中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།། ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་དང་ཀླུ་ཆུ་རྫོང་དུ་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས་པ།
དུས་ཚོད།2022-01-13 17:24:47     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
  ཟླ1པའི་ཚེས7ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་རི་ཆུ་ནགས་གསུམ། ས་ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་དར་མ་ལག་བཅོས་སྐྱོང་། རྩྭ་ཕྱུགས་དོ་མཉམ། དམངས་འཚོ་ལེགས་བཅོས། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། “གསར་གསུམ་མཐོ་གཅིག་སྐུལ་གཅིག”གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀན་ལྷོའི་རྨ་ཆུའི་འབབ་རྒྱུད་ཀྱི་གོ་གནས་གལ་ཆེན་དང་ཐུན་མོང་མ་ཡིན་པའི་ནུས་པ་གཞིར་བཟུང་ནས་སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་བ། སྟོད་རྒྱུད་ཀྱི་བྱས་རྗེས་མཚོན་པ་བཅས་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུ་ཤེས་ལག་ལེན་བྱས་ཏེ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་ཆུ་ཚད་དེ་བས་མཐོ་བའི་ཁོར་ཡུག་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཆེས་གཟབ་ནན་དང་ཚད་གཞི་ཡིས་རྩྭ་ཕྱུགས་དོ་སྙོམས་གནད་དུ་ཁེལ་བ་དོན་འཁྱོལ་བྱེད་པ། ཀན་ལྷོའི་ཐེག་ཁུར་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ། འཛམ་གླིང་ལ་ཕྱོགས་པའི་མིག་རྒྱང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་སྟངས་གསར་བ་གཏོད་པ་བཅས་བྱས་ནས་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས་ཞེས་ནན་གྱིས་བསྟན།ཟླ1པའི་ཚེས7ཉིན་ལ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང་དུ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་རི་ཆུ་ནགས་གསུམ། ས་ཞིང་དང་མཚེའུ། རྩྭ་ཐང་དང་བྱེ་དར་མ་ལག་བཅོས་སྐྱོང་། རྩྭ་ཕྱུགས་དོ་མཉམ། དམངས་འཚོ་ལེགས་བཅོས། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་གཏོང་བ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་དང་མཛུབ་སྟོན་བྱས། ཁོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ། “གསར་གསུམ་མཐོ་གཅིག་སྐུལ་གཅིག”གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀན་ལྷོའི་རྨ་ཆུའི་འབབ་རྒྱུད་ཀྱི་གོ་གནས་གལ་ཆེན་དང་ཐུན་མོང་མ་ཡིན་པའི་ནུས་པ་གཞིར་བཟུང་ནས་སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་བ། སྟོད་རྒྱུད་ཀྱི་བྱས་རྗེས་མཚོན་པ་བཅས་བྱས་ནས་སྐྱེ་ཁམས་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འདུ་ཤེས་ལག་ལེན་བྱས་ཏེ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་ཆུ་ཚད་དེ་བས་མཐོ་བའི་ཁོར་ཡུག་གསར་བརྗེར་སྐུལ་འདེད་གཏོང་བ་དང་། ཆེས་གཟབ་ནན་དང་ཚད་གཞི་ཡིས་རྩྭ་ཕྱུགས་དོ་སྙོམས་གནད་དུ་ཁེལ་བ་དོན་འཁྱོལ་བྱེད་པ། ཀན་ལྷོའི་ཐེག་ཁུར་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་གཏོང་བ། འཛམ་གླིང་ལ་ཕྱོགས་པའི་མིག་རྒྱང་གིས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཕེལ་སྟངས་གསར་བ་གཏོད་པ་བཅས་བྱས་ནས་རྨ་ཆུ་བཞུར་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་དགོས་ཞེས་ནན་གྱིས་བསྟན།
  ཡུས་ཁྲིན་ཧུའེ་སྔ་རྗེས་སུ་རྨ་ཆུ་རྫོང་དངུལ་རྭ་ཞོལ་མ་ཤང་གི་ཞིང་སྡེ་དར་རྒྱས་གཏོང་བའི་བྱ་བའི་ས་ཚུགས་དང་། དམངས་བདེ་ཞབས་ཞུའི་ལྟེ་གནས། གོང་བསྒྲིགས་སྡེ་བ། ཁར་སྐུ་སྡེ་བ་བཅས་སུ་སོང་བ་དང་། དངུལ་རྭ་གྲོང་རྡལ་ཁུ་ཆེན་ཡུལ་སྐོར་དཔེ་སྟོན་སྡེ་བ་དང་ཐོན་ལས་གླིང་ཁུལ། ལྗང་མདོག་ལུད་རྫས་ལས་སྣོན་ཚད་ཡོད་ཀུང་སི་སོགས་ནས་གཙོ་གནད་བྱ་བའི་སྙན་ཞུར་ཉན་པ་དང་། རྩྭ་ཕྱུགས་དོ་སྙོམས་དོན་འཁྱོལ་བྱས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་པ། རྩིས་ཁྲ་སྣ་ཚོགས་ཀྱི་དཔྱད་ཡིག་ལ་ལྟ་བ་བཅས་བྱས་པ་མ་ཟད། ཏང་ཡོན་རྒན་གྲས་ཁག་ཅིག་གི་ཁྱིམ་དུ་སོང་ནས་འཚམས་འདྲི་བྱས་པ་དང་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ལོ་སར་གྱི་འཚམས་འདྲི་ཞུས། གོང་བསྒྲིགས་སྡེ་བའི་ཏང་ཡོན་རྒན་གྲས་སྒྲོལ་མ་སྐྱབས་ཀྱི་ཁྱིམ་ནས་ཡུས་ཁྲིན་ཧུའེ་ཡིས་ཁྱིམ་ཚང་གི་གནས་ཚུལ་དྲིས་པ་དང་། མང་ཚོགས་ཀྱིས་ཏང་ཨུ་དང་སྲིད་གཞུང་གི་བྱ་བར་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་ཞིང་། རྩྭ་ཐང་གི་སྐྱེ་ཁམས་བྱ་དགའི་ཁ་གསབ་དཔྱད་གཞིའི་ཡིག་རིགས་ལ་བལྟས་པ་མ་ཟད་གཞི་གྲངས་ཉུང་གཏོང་ལ་ཞིབ་བསྡུར་བྱས།
  ཡུས་ཁྲིན་ཧུའེ་ཡིས་རྨ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དང་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་པའི་ཆ་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱག་ཀྱང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྨ་ཆུ་བཅོས་སྐྱོང་བྱེད་པར་སྲུང་སྐྱོང་”ཞེས་པའི་མཛུབ་སྟོན་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས་ལ། རི་ཆུ་ནགས་གསུམ་དང་ས་ཞིང་། མཚེའུ། རྩྭ་ཐང་དང་བྱེ་དར་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་ཆུ་ལམ་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ། ཆུ་གཟུགས་སྲུང་སྐྱོང་སོགས་ཀྱི་གཙོ་གནད་བྱ་བ་ལེགས་པར་བསྒྲུབས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བསྐྲུན་དགོས། རྩྭ་ཕྱུགས་དོ་མཉམ་དང་ཕྱུགས་འཕྲི་བྱ་བ་ལེགས་པར་བསྒྲུབ་རྒྱུ་དེ་སྐྱེ་ཁམས་སྲུང་སྐྱོང་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་པ་དང་། ཆབ་སྲིད་ཀྱི་ལངས་སྟེགས་སྔར་བས་ཇེ་མཐོར་བཏང་སྟེ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་བའི་ཐོག་ཤོང་ཚད་ལས་བརྒལ་བའི་ཕྱུགས་རིགས་ཉུང་གཏོང་གི་བྱ་བའི་འཕེལ་རིམ་དང་། ཕྱུགས་རིགས་བཤས་གཏོང་གི་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཁོང་དུ་ཆུད་པ་བྱས་ནས། རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་བའི་བྱ་ཐབས་དོན་འཁྱོལ་ཞིབ་ཚགས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་པོ་སྒོས་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བརྟན་པོ་འཁུར་དགོས་ཞེས་ནན་གྱིས་བསྟན། ཀླུ་ཆུ་རྫོང་གིས“སྤུས་ཀ་དག་པའི་ཀླུ་ཆུ་དག”གཏོད་རྒྱུ་དམིགས་འབེན་དུ་བཟུང་ནས་རྒྱལ་ལམ 213དེ་ཡུལ་སྐོར་བར་ཁྱམས་སུ་བསྐྲུན་པ་དང་། ཀ་ཤུལ་སྡེ་བའི“སྐྱེ་ཁམས་ཡུལ་སྐོར་བོད་ཀྱི་སྡེ་བ་དང་བོའི”ཕན་འབྲས་སྔར་བས་ཐོན་པ་བྱས་ཏེ“སྐོར་བྲོ་འགྲན་བསྡུར”མུ་མཐུད་དུ་སྤེལ་བ་དང“ཀྲུང་གོའི་སྐོར་བྲོ་ཕ་ས”ཡི་རིག་གནས་ཡུལ་སྐོར་སྤུས་རྟགས་སྔར་བས་གྲགས་སུ་བཅུག་སྟེ། ནུས་ཤུགས་ཡོད་རྒུས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་འབྲི་དགོས་ཞེས་ནན་གྱིས་བསྟན།
  ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལིའང་ཝུའེ་ཅི་དང་ཁུལ་དཔོན་གཞོན་པ་ཀྲང་ཀྲེང་ནེང་གིས་རྟོག་ཞིབ་བྱེད་པར་འགྲོ་རོགས་བྱས།།

རྩོམ་སྒྲིག་པ། གདུགས་དཀར་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།