中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་བྱ་བའི་བཀོད་གཏོང་ཚོགས་འདུ་གཙོས་སུ་ཚོགས།
དུས་ཚོད།2022-01-13 17:21:52     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  ཟླ 1པའི་ཚེས 6ཉིན་ལ། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་བྱ་བའི་བཀོད་གཏོང་ཚོགས་འདུ་གཙོས་སུ་ཚོགས།
  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་ཅའོ་ཝེ་ཀྲུང་གྲོས་ཚོགས་སུ་ཞུགས།
  ཁུལ་དཔོན་གཞོན་པ་ཀྲང་ཀྲེང་ནེང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
  གྲོས་ཚོགས་སུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་བས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཟླ1པའི་ཚེས6ཉིན་ལ། ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་བྱ་བའི་བཀོད་གཏོང་ཚོགས་འདུ་གཙོས་སུ་ཚོགས།
  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཐེ་བོ་རྫོང་ཨུའི་ཧྲུའུ་ཅི་ཅའོ་ཝེ་ཀྲུང་གྲོས་ཚོགས་སུ་ཞུགས།
  ཁུལ་དཔོན་གཞོན་པ་ཀྲང་ཀྲེང་ནེང་གིས་གྲོས་ཚོགས་ཀྱི་གཙོ་འགན་ཁུར།
གྲོས་ཚོགས་སུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་བས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། བསང་ཆུ་རྫོང་དང་རྨ་ཆུ་རྫོང་གི་འགན་ཁུར་བས་བསམ་ཚུལ་སྤེལ་རེས་ཀྱི་གཏམ་བཤད།
  དབྱང་ཅུན་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གི་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དམ་འཛིན་ལེགས་པོ་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། ཀན་སུའུ་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རང་རྟོགས་ངང་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་དང་མ་མཐའི་མཚམས་ཐིག་རང་བཞིན་ཆེ་ཤོས་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱ་དགོས། རིམ་པ་སོ་སོའི་སྡེ་ཁག་གི་སྒྲིག་བཅོས་དམིགས་འབེན་མི་འགྱུར་བ་དང་བྱ་ཐབས་ལ་འགྱུར་ལྡོག་མི་གཏོང་བ། དུས་མཚམས་ལ་འགྱུར་བ་མི་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། “རྩིས་ཁྲ་བཟོ་བ་དང་འགན་འཁྲི་གསལ་བོ་བྱེད་པ། སྒྲུབ་སྐུལ་དོན་འཁྱོལ་བྱེད་པ། སྒྲུབ་གཉེར་ཨང་གྲངས་སུབ་པ”བཅས་ཀྱི་སྒོ་རྒྱག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྒྲིག་བཅོས་ཇུས་གཞི་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། སྒྲིག་བཅོས་བྱ་ཐབས་ཞིབ་ཕྲ་བཟོ་བ། སྒྲིག་བཅོས་གོ་རིམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྒྲིག་བཅོས་བྱ་དགོས་པའི་རིགས་ལ་སྒྲིག་བཅོས་བྱེད་པ་དང་། མེད་པར་བཟོ་དགོས་པ་མེད་པར་བཟོ་དགོས། རྫོང་སོ་སོ་དང་གྲོང་ཁྱེར་གྱིས་དག་ཐེར་ཡོ་བསྲང་བྱ་བའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ། མཁྲེགས་གཏོར་དཀའ་སེལ་གྱི་ཆོད་སེམས་དང་དངོས་སུ་དམ་འཛིན་དང་དངོས་སུ་ལེགས་བཅོས་ཀྱི་རྣམ་འགྱུར། བློ་ཐག་ཆོད་པོས་བྱ་སྤྱོད་ནུས་ལྡན་བཅས་ཀྱི་ཐོག་ནས་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱས་ཏེ། དག་ཐེར་ཡོ་བསྲང་གི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ལས་འགན་མི་རེར་དངོས་སུ་སྤྲོད་པ་ཁག་ཐེག་བྱ་དགོས། དག་ཐེར་ཡོ་བསྲང་གི་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་དང་སྒྲིག་ལམ་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ། རེ་རེ་བཞིན་དོན་འཁྱོལ་དམ་འཛིན། རེ་རེ་བཞིན་དག་ཐེར་ཡོ་བསྲང་དམ་འཛིན། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཤུགས་ཆེ་བ། ལས་སྒྲུབ་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བྱ་བའི་བྱ་ཐབས་དག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱིར་ལྡོག་གནད་དོན་སྣ་ཚོགས་མཐའ་གཅིག་ཏུ་དག་ཐེར་ཡོ་བསྲང་དང་ཁྱོན་ཡོངས་ནས་ལེགས་བཅོས། དག་ཐེར་ཡོ་བསྲང་མཐར་ཕྱིན་བཅས་བྱེད་པར་འགན་ལེན་བྱ་དགོས་ཞེས་བསྟན།།ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་སྒྲིག་བཅོས་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། བསང་ཆུ་རྫོང་དང་རྨ་ཆུ་རྫོང་གི་འགན་ཁུར་བས་བསམ་ཚུལ་སྤེལ་རེས་ཀྱི་གཏམ་བཤད།
  དབྱང་ཅུན་གྱིས་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་གི་བསམ་བློ་དང་བྱ་སྤྱོད་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁོར་ཡུག་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དམ་འཛིན་ལེགས་པོ་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། ཀན་སུའུ་ལ་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། རང་རྟོགས་ངང་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་རྨང་གཞིའི་རང་བཞིན་དང་མ་མཐའི་མཚམས་ཐིག་རང་བཞིན་ཆེ་ཤོས་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱ་དགོས། རིམ་པ་སོ་སོའི་སྡེ་ཁག་གི་སྒྲིག་བཅོས་དམིགས་འབེན་མི་འགྱུར་བ་དང་བྱ་ཐབས་ལ་འགྱུར་ལྡོག་མི་གཏོང་བ། དུས་མཚམས་ལ་འགྱུར་བ་མི་གཏོང་བ་བཅས་ཀྱི་བླང་བྱ་གཞིར་བཟུང་ནས། “རྩིས་ཁྲ་བཟོ་བ་དང་འགན་འཁྲི་གསལ་བོ་བྱེད་པ། སྒྲུབ་སྐུལ་དོན་འཁྱོལ་བྱེད་པ། སྒྲུབ་གཉེར་ཨང་གྲངས་སུབ་པ”བཅས་ཀྱི་སྒོ་རྒྱག་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ་སྒྲིག་བཅོས་ཇུས་གཞི་སྔར་བས་ཇེ་ལེགས་སུ་གཏོང་བ་དང་། སྒྲིག་བཅོས་བྱ་ཐབས་ཞིབ་ཕྲ་བཟོ་བ། སྒྲིག་བཅོས་གོ་རིམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྒྲིག་བཅོས་བྱ་དགོས་པའི་རིགས་ལ་སྒྲིག་བཅོས་བྱེད་པ་དང་། མེད་པར་བཟོ་དགོས་པ་མེད་པར་བཟོ་དགོས། རྫོང་སོ་སོ་དང་གྲོང་ཁྱེར་གྱིས་དག་ཐེར་ཡོ་བསྲང་བྱ་བའི་འགན་འཁྲི་ཏན་ཏིག་འཁུར་བ་དང་། “ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དོན་འཁྱོལ། མཁྲེགས་གཏོར་དཀའ་སེལ་གྱི་ཆོད་སེམས་དང་དངོས་སུ་དམ་འཛིན་དང་དངོས་སུ་ལེགས་བཅོས་ཀྱི་རྣམ་འགྱུར། བློ་ཐག་ཆོད་པོས་བྱ་སྤྱོད་ནུས་ལྡན་བཅས་ཀྱི་ཐོག་ནས་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱས་ཏེ། དག་ཐེར་ཡོ་བསྲང་གི་ལས་འགན་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ལས་འགན་མི་རེར་དངོས་སུ་སྤྲོད་པ་ཁག་ཐེག་བྱ་དགོས། དག་ཐེར་ཡོ་བསྲང་གི་བྱ་བར་ལྟ་སྐུལ་དང་ཞིབ་བཤེར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་དང་སྒྲིག་ལམ་ལག་བསྟར་བྱེད་ཤུགས་ཇེ་ཆེར་གཏོང་བ། རེ་རེ་བཞིན་དོན་འཁྱོལ་དམ་འཛིན། རེ་རེ་བཞིན་དག་ཐེར་ཡོ་བསྲང་དམ་འཛིན། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་ཤུགས་ཆེ་བ། ལས་སྒྲུབ་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་བྱ་བའི་བྱ་ཐབས་དག་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཕྱིར་ལྡོག་གནད་དོན་སྣ་ཚོགས་མཐའ་གཅིག་ཏུ་དག་ཐེར་ཡོ་བསྲང་དང་ཁྱོན་ཡོངས་ནས་ལེགས་བཅོས། དག་ཐེར་ཡོ་བསྲང་མཐར་ཕྱིན་བཅས་བྱེད་པར་འགན་ལེན་བྱ་དགོས་ཞེས་བསྟན།།
རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།