中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > གསར་འགྱུར། > རང་ཁུལ་གསར་འགྱུར། >
༄༅།།སྐྱེ་ཁམས་སྲུང་སྐྱོང་དོན་འཁྱོལ་བྱེད་པའི་བྱ་འགུལ་སྤེལ་བ།
དུས་ཚོད།2022-04-29 18:23:46     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་བརྟན་པོར་འཛུགས།། རྨ་ཁུག་དང་པོ་ཡི་བཅོས་སྐྱོང་ཕྲག་ཏུ་འཁུར།།
ཀན་ལྷོ་ཁུལ་གྱིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བརྗོད་གཞི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་འགུལ་སྤེལ་བ། 
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཛུབ་སྟོན་བྱས་ཏེ། ཕྱོགས་ཡོངས་ནས“མཉམ་དུ་སྲུང་སྐྱོབ་ཆེན་པོ་དམ་འཛིན་དང་བཅོས་སྐྱོང་ཆེན་པོ་ལ་སྐུལ་འདེད་གཏོང་བའི”བླང་བྱ་དོན་འཁྱོལ་བྱེད་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གཙོ་བོའི་གསོ་སྐྱོང་ཁུལ་གྱི་འཐབ་ཇུས་གནས་བབ་ལ་རྐང་བཙུགས་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་དང་། དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་རྩ་ལག་མཉམ་བཅོས་ལ་མཐོང་ཆེན་བྱས་ཤིང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱིས་གོང་བུ་གཅིག་ཏུ་སྒྲིལ་ནས་ཕྱོགས་ཡོངས་ནས་སྐྱེ་ཁམས་བཅོས་སྐྱོང་དང་མཉམ་གསོའི་མཁྲེགས་གཏོར་བྱ་བ་ལེགས་པོ་སྒྲུབ་ནས། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤུགས་ཡོད་དགུས་ས་ཁོངས་ཡོངས་སུ་ལྗང་མདོག་ཡོད་པའི་གཞིས་ཁྱིམ་བསྐྲུན་དགོས་པའི་དགོངས་དོན་ལྟར། 
 
\
\
\
\  
    2022ལོའི་ཟླ4བའི་ཚེས28ཉིན་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་རིམ་པའི་རྒྱལ་ཁབ་ཀྱི་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཞིང་ཆེན་ལ་གཏོགས་པའི་ཀན་ལྷོར་བཅའ་སྡོད་བྱེད་པའི་ལས་ཁུངས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་བསྡོམས་པས་མི་ཁྲི1.5ལྷག་རྨ་ཆུ་རྫོང་རྨ་ཆུའི་ཟམ་ཆེན་གསར་བའི་ལྷོ་ངོགས་དང་བྱང་ངོགས་ཀྱི་དངུལ་རྭའི་ལམ་གྱི་སུམ་མདོ། དབལ་བན་ཚང་གི་བརླན་སའི་མཛེས་ལྗོངས་ཁུལ་བཅས་སའི་རྒྱ་ཁྱོན་མུའུ345.79ལྷག་ལོངས་པའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས  སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བརྗོད་གཞི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་འགུལ་ལ་ཞུགས།
 
\\
    ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་སྟེང་དུ་ཤིས་ཚིག་ཕུལ། ཡུས་ཁྲིན་ཧུའེ་ཡིས་ང་ཚོ་དཔྱིད་དཔལ་ལྷ་མོའི་གོམ་འགྲོས་དང་མཉམ་དུ་ཆེས་མཛེས་པའི་རྒྱལ་ལམ་བརྒྱུད་ནས། རྨ་ཆུའི་རྩྭ་ཐང་དུ་འཕྲད་པ་དང་མ་ཡུམ་ལྟ་བུའི་ཆུ་བོའི་འགྲམ་ནས་ལྷན་འཛོམས་བྱུང་། ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་བརྗོད་གཞི་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་འགུལ་སྤེལ་ཏེ། མི་རིགས་སོ་སོ་དང་ལས་རིགས་སོ་སོ། འཐབ་ཕྱོགས་སོ་སོར་རྩ་འཛུགས་བྱས་ནས་སེམས་ཤུགས་གཅིག་སྒྲིལ་གྱིས་རྨ་ཁུག་དང་པོར་སྲུང་སྐྱོང་བྱེད་པ་དང་། བརྩེ་སེམས་ཀྱིས་འཛམ་གླིང་ཆུ་མཛོད་གསོ་སྐྱོང་བྱེད་པར་སྐུལ་སློང་བཏང་། འདི་ནི་རི་དང་ཆུ། ནགས། ཞིང་ས། མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་སོགས་ལ་ཕྱོགས་བསྡུས་བདག་སྐྱོང་བྱེད་པའི་གསར་གཏོད་ཀྱི་ཐབས་ལམ་ལ་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་མ་ཟད། མདོ་དབུས་མཐོ་སྒང་གི་དེང་རབས་ཅན་གྱི་ལྗང་མདོག་འཛུགས་སྐྲུན་གྱི་སྔོན་བསྐྱོད་དཔེ་སྟོན་ཁུལ་གྱི་དངོས་དོན་གཉེར་བའི་བྱེད་ཐབས་ཇེ་མགྱོགས་སུ་གཏོང་བའང་ཡིན། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་དང་ངར་ཤུགས་ཇེ་ཆེར་འགྲོ་བར་སྐུལ་སློང་བྱེད་པའི་ལས་སྟེགས་ཀྱི་གཞི་རྟེན་ཡིན་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་གི་འཚོ་བར་བློ་ཁ་ཕྱོགས་པའི་བྱ་སྤྱོད་དངོས་ཀྱང་ཡིན་ཞེས་བཤད། ཡུས་ཁྲིན་ཧུའེ་ཡིས“བརྩེ་སེམས”རྨ་ཆུའི་འབྱུང་ཁུངས་སུ་གཏད་དེ། སྐྱེ་ཁམས་ཀྱི་སྲུང་ཡོལ་དེ་བདག་སྐྱོང་ཞིབ་ཚགས་བྱེད་པའི་ཁྲོད་དུ་རྔམ་བརྗིད་ལྡན་དགོས། “སེམས་པ”དྭངས་ཤིང་གཙང་བའི་ཆུ་བོ་ལ་གཏད་དེ། སྐྱེ་ཁམས་ཁོར་ཡུག་དེ་མ་ལག་བདག་སྐྱོང་ཁྲོད་དུ་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས། “གཅེས་སེམས”རྨ་ཆུའི་བཞུར་རྒྱུད་དུ་གཏོར་ནས། སྐྱེ་ཁམས་ཀྱི་ཁེ་འབབ་ལྗང་མདོག་གི་འཕེལ་རྒྱས་ཀྱི་ཁྲོད་ནས་ཁྱོན་ཡོངས་སུ་མངོན་པར་བྱ་དགོས། “ཕུགས་འདུན”གྱིས་འཛམ་གླིང་ཆུ་མཛོད་ལ་བསྐོར་ནས་སྐྱེ་ཁམས་ཀྱི་བདེ་སྐྱིད་མཉམ་སྐྲུན་མཉམ་སྤྱོད་ཀྱི་ཁྲོད་ནས་མི་རབས་ནས་མི་རབས་བར་ཕན་པ་བསྐྲུན་དགོས་བཅས་ཕྱོགས་བཞི་ནས་གཏམ་བཤད་བྱས།

\\
    བྱ་འགུལ་ཁྲོད། འཕྲུལ་ཆས་སྒྲིག་ཆས་དང་མིའི་ཐབས་བརྒྱུད་ནས་ས་དོང་རུབ་པ་དང་ས་ངོས་སྙོམས་པོ་གཏོང་བ། འཕྲུལ་ཆས་ཀྱིས་ས་ངོས་སྙོམ་པོར་བཏང་སྟེ་རྩྭའི་ས་བོན་འདེབས་པ་དང་། ཆུ་ལམ་དང་མཛེས་ལྗོངས་ཁུལ་གྱི་གཞུང་ལམ་ལམ་ཐིག་གི་གཟར་ངོས་བཟོ་བཅོས་བྱེད་པ། ཆུ་གཏོར་ནས་བརླན་འཛིན་དུ་བཅུག་པ།  མཐོ་སྒང་གི་ལྕང་མ་སོགས་ལྗོན་ཤིང་འདེབས་འཛུགས་དང་རྩྭའི་ས་བོན་བཏབ་ནས་རྩྭ་ས་ཞན་འགྱུར་བཅོས་སྐྱོང་དང་། གཞུང་ལམ་དང་འབྲོག་ལམ་འགྲམ་གཉིས་ཀྱི་ལྕགས་ར་རྙིང་བ་དང་ལྕགས་དྲ།   ཨར་འདམ་གྱི་ཕུར་བ་ཚང་མ་མེད་པར་བཏང་བ་དང་། མཛེས་ལྗོངས་ཁུལ་ཉེ་འཁོར་དུ་ཐར་ཐོར་དུ་ལྷུང་ཡོད་པའི་འཚོ་བའི་གད་སྙིགས་དང་གང་བྱུང་དུ་སྤུངས་པའི་འཛུགས་སྐྲུན་རྒྱུ་ཆ་གཙང་སེལ་བྱས་པ་མ་ཟད། གང་འདོད་དུ་བསྐྲུན་པའི་གནས་སྐབས་ཀྱི་འཛུགས་སྐྲུན་དང་མཁར་ཤུལ་མཁར་རོ་སོགས་བཤིག་ནས་གཙང་འདྲེན་བྱས། འདམ་ར་དང་ཆུ་ལམ་ཆུ་ཁོངས། ཆུའི་འགྲམ་རྒྱུད་ཀྱི་འཚོ་བའི་གད་སྙིགས་དང་སྙིགས་རྫས་སོགས་གཙང་སེལ་བྱས་ཏེ། ཆུ་ཁོངས་འགྲམ་གཉིས་སུ་གད་སྙིགས་མེད་པ་མངོན་འགྱུར་བྱུང་། 

\\
    ཉིན་དེར་རྫོང་དང་གྲོང་ཁྱེར་སོ་སོས་སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། རི་དང་ཆུ། ནགས། ཞིང་ས། མཚོ་དང་མཚེའུ། རྩྭ་ཐང་། བྱེ་ཐང་བཅས་ཕྱོགས་ཡོངས་ནས་སྲུང་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་བྱ་འགུལ་སྤེལ།  ཁུལ་ཡོངས་སུ་བསྡོམས་པས་མི་ཁྲི་བཅུ་ལྷག་ཐེངས་འདིའི་བྱ་འགུལ་ལ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།