中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀླུ་ཆུ་རྫོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་བཏང་བ།
དུས་ཚོད།2022-01-13 17:13:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཉེ་བའི་ལོ་ཤས་རིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་ཞིག་ཏུ་བརྩིས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ།
  ཀླུ་ཆུ་རྫོང་གིས་ཆེས་མཛེས་པའི་གཞུང་ལམ། ཆེས་མཛེས་པའི་ཆུ་ལམ། ཆེས་མཛེས་པའི་མཚེའུ། ཆེས་མཛེས་པའི་ནགས་ཚལ་དང་ཆེས་མཛེས་པའི་ཞིང་ཁ་བཅས་འཛུགས་སྐྲུན་བྱ་རྒྱུར་དམིགས་ནས། རྩྭ་ཕྱུགས་དོ་སྙོམས་དང་། བརླན་ས་སྲུང་སྐྱོང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། རྩྭ་ཐང་བྱེ་འགྱུར་བཅོས་སྐྱོང་། གཞུང་ལམ་ལམ་བརྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་བྱ་བ་ཏན་ཏིག་སྤེལ་བ་དང་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་སྣ་ཚོགས་སྒྲིག་བཅོས་མཐར་ཕྱིན་བྱས་ནས་བློ་བརྟན་འགྱུར་མེད་སྒོས་ཁོངས་ཡོངས་སུ་ཡུལ་སྐོར་གྱི་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་པའི་བྱ་འགུལ་སྤེལ་བ་དང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་བཏང་ནས“ཁོངས་ཡོངས་སུ་གད་སྙིགས་མེད་པ་དང་། ཁོངས་ཡོངས་སུ་རྫས་ལུད་མེད་པ། ཁོངས་ཡོངས་སུ་སྤྱི་གནོད་པའི”དམིགས་འབེན་སྔོན་ལ་མངོན་འགྱུར་བྱུང་།
    མ་དངུལ་སྒོར་དུང་ཕྱུར1.4བཏང་ནས་ཀླུ་ཆུའི་བཞུར་རྒྱུད་ཀྱི་ཀླུ་ཆུའི་དུམ་ཚན་གྱི་ཕྱོགས་བསྡུས་བཅོས་སྐྱོང་། ཆུ་མགོ་སྲུང་སྐྱོང་། ཆུ་བོ་འབྲིང་ཆུང་སྒྲིག་བཅོས། སྡེ་བ་སྲུང་སྐྱོང་དང་ཞིང་ནང་གི་ཆུ་རགས་སྲུང་སྐྱོང་སོགས་ཀྱི་ལས་གཞི་ལག་བསྟར་བྱས། མ་དངུལ་སྒོར་དུང་ཕྱུར2.5བཏང་ནས་སྐྱེ་ཁམས་ཁོར་ཡུག་ཉམས་གསོའི་ལས་གཞི་ལག་བསྟར་བྱས་ནས་རྩྭ་ཐང་གི་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1.78དོན་འཁྱོལ་བྱས་པ་དང་། རྨོ་བསྐྱུར་ནགས་གསོ་དང་རི་རྒོད་ནགས་སྐྲུན་མུའུ་ཁྲི1.6གི་ལས་འགན་ལེགས་གྲུབ་བྱུང་བ་དང་རང་བྱུང་ནགས་དོ་དམ་དང་སྲུང་སྐྱོང་མུའུ་ཁྲི72བྱས། ཕྱུགས་བཀག་པའི་རྩྭ་ཐང་མུའུ་ཁྲི85དང་། ཤིང་ནགས་མུའུ་ཁྲི5གསར་དུ་བཙུགས། ཞན་འགྱུར་རྩྭ་ཐང་མུའུ་ཁྲི20བཅོས་སྐྱོང་བྱས་པ་དང་། མ་དངུལ་སྒོར་ཁྲི800བཏང་ནས་ཆུའི་མགོ་ཁུངས་སྲུང་སྐྱོང་ལས་གཞི13བསྐྲུན་པ་དང་། བཙོག་ཆུའི་སྦུག་ལམ་སྤྱི་ལེ48ཆ་ཚང་ཉམས་གསོ་དང་སྒྱུར་བཀོད་བྱས། རི་གྲོང་ཁུལ་གྱི་བཙོག་ཆུ་བསྡུ་ལེན་བྱེད་ཚད་དང་གཙང་བཅོས་བྱེད་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད། རྡོ་སོལ་གཏེར་ཁ་དང་གསེར་གྱི་གཏེར་ཁ་ཚང་མ་སྒོ་བརྒྱབ་ནས་མཇུག་གི་གཏེར་ཤུལ་སླར་གསོ་བཅོས་སྐྱོང་གི་ལས་གཞི་ལག་བསྟར་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་རྐྱེན་ཐེབས་པའི་ཚོང་འགུག་དངུལ་འདྲེན་གྱི་ཁེ་ལས་མཚམས་བཞག་པ་དང་། ཤོག་སྤག་བཀད་མི་ཆོག་པ་དང“བཞིའི”འབར་མི་ཆོག་པ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་རྡོ་སོལ་ཁྲོ་ཐབ་ཚང་མ་སྒྱུར་བཀོད་བྱས། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས། ནགས་ཚལ་དང་རྩྭ་ཐང་དཔོན་པོ་ལམ་ལུགས་བཅས་རིམ་པ་དབྱེ་ནས་དོན་འཁྱོལ་བྱས། རིམ་པ་དབྱེ་ནས་གཙང་བོ་དང་ནགས་ཚལ། རྩྭ་ཐང་བཅས་ལ་སྐོར་ཞིབ་བྱེད་སྐབས་ཤེས་རྟོགས་བྱུང་བའི་གནད་དོན་སྣ་ཚོགས་སྒྲིག་བཅོས་དང་ཨང་རྟགས་མེད་པར་བཟོ་རྒྱུ་ཡིན། ནུས་ཤུགས་ཡོད་རྒུས་ཚད་ལས་བརྒལ་བའི་ཕྱུགས་རིགས་ལུག་གི་རྩིས་གཞི་བྱས་ན་ཁ་གྲངས་ཁྲི25ལྷག་ཉུང་དུ་བཏང་བ་དང་རྩྭ་ཐང་ལ་བསྟུན་པར་བྱས་ནས་ཕྱུགས་གྲངས་གཏན་ཁེལ་བྱས་པ་དང་། རྩྭ་ཕྱུགས་དོ་སྙོམས་ངང་ཤོང་ཚད་ལས་བརྒལ་བ་ཉུང་དུ་བཏང་བའི་ལས་འགན་ཀྱི107%ལེགས་གྲུབ་བྱས་ཡོད། དཔོན་སྐོར་ཁོག་གྱི་བྱེ་ར5བཤིག མ་དངུལ་སྒོར་ཁྲི813བཏང་ནས་ཐོན་སྐྱེད་སྒྲིག་ཆས་སྣ་ཚོགས125བཤིག་པ་དང་། ས་སླར་གསོ་མུའུ720.6དང་། རྩྭ་སོན་རྒྱ་མ7400གཏོར་བ་དང་། ཕྱུགས་རྩྭའི་སྐྱེ་ཚུལ་ཡག་པོ་ལྡན་པས་སྐྱེ་ཁམས་སྔོ་ཁེབས་སླར་གསོ་བྱེད་བཞིན་ཡོད། རྒྱལ་ཁོངས་བར་སྟོང་ལྗང་འགྱུར་མུ་མཐུད་ལག་བསྟར་བྱས་ཏེ་ལོ་རེའི་སྟོན་དཔྱིད་སྐབས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ནས་རི་རྒོད་ལྗང་འགྱུར་གྱི་ནགས་བཟོའི་བྱ་བ་སྤེལ་བ་དང་རྗེས་མཐུད་ཀྱི་དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་ཁྱོན་ཆེན་པོས་བཙུགས་པའི་ས་མཐོའི་གསོམ་སྡོང་སྐྱེ་འཚར་ཡག་པོ་ཡོད་པ་དང་རྩྭ་ཐང་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་རྫོང་ཁོངས་ལྗང་ཁེབས་ཁྱབ་ཚད85%ཡན་ཟིན་གྱི་ཡོད།
  2021ལོའི་ཟླ6པའི་ཚེས9ཉིན་ལ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་ཀླུ་ཆུའི་ས་ཁོངས་སུ་གངས་གཟིག་འཚོ་སྡོད་ཀྱི་གནས་ཚུལ་གྱི་གསར་འཕྲིན་སྤེལ་བ་དང་། 2021ལོའི་ཟླ 9ཚེས 22ཉིན་ལ། མཚོ་ཉིན་མཚེའུ་འགྲམ་དུ་གཙོད་གླང་ཞིག་གིས་ཆུ་འཐུང་བ་དང་ཆུ་ལ་རྐྱལ་བའི་བརྙན་ཞིག་བཏང་བ་དེས་སྲོག་ཆགས་མང་བོ་ཞིག་འཚོ་སྡོད་བྱེད་བཞིན་པས་ཀླུ་ཆུ་རྫོང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་ཡོད་པ་མཚོན།།
རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།