中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལིན་ཐན་རྫོང་ཧྲི་མོན་ཤང་ཚའོ་ཧྲན་སྡེ་བར་སོང་ནས་རོགས་སྐྱོར་གྱི་བྱ་འགུལ་སྤེལ་བ།
དུས་ཚོད།2022-01-13 17:10:48     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཉེ་ཆར། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཀན་ལྷོ་ཁུལ་ཉི་འོད་དང་བླངས་པའི་མཐུན་ཚོགས་དང་མཉམ་དུ་ལིན་ཐན་རྫོང་ཧྲི་མོན་ཤང་ཚའོ་ཧྲན་སྡེ་བར་སོང་སྟེ་འཚམས་འདྲིའི་བྱ་འགུལ་སྤེལ།
  འཚམས་འདྲི་བྱེད་སྐབས་སུ། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཚའོ་ཧྲན་སྡེ་བའི་ལོ65ཡན་གྱི་རྒན་རྒོན120ལ་སྲིང་བལ་གྱི་དགུན་ལྭ་དང་། ཆུ་ལྷམ། དྲོད་སྲུང་ཇ་ཕོར་དང་འཁྱེར་བདེའི་སྒྲ་བསྡུ་འཕྲུལ་འཁོར་སོགས་འཚམས་འདྲིའི་དངོས་པོ་སྤྲད་པ་དང་དུས་མཚུངས་སུ་འདོད་མོས་ཡོད་པའི་མང་ཚོགས50ལྷག་ལ་སྲིང་བལ་གྱི་ལྭ་རིང་སྤྲད་པ་དང“དྲོད་སྐྱིད་ལྡན་པའི་ངང་དགུན་སྐྱེལ་བའི”འབོད་སྐུལ་དོན་འཁྱོལ་བྱས་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་མཚོན་པར་བྱས་ཤིང་། མང་ཚོགས་ཀྱི་རོགས་སྐྱོར་བྱ་བའི་བློ་ཡིད་ཚིམས་ཚད་དང་བདེ་སྐྱིད་ཚོར་ཚད་མཐོ་རུ་ཕྱིན་ཡོད་པ་རེད། དེར་མཐུད་དེ་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་རོགས་སྐྱོར་འགན་ཁུར་བས་ཆ་སྒྲིག་འབྲེལ་གཏུག་ཁྱིམ་ཚང་ལ་འཚམས་འདྲི་བྱས་ནས་མང་ཚོགས་ཀྱི་བསམ་འདུན་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ནུས་པས་ལྕོགས་ཚོད་ཀྱིས་ཁོང་ཚོར་མིག་སྔའི་དཀའ་ངལ་དངོས་ཐག་གཅོད་བྱ་རོགས་བྱས་ཤིང་། རྒན་གསོ་དང་། ལས་ཞུགས། སྨན་བཅོས་སོགས་ཐད་ཀྱི་སེམས་སེལ།
  2021ལོ་ནས་བཟུང་། རྒྱལ་ཁབ་དང་ཞིང་ཆེན་དང་ཁུལ་གྱི་བཀོད་སྒྲིག་ལྟར། ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་རོགས་སྐྱོར་བྱ་བའི་གཙོ་གནད་དེ“དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་ཞིང་སྡེ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི”སྟེང་དུ་བསྒྱུར། ཅུས་ཀྱིས་སྔོན་ལ་ཇུས་འགོད་དང་། བཀོད་སྒྲིག་ཞིབ་ཚགས། བཀོད་སྒྲིག་ཏན་ཏིག་བྱས་ཏེ། རོགས་སྐྱོར་སྡེ་བར་བསྐྱོད་པ། ཤང་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བ་དང་། སྡེ་བའི་ལས་བྱེད་པ། རོགས་སྐྱོར་བྱ་བའི་རུ་ཁག་སོགས་དང་མཉམ་དུ་ཞིང་སྡེ་དར་རྒྱས་གཏོང་བའི་ཐབས་ཇུས་ལ་གྲོས་བསྡུར་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་གསར་གཏོད་ཀྱི་ཐབས་ཇུས་ཇུས་འགོད་བྱས་ཤིང་། ཐབས་བརྒྱ་ཇུས་སྟོང་སྒོས་རོགས་སྐྱོར་སྡེ་བའི་ཐོན་ལས་འཕེལ་རྒྱས་སྔར་བས་རྒྱུན་མཐུད་ཡོང་བ་དང་། མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་པ་དང་། “བཅུ་ཡོད་གཞིས་ཁྱིམ”གཏོད་པར་དེ་བས་ཀྱང་སྙིང་སྟོབས་ཡོད་པར་གྱུར་ཡོད།།
(མགོན་པོ་དབང་འདུས་བསྒྱུར།)
རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།

Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།