中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2021-11-25 17:45:16     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ༄༅།། ཟླ 11པའི་ཚེས་16ཉིན་ལ། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་གྲོས་ཚོགས་བསྡུས་ཏེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས།
    གྲོས་ཚོགས་སུ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགསདང་ཁུལ་ཨུའི་རྒྱུན་ཨུའི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།།
    ༄༅།། ཉེ་ཆར། ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་བསྟར་བྱས་ནས་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་གསར་འཛུགས་བྱེད་པའི་བྱ་བའི་སྐུལ་འདེད་གྲོས་ཚོགས་གཙོས་སུ་ཚོགས། ཁུལ་དཔོན་གཞོན་པ་ཀྲང་ཀྲེང་ནེང་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་ཆུ་གྲོན་ཆུང་གི་ཕན་འབྲས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བརྙན་རིས་ལ་བལྟས་པ་དང་། ཡིག་ཐོག་ནས་ཞིང་ཆེན་ཡོངས་ཀྱིས་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་ལག་ལེན་བསྟར་བའི་ཡུལ་དངོས་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཆུ་དོན་ཅུས་ཀྱི་འགན་ཁུར་བས་ཁུལ་ཡོངས་སུ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་གི་བྱ་སྤྱོད་སྤེལ་ཚུལ་བརྡ་ཁྱབ་བཏང་བ་དང་། བསང་ཆུ་རྫོང་དང་འབྲུག་ཆུ་རྫོང་གི་འབྲེལ་ཡོད་འགན་ཁུར་བས་གཏམ་བཤད་སྤེལ་རེས་བྱས།།
    ༄༅།། ཟླ 11པའི་ཚེས 16ཉིན་ལ། ཧྲང་ཧའེ་ཅིན་ཁུན་ཚོགས་པ་དང་ཁུལ་ཐད་གཏོགས་སྡེ་ཚན་གྱི་བཞུགས་མོལ་གྲོས་ཚོགས་གཙོས་སུ་ཚོགས་ཤིང་། ཀན་ལྷོ་ཁུལ་གྱི་ཁྱད་ཐོན་སྤུས་རྟགས་ཇུས་འགོད་མཉམ་ལས་ ལས་གཞིའི་ཐད་བཞུགས་མོལ་བྱས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཧྥུན་ཞའོ་ལིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
    གྲོས་ཚོགས་སུ་ཧྲང་ཧའེ་ཅིན་ཁུན་ཚོགས་པས་ཁྱད་ཐོན་སྤུས་རྟགས་ཇུས་འགོད་མཉམ་ལས་ལས་གཞི་ངོ་སྤྲོད་བྱས་པ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།