中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱེད་པའི་བགྲོ་གླེང་གྲོས་ཚོགས་བསྡུས་པ།
དུས་ཚོད།2021-11-25 17:49:12     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 18ཉིན་ལ། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱེད་པའི་བགྲོ་གླེང་གྲོས་ཚོགས་བསྡུས།
    ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཚབ་མ་དབྱང་ཝུའུ་ཡིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད།
    གྲོས་ཚོགས་སུ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་གྱིས་ ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད སྣེ་ཁྲིད་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མཱ་ཡུས་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཧུང་། ཁུལ་དཔོན་གཞོན་པ་དབྱང་ཀོང་ལུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མོང་ཡན་ལིན་བཅས་ཀྱིས་རང་སོ་སོའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་རེས་བྱས།
    དབྱང་ཝུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས གྲོས་ཆོད (གྲོས་བསྡུར་མ་ཟིན) སྐོར་གྱི་གསལ་བཤད་གནང་ནས་དུས་རབས་ཀྱི་མིག་རྒྱང་ཐོག་ནས་ལོ་བརྒྱའི་ལོ་རྒྱུས་ལ་ཞིབ་ལྟ་བྱེད་པ་དང་། གྲོས་ཆོདབཟོ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་སྤྱི་ཡོངས་ཀྱི་བསམ་གཞིགས་རྒྱས་བཤད་གཏིང་ཟབ་གནང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་དང་། ཏང་གིས་ལོ་བརྒྱའི་རིང་ལ་འབད་འབངས་བྱས་པའི་གྲུབ་འབྲས་ལ་ངོས་འཛིན་ཡང་དག་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་གལ་ཆེན་ཁོང་དུ་ཆུད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་མིག་སྔའི་བྱ་བ་ལེགས་པོ་བསྒྲུབ་པ། ཡུན་རིང་འཕེལ་རྒྱས་ལ་དམིགས་ཏེ་སང་ལོའི་བྱ་བ་འཆར་འགོད་ལེགས་པོ་བཅས་བྱས་ནས་ད་ལོའི་མཇུག་ལེགས་བསྡུ་དང་སང་ལོའི་མགོ་ལེགས་པོ་རྩོམ་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་གྱི་འགོ་ཁྲིད་པ་རིན་ཆེན་དོན་གྲུབ་དང་མ་ཡིའུ་ཞིན། ལུའི་ཀྲེ་ཅུན། ལིའང་ཝུའེ་ཅི། ཧྥུན་ཞའོ་ལིན། ཁུལ་གྱི་ཚན་ཁག་ཆེན་པོ་བཞི་ཡི་ས་ཁུལ་རིམ་པ་ཡན་གྱི་ལས་ཁུངས་སུ་སྡོད་པའི་འགོ་ཁྲིད་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མིའི་སྡེ་ཚན་སོ་སོའི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།