དེ་རིང་སྔ་དྲོར། ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི“ཏང་གཅེས་རྒྱལ་བཟང་ཁྲིམས་ཆེ་ཕ་ཡུལ་མཛེས”ཞེས་པའི་སློབ་གསོ་ལག་ལེན་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་བསང་ཆུ་རྫོང་ནས་སྤེལ་འགོ་ཚུགས་པ་དང་། ལྟ་སྦྱོང་ཚོགས་པ་སྔ་རྗེས་སུ་བསང་ཆུ་དང་ཀླུ་ཆུ། རྨ་ཆུ་བཅས་སུ་འགྲོ་རྒྱུ་རེད།
ཐེངས་འདིའི་ལྟ་སྦྱོང་བྱ་འགུལ་གྱིས་ཁུལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རིག་གནས་ཡུལ་སྐོར་གྱི“གཅིག་བཅུ་བརྒྱ་སྟོང་ཁྲི་ཡི་ལས་གཞི” “གནོད་མེད་ལྔའི་ཀན་ལྷོ”གསར་གཏོད་དང“བཅུ་ཡོད་གཞིས་ཁྱིམ”གསར་འཛུགས། “8+”གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྐྱེན་སྲོལ་སྐུལ་སྤེལ་གཏོང་བའི་གནས་ཚུལ་དང་ཁྲིམས་ལྟར་དགོན་སྡེ་དོ་དམ་བྱེད་པ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་བྱེད་པ། ཆོས་ལུགས་སྡེ་ཁག་གི་བསྲི་ཚགས་གོང་བཀུར་དང་རྒྱས་སྤྲོས་ཀྱི་སློབ་གསོའི་བྱེད་སྒོ་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱས་ཏེ། ཆོས་ལུགས་ལས་རིགས་ལ་ཉེ་བའི་ལོ་འགའི་རིང་གི་ཁུལ་ཡོངས་ཀྱིས་བཅོས་བསྒྱུར་འཕེལ་རྒྱས་བརྟན་པོའི་སྒོས་ཕྱོགས་སོ་སོའི་བྱ་བར་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ་དང་། དེ་བཞིན་དུ་ཁུལ་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག མི་རིགས་ཁག་གི་བུ་དང་བུ་མོ་ཚོས་རྡོག་རྩ་གཅིག་སྒྲིལ་ངང་མཛེས་སྡུག་ལྡན་པའི་གཞིས་ཁྱིམ་བསྐྲུན་པའི་ཚ་ཚ་འུར་འུར་གྱི་ལག་ལེན་དེར་སྔར་བས་གཏིང་ཟབ་པའི་སྒོ་ནས་མྱོང་རོལ་བྱེད་དུ་བཅུག
ཁུལ་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་མི་སྣའི་འཐུས་ཚབ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ། དགེ་རྒན་གྱི་འཐུས་ཚབ། རྫོང་དང་གྲོང་ཁྱེར་སོ་སོའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་ཁུར་མི་སྣ་བཅས་མི300ལྷག་ཉིན4ཡི་རིང་ལ་ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར8ཀྱི་ལྟ་སྦྱོང་ལྟེ་གནས20ལྷག་ལ་སོང་ནས་ཡུལ་དངོས་སུ་ལྟ་སྦྱོང་བྱ་རྒྱུ་ཡིན་པ་དང་། དེ་ལྟར་ཁུལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ནང་རྐྱེན་སྒུལ་ཤུགས་ལ་སྐུལ་སློང་བཏང་སྟེ། བསྡུར་སློབ་སྙེག་བརྒལ་གྱི་རྣམ་པ་ཟབ་མོ་ཆགས་པར་འཇུག་རྒྱུ་རེད།།
(གསར་འགོད་པ་བྲག་དཀར་ཚེ་རིང་དང་པདྨ་འཚོ་ཡིས།)
རྩོམ་སྒྲིག་པ། པདྨ་འཚོ།
|