中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། སྲིད་གྲོས་ཀན་ལྷོའི་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་གྲ་སྒྲིག་གྲོས་ཚོགས་ཚོགས་པ།
དུས་ཚོད།2021-12-05 22:44:35     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཟླ 12པའི་ཚེས 5ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་བཞིན་པའི་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་གྲ་སྒྲིག་གྲོས་ཚོགས་ཀན་ལྷོའི་ཟློས་གར་ཚོམས་ཆེན་དུ་ཚོགས།  
    ཐེངས་འདིའི་གྲོས་ཚོགས་སུ་ཞུགས་འོས་པའི་ཨུ་ཡོན 255ཡོད་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན 238ཡོད་པས། ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན། 
        ཐེངས་འདིའི་ཚོགས་འདུར་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དུས་འཁོར་ཚང་དང་།  སྒྲོལ་མ་སྐྱབས།    ཀྲོའུ་མེ།   རྨིན་ཡན་ལིན།   ཧན་རྨིན་ཧྲེང་དང་།   ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་དྲུང་ཡིག་ཆེན་མོ་བདམ་བྱའི་འོས་མི་ལྕགས་བྱམས་རྡོ་རྗེ་བཅས་ཞུགས་ཡོད། 
       གྲོས་ཚོགས་ཐོག་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་གྲོས་རིམ(འཆར་ཟིན)དང་།  སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་ཚོགས་འདུའི་གཙོ་འགན་ཁུར་མཁན་གྱི་མིང་ཐོ(འཆར་ཟིན)  སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་མིང་ཐོ(འཆར་ཟིན) །   སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ(འཆར་ཟིན)བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།  
       ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་དོན་གྲུབ་ཀྱིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར་བ་མ་ཟད་གཏམ་བཤད། ཁོས་བསྟན་པར། ཐེངས་འདིའི་གྲོས་ཚོགས་ཐོག་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་བོའི་གྲོས་རིམ་དང་། ཀྲུའུ་ཞི་ཚོགས་པ་དང་ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་གཙོ་འགན་ཁུར་མཁན་གྱི་མིང་ཐོ། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་མིང་ཐོ།  གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མིང་ཐོ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་བོའི་གྲ་སྒྲིག་བྱ་བ་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། སང་ཉིན་དངོས་སུ་ཚོགས་འགོ་ཚུགས་རྒྱུ་རེད། དེར་བརྟེན་ངས་སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་བའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་ཨུ་ཡོན་རྣམས་ཚོགས་འདུར་ཞུགས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།  
       རིན་ཆེན་དོན་གྲུབ་ཀྱིས་བསྟན་པར། ཐེངས་འདིའི་གྲོས་ཚོགས་ལ་ཁུལ་ཨུས་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད་པ་དང་། ཁུལ་ཨུའི་རྒྱུན་ཨུ་ཁང་གིས་ཆེད་དུ་ཁུལ་སྲིད་གྲོས་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་མ་ཟད། ད་དུང་གྲོས་ཚོགས་ཚོགས་པའི་བྱེ་བྲག་གི་རིམ་པ་སོ་སོར་བླང་བྱ་བཏོན། ཐེངས་འདིའི་ཚོགས་ཆེན་བདེ་བླག་ངང་འཚོགས་ཐུབ་པའི་ཆེད་བླང་བྱ་འགའ་བཏོན་པ་སྟེ།       གཅིག་ཏུ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཅིག་གྱུར་བྱ་དགོས། གཉིས་སུ་ཆབ་སྲིད་ཀྱི་འགན་འཁྲི་ཇེ་ཆེར་གཏོང་བ་དང་སྲིད་གླེང་ཇུས་འདོན་ཧུར་ཐག་བྱ་དགོས། གསུམ་དུ་ཆབ་སྲིད་ཀྱི་འདུ་ཤེས་བཙུགས་ནས་འདེམས་བསྐོའི་བྱ་བ་ལེགས་པར་བསྒྲུབ་དགོས། བཞི་རུ་ཆབ་སྲིད་ཀྱི་ལངས་གནས་རྒྱུན་འཁྱོངས་བྱས་ནས་གྲོས་ཚོགས་ལ་ཞབས་འདེགས་ལེགས་པོ་ཞུ་དགོས།  ལྔ་རུ་ཆབ་སྲིད་ཀྱི་སྒྲིག་ལམ་དང་གྲོས་ཚོགས་ཀྱི་སྒྲིག་ལམ་ནན་སྲུང་བྱ་དགོས། 
        རིན་ཆེན་དོན་གྲུབ་ཀྱིས་སྲིད་གྲོས་ཀྱི་ཨུ་ཡོན་དང་བྱ་བྱེད་མི་སྣ་ཡོངས་ཀྱིས་ཐུན་མོང་གིས་འབད་བརྩོན་ཆེན་པོ་བྱས་པར་བརྟེན། སྲིད་གྲོས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་སྐབས་བཅོ་ལྔ་བའི་གྲོས་ཚོགས་ཐེངས་དང་བོས་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་ངེས་ཡིན་ལ། ཐེངས་འདིའི་ཚོགས་ཆེན་དེ་བསམ་བློ་གཅིག་གྱུར་དང་དམངས་གཙོ་དངོས་གཉེར། སྤྱོད་གཙང་གཞུང་དྲང་།  སྣང་བརྙན་ལེགས་མངོན་བཅས་ཀྱི་ཚོགས་ཆེན་ཞིག་དང་། མཐུན་སྒྲིལ་སྐུལ་ལྕག་དང་། སྙིང་སྟོབས་འཕེལ་བ། བློ་གྲོས་རབ་འཕེལ། སྟོབས་ཤུགས་འགྲིལ་བཅས་ཀྱི་ཚོགས་ཆེན་ཞིག་དང་། དུས་རབས་ཀྱི་རྗེས་སུ་བསྙེགས་ཐུབ་པ་དང་བྱས་རྗེས་ཧུར་ཐག་འཇོག་ཐུབ་པ། ལེའུ་གསར་བ་གཏོད་ཐུབ་པ། མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པ་བཅས་ཀྱི་ཚོགས་ཆེན་ཞིག་བྱེད་ཐུབ་ངེས་རེད་ཅེས་བསྟན། 
         མཇུག་མཐར《ཉེན་བརྡ་རྒྱུན་གཏོང་》གི་ཉེན་ཟོན་སློབ་གསོའི་བརྙན་རིས་ལ་བལྟས།། 
                                                                    (གསར་འགོད་པ་གཅོད་པ་སྐྱབས་དང་ཚེ་རིང་སྒྲོལ་མ། ལྷ་ཁོ། ལྷ་མོ་བཀྲ་ཤིས་བཅས་ཀྱིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།