གཞི་བཙུགས་པ་དང་། གྲོང་ཁྱེར་ཡོངས་སུ“དྲ་མིག”བཅུ་བཙུགས་ཤིང་ཁུལ་གཉིས་སུ་དབྱེ།
    ནུས་པ་འདོན་སྤེལ་བྱས་ཏེ། “དྲ་གཉིས”འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་ཐོན་པ། གཞི་གྲངས་ཁག་གི་ཆ་འཕྲིན་ཕྱོགས་ཡོངས་ནས་འཚོལ་བསྡུ་བྱས་ཏེ། “ཁེ་ལས་གཅིག་ལ་ཡིག་ཚགས་གཅིག  དྲ་བ་གཅིག་ལ་འབྲི་དེབ་གཅིག”ཅེས་པའི་ཆ་འཕྲིན་གྲངས་མཛོད་ཡོངས་སུ་ཚུགས། ཕྱོགས་ཡོངས་ནས་ཞུ་གཏུག་ཐེར་འདོན་དང་ལེན་ཐག་གཅོད་དང་ཁྲིམས་འགལ་བྱ་སྤྱོད་ཡོངས་བསྒྲགས། ལས་དོན་སྤེལ་རེས་དང་ཆ་འཕྲིན་དྲིལ་བསྒྲགས་དྲ་བ་ཅན་དུ་གྱུར་བའི་ལས་སྒྲུབ་མངོན་འགྱུར་བྱུང་བས། ཞིང་བ་ལས་མིའི་ཁེ་དབང་སྲུང་སྐྱོང་ལ་དེ་བས་སྟབས་བདེ་སྐྲུན་ཞིང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་བྱེད་ཚུལ་དེ་བས་ཚད་ལྡན་དུ་གྱུར།
    ལམ་སྲོལ་འཐུས་ཚང་དུ་བཏང་ནས། གླ་ཕོགས་ཆད་འགྱངས་ཐག་གཅོད་བྱེད་པའི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་བ། 《ཞིང་བ་ལས་མིའི་གླ་ཕོགས་གཏོང་སྤྲོད་འགན་ལེན་སྲོལ་ཡིག》དོན་འཁྱོལ་ཞིབ་མོ་བྱེད་པའི་གོ་སྐབས་དང་བསྟུན་ནས། དྲ་རྒྱའི་ཆ་འཕྲིན་གྱི་བརྒྱུད་སྤྲོད་མགྱོགས་པ་དང་སྡེ་ཁུལ་དྲ་མིག་གི་ཁེབས་རྒྱ་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་ལྷག་པར་དུ་འགན་འཁྲི་ནན་སྒྲུབ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ། ལས་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཁྱབ་ཁོངས་གཙོ་བོ་དང་། ནང་སྒོས་སུ་དམངས་ཁྲོད་ཀྱི་མ་དངུལ་གཏོང་བའི་ལས་གཞིའི་ལྟ་སྐུལ་དོ་དམ་བྱ་བ་དམ་འཛིན་བྱས་ནས། “དྲ་གཉིས་ཅན”གྱི་ལྟ་སྐུལ་དོ་དམ་བྱེད་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་པས། གླ་ཕོགས་ཆད་འགྱངས་ཐག་གཅོད་བྱེད་པའི་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་།
    བྱང་ཚད་མཐོར་འདེགས་བཏང་ནས། ངལ་རྩོལ་ལྟ་ཞིབ་སྒྲིག་གཞིའི་ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། “སྒྲིག་གཞི་ཚད་ལྡན་ཅན། མི་སྣ་ཆེད་ལས་ཅན། ཁྲིམས་སྐྱོང་ཚད་ལྡན་ཅན”གྱི་དམིགས་ཡུལ་རྒྱུན་འཁྱོངས་དང་། བྱེད་ཐབས་ཤུགས་ཆེར་བཏང་ནས་ངལ་རྩོལ་ལྟ་ཞིབ་དཔུང་ཁག་འཛུགས་སྐྲུན་དམ་འཛིན་བྱེད་པ་སྟེ། ནང་གི་བྱང་ཚད་མཐོ་ལ། ཕྱི་ཡི་སྣང་བརྙན་མཛེས་པའི་ངལ་རྩོལ་ལྟ་ཞིབ་དཔུང་ཁག་གི་ལས་རིགས་སྤྱོད་ཚུལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།