中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་གྲོས་ཚོགས་སུ།
དུས་ཚོད།2021-11-25 17:56:04     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
འདས་ཟིན་པར་ཕྱིར་མིག་བལྟས་ནས་ཡིད་ཆེས་འཕེར་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་འཐབ་སེམས་བསྐྱེད་དགོས་ཞེས་ནན་གྱིས་བསྟན་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཟླ 11པའི་ཚེས 18ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་གཙོ་འགན་ཁུར་ནས་ཀྲུང་གོ་གུང་ཁྲན་ཏང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཐོག་གི་སྙན་ཞུ་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་གྲོས་ཚོགས་བསྡུས། ཁོས་འདས་ཟིན་པར་ཕྱིར་མིག་བལྟས་ནས་ཡིད་ཆེས་འཕེར་བ་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་འཐབ་སེམས་ཆེ་རུ་བསྐྱེད་པ། ཆུ་ཚད་མཐོ་ཞིང་སྤུས་ཚད་མཐོན་པོའི་སྒོ་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་འཆར་ཟིན་ལེགས་པོ་འགོད་དགོས་ཞེས་ནན་གྱིས་བསྟན།
    གྲོས་ཚོགས་སུ་ཁུལ་སྲིད་གཞུང་དང་ཁུལ་དམངས་ཆེན་རྒྱུན་ཨུ་ཁང་། ཁུལ་སྲིད་གྲོས་ཀྱི་འགན་ཁུར་བློ་མཐུན་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་འཐུས་མི། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི། དེ་མིན་ཞིང་ཆེན་དང་ཁུལ་དམངས་ཆེན་གྱི་འཐུས་མི་དང་ཞིང་ཆེན་དང་ཁུལ་གྱི་སྲིད་གྲོས་ཨུ་ཡོན་གྱི་འཐུས་མི། ཚོགས་པའི་རྩ་འཛུགས་ཀྱི་འཐུས་མི། ཏང་ཕྱིའི་མི་སྣའི་འཐུས་མི་བཅས་ཀྱིས སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཟིན)ལ་དམ་པོར་དམིགས་ཏེ། ཁུལ་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་དང་བྱ་བའི་ལག་ལེན་དངོས་ལ་གཞི་ཚུགས་པ། ལས་རིགས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་པ་བཅས་བྱས་ནས་གང་བསམ་ལྷུག་བརྗོད་དང་རང་ཉིད་ཀྱི་ལྟ་སྟངས་ཤོད་པ། གཙོ་གནད་འགྲིམ་འགྲུལ་གྱི་ཞན་ཆ་གསབ་རྒྱུ་དང་གཙོ་གནད་ལས་གཞི་འཆར་འགོད་བྱ་རྒྱུ། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ནས་ཞིང་སྡེ་དར་རྒྱས་སུ་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་སོགས་ཀྱི་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།
    ཚང་མའི་གཏམ་བཤད་ནན་ཏན་ངང་ཉན་རྗེས། ཡུས་ཁྲིན་ཧུའེ་ཡིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་ནི “ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་བའི”འགོ་ཚུགས་པའི་ལོ་དང་། ལོ་བརྒྱ་ཅན་གཉིས་ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འབྲེལ་མཚམས་གལ་ཆེན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་བུ་གསར་བ་སྒོ་ཀུན་ནས་གཏོད་པའི་འགོ་འཛུགས་དུས་རིམ་དུ་ཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་ཡིན། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་འཆར་ཟིན་ལེགས་པོ་འགོད་རྒྱུ་དེ་ཏང་གི་འཐུས་མི་ཚོགས་ཆེན་ལེགས་པོ་འཚོག་རྒྱུ་དང་། ཀན་ལྷོའི་སླད་ཕྱིན་གྱི་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཤིག་གི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དངོས་ཡོད་ཀྱི་དོན་སྙིང་དང་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན། འཆར་ཟིན་འགོད་མཁན་འགོ་ཁྲིད་ཚན་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་དཔེ་སྟོན་བྱས་ཏེ། འདས་པའི་ལོ་ལྔའི་རིང་གི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་མདོར་བསྡུས་དང་། མིག་སྔར་འཕྲད་པའི་གོ་སྐབས་དང་འགྲན་སློང་ལ་དབྱེ་ཞིབ། འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་ཇུས་འགོད་ཞིབ་ཚགས། འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་ཉམས་མྱོང་རང་བཞིན་ཕྱོགས་བསྡོམས་དང་འཕེལ་རྒྱས་ཀྱི་འདུ་ཤེས་ཀྱི་ཆོས་ཉིད་ལ་ངོས་འཛིན། འཕེལ་རྒྱས་ཐབས་ལམ་གྱི་རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་བཅས་གང་ལེགས་མཚོན་པར་བྱ་དགོས། ལྷག་པར་དུ་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་གསར་ཤོས་གཙོ་གནད་དུ་འདྲེས་པར་བྱེད་པ་དང་། བྱ་དངོས་གསར་བ་ཤེས་རྟོགས་དང་འདུ་ཤེས་གསར་བ་འཛིན་པ། བྱ་ཐབས་གསར་བ་འདོན་པ་བཅས་བྱས་ཏེ་གནས་སའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ངོས་ཟིན་གསལ་པོ་བྱས་པ་དང 《སྙན་ཞུ》དེ་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དུས་རབས་གསར་བར་འབད་འབུངས་བྱེད་པའི་ལས་འགན་ཡི་གེ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་བ་གཏོད་པའི་སྐུལ་སློང་གི་བཀའ་རྒྱ་ཞིག་ཏུ་འགྱུར་བ་བྱ་དགོས་ཤིང་། ཚོགས་ཞུགས་མི་སྣས་བཏོན་པའི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་ནན་ཏན་དང་བསྡུ་ལེན་གང་ལེགས་བྱས་ནས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད། སྐུལ་ལྕག་བཅས་བྱས་ནས་འབྱོར་ཕྱུག་དང་དཔལ་ཡོན། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཀན་ལྷོ་གསར་བ་གཏོད་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་ནན་གྱིས་བསྟན།
    ཁུལ་གྱི་འགོ་ཁྲིད་དབྱང་ཝུའུ་དང་རིན་ཆེན་དོན་གྲུབ། དབྱང་ཅུན། མ་ཡིའུ་ཞིན། ཝང་ཅན་ཅུན། ལུའི་ཀྲེ་ཅུན། ལིའང་ཝུའེ་ཅི། མ་ཡུས། དབྱང་ཁྲང་ཏེ་བཅས་དང་དེ་མིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་སུ་ཞུགས།།
རྩོམ་སྒྲིག་པ། བན་དེ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།