中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། གཙོས་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ།
དུས་ཚོད།2022-01-13 17:19:45     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  ཉེ་བའི་ལོ་ལྔའི་རིང་ལ། གཙོས་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ནས“གནོད་མེད་ལྔ་ཡི་ཀན་ལྷོ”གཏོད་པའི་བྱ་བ་བསྒྲུབས་པ་དང་། “གནམ་སྔོན་པོ་དང་ཆུ་དྭངས་མོ། ས་དག་གཙང”བཅས་ཀྱི་སྲུང་སྐྱོང་འཐབ་མོ་ལེགས་པར་བརྒྱབ་ནས་ཆུ་བཅོས་དང་རླུང་བཅོས། ས་བཅོས། སྙིགས་བཅོས་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། རིམ་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར 1.3བཏང་སྟེ་རྡོ་སོལ་སོལ་རླངས་སུ་བསྒྱུར་བ་དང་། རྡོ་སོལ་གློག་ལ་བསྒྱུར་བ། རྡུལ་སེལ་སྒྱུར་བཀོད་སོགས་ཀྱི་ལས་གཞིར་སྐུལ་འདེད་བཏང་ནས། མཁའ་རླུང་གི་སྤུས་ཚད་ལོ་ལྔའི་རིང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་བོར་བསླེབས།
  ཆུ(མཚེའུ)དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཅིག་བསྡུས་ཀྱིས་ཆུ་ལམ་གྱི“བཙོག་བཞི”གྲལ་བཤེར་དང་སྒྲིག་བཅོས་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར 1.65བཏང་ནས་བསང་ཆུའི་ཆུ་མགོ་དང་འགག་ཆུ། སྟག་ཆུ་བཅས་བཞུར་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། ཀླུ་ཆུའི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་དང་བབ་བསྟུན་ཆུ་ཁུངས་ཀྱི་ཆུ་མཁོ་འདོན་སོགས་ལས་གཞི་ལག་བསྟར་བྱས་པས། ཁུལ་ཡོངས་ཀྱི་ཆུའི་ཁོར་ཡུག་གི་སྤུས་ཚད་ནུས་ལྡན་ངང་ཇེ་ལེགས་སུ་སོང་ཡོད། ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་ཐིག་ནན་སྲུང་དང་། སྟག་ལུང་ཁོག་གི་བདག་མེད་གཏེར་ཁུལ་གྱི་ས་རྒྱུའི་སྦགས་བཙོག་གི་ཉེན་ཁ་དོ་དམ་དང་ཚོད་འཛིན་གྱི་ལས་གཞི་བསྐྲུན་ནས་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལ་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་བྱས། མ་དངུལ་སྒོར་དུང་ཕྱུར 1.9བཏང་ནས་རི་རྒྱ་ནགས་གསོ་དང་སྡོང་འཛུགས་ནགས་གསོ། ཕྱུགས་བསྐྱུར་རྩྭ་གསོ་སོགས་སྐྱེ་ཁམས་ལས་གྲྭ་ལག་ལེན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར 1.7བཏང་ནས་གཏེར་རི 13གྱི་སྐྱེ་ཁམས་སླར་གསོ་དང་སྒྲིག་བཅོས་བྱས་པ་དང་། རྩྭ་ཐང་བྱ་དགའ་དང་ཁ་གསབ་མ་དངུལ་སྒོར་དུང་ཕྱུར 1.67དོན་འཁྱོལ་བྱས་ཤིང་། ནགས་ཚལ་ཁྱབ་ཚད་དང་གྲོང་ཁུལ་ལྗང་བསྒྱུར་ཚད། རྩྭ་ཐང་སྔོ་ཤུན་ཁེབས་ཚད་སོ་སོ 5.82%དང་། 38.7%དང 97%བཅས་ཟིན།
  ཁུལ་ཡོངས་སུ་གྲོང་ཁྱེར་དང་ཞིང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་སྔོན་ལ་སྤེལ་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་ཀྱི་ལོ་གསུམ་བྱ་འགུལ་དང་། “གནོད་མེད་ལྔ་ཡི་ཀན་ལྷོ”དང “བཅུ་ཡོད་གཞིས་ཁྱིམ”གཏོད་པའི་བྱ་འགུལ་སོགས་ཀྱི་བྱ་བ་སྐས་རིམ་བཞིན་བསྒྲུབས་པ་དང་། རྒྱལ་ཡོངས་གྲོང་སྡེའི་གཙང་སྦྲའི་བྱ་འགུལ་ཡུལ་དངོས་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་བཅོས་སྐྱོང་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུ་གཙོས་སུ་ཚོགས་ཤིང་། ནམ་མཁའ་སྔོ་བསྒྱུར་དང་རྩྭ་ཐང་ལྗང་བསྒྱུར། རི་རྒྱུད་སྔོ་འཕེལ། གཙང་བོ་དང་ཆུ་བོ་ཇེ་ཆེར་འགྲོ་བ་བཅས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་རི་མོ་དེ་གཙོས་གྲོང་གི་ས་གཞི་ཆེན་མོར་གསལ་བོར་མངོན།།
རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།